尊敬的家长朋友:
您好! 寒假即将开始,为进一步加强家校合作、延续学校教育,营造良好的育人家庭环境,请您配合学校,在假期做好孩子的指导教育,让孩子度过一个快乐、吉祥、有意义的寒假。在此,我们特友情提示您以下事项:
一、交通安全
1、自觉遵守交通规则,不在公路上跑闹、玩耍。
2、横穿公路要走斑马线(人行横道),不得随意横穿,不逆行。
3、学生不得擅自骑自行车,摩托车,共享单车等交通工具。
4、遵守公共秩序,排队等车,车未停稳不得靠近车辆,上下车时不拥挤。
5、文明乘车,乘车时要系好安全带或抓牢扶手。
二、用电安全
1、要在家长的指导下逐步学会使用家用电器。
2、不要乱动、乱接电线、灯头、插座等。
3、不要在标有“高压危险”的地方玩耍。三、防火安全事宜
1、严禁玩火,不得携带火种,发现火灾不得逞能上前扑火,要及时报告大人或报警(火警119)。
2、小心、安全使用煤气、液化气灶具等,睡觉前要检查煤气阀门是否关好,防止煤气中毒。
3、燃放烟花爆竹时一定要注意安全,最好做到不放或在家长的导下燃放。
四、防寒防冻
1、注意防寒保暖。适时增加衣服、穿好棉衣裤、棉鞋,戴好手套、帽子、围巾,防止冻坏身体、冻伤手脚,防止感冒。
2、注意防滑。禁止在结冰的路边上滑冰,以防摔伤事故发生。不要到河边、水库、水井等危险的地方玩耍、滑冰等,以防冰层破裂,造成冬季溺水事故发生。
五、注意饮食安全
1、自觉养成良好的个人卫生习惯,饭前便后勤洗手,防止传染病的发生。
2、购买有包装的食品时,要看清商标、生产日期、保质期等,“三无”食品、过期食品一定不要购买食用。
3、生吃瓜果要注意洗干净后才可食用,不吃腐烂、变质的瓜果。严禁吸烟、喝酒。
4、不暴饮暴食,做好个人卫生及居家卫生,积极参加体育锻炼,增强体质,预防传染病的侵袭。
六、积极锻炼、强身健体。您在百忙之余,请督促孩子坚持体育锻炼,加强体育运动,增强人民体质。
七、文明上网、健康学习。教育孩子上网或看电视要有节制,不迷恋网络游戏,发挥网络在学习中的辅助作用,可以通过网络的途径来获取知识。
八、劳逸结合、体验快乐。生活处处皆教育。在愉快度假的同时,除督促孩子认真完成寒假作业外,请放手让孩子参与力所能及的家务劳动,培养劳动的习惯,促进孩子心、脑、手协调发展。通过身体力行,让孩子体验父母的艰辛,培养孩子的孝心和爱心。
九、阅读书籍、陶冶情操。春节期间,亲友聚会,其乐融融,您在给予孩子亲情滋润的同时,请督促孩子合理安排假期生活。阅读一些文学作品、科普读物等有益书籍,培养孩子的情操,启迪孩子的智慧。
十、关心时事、爱国爱家。与家人一同收看新闻,关心国内外大事,不失时机的对孩子进行爱国主义教育。
十一、认真完成老师布置的寒假作业以及各项任务。家长朋友,孩子的成长离不开您的呵护,寒假期间,请您切实担负起监护人的职责,与孩子一起度过一个温馨难忘的寒假,督促孩子按时完成各科的作业。
最后祝全体家长及学生新春愉快,合家欢乐!
宁木特镇第一寄宿制完全小学
2024年1月11日
ཉིན་མཐའ་གྲོང་རྡལ་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག
གུས་པར་འོས་པའི་ཁྱིམ་བདག་ལགས།
སྐུ་ཁམས་བཟང་། དགུན་ཁའི་གུང་གསེང་ལ་ཐོན་སོང་། ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སློབ་གྲྭའི་སློབ་གསོ་རྒྱུན་འཁྱོངས་བྱ་ཆེད། མི་གསོ་སྐྱོང་བྱེད་པའི་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཁྱེད་ཀྱིས་སློབ་གྲྭར་གཞོགས་འདེགས་བྱས་ནས་གུང་གསེང་རིང་ཕྲུ་གུར་མཛུབ་ཁྲིད་དང་སློབ་གསོ་ཡག་པོ་བརྒྱབ་ནས་ཕྲུ་གུ་ཚོར་སྤྲོ་སྣང་དང་། དོན་སྙིང་ལྡན་པའི་དགུན་ཁའི་གུང་གསེང་ཞིག་གཏོང་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད། འདིར་ང་ཚོས་ཁྱེད་རང་ལ་དམིགས་བསལ་གྱི་མཛའ་བརྩེའི་དྲན་སྐུལ་བྱ་རྒྱུ་གཤམ་གསལ།
གཅིག འགྲིམ་འགྲུལ་བདེ་འཇགས།
༡ རང་རྟོགས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ།གཞུང་ལམ་སྟེང་དུ་རྒྱུགས་པ་དང་རྩེད་མོ་མི་རྩེད་བ།
༢ གཞུང་ལམ་འཕྲེད་བཅད་བྱེད་པར་ཁྲ་རྟའི་ལམ་ཐིག་(གོམ་བགྲོད་འཕྲེད་ལམ)བརྒྱུད་ནས་འགྲོ་དགོས་པ་ལས།རང་དགར་འཕྲེད་བཅད་ནས་འགྲོ་བ་དང་ལྡོག་ཕྱོགས་སུ་མི་འགྲོ་བ་བྱ་དགོས།
༣ སློབ་མས་རང་དགར་རྐང་འཁོར་དང་། འཕྲུལ་རྟ་སོགས་འགྲིམ་འགྲུལ་ཡོ་བྱད་མཉམ་སྤྱོད་བྱས་མི་ཆོག
༤ སྤྱིའི་སྒྲིག་ལམ་ལ་བརྩི་སྲུང་དང་།གྲལ་བསྒྲིགས་ནས་རླངས་འཁོར་སྒུག་པ། རླངས་འཁོར་ལས་བབས་དུས་འཚང་ཁ་མི་རྒྱག་པ།
༥ ཡ་རབས་ངང་རླངས་འཁོར་ལ་འདུག་དགོས་ཤིང་། རླངས་འཁོར་ལ་སྡོད་སྐབས་ཉེན་སྲུང་སྒྲོག་ཐག་དང་ལག་སྐྱོར་དམ་པོར་བསྡམ་དགོས།
གཉིས། གློག་སྤྱོད་བདེ་འཇགས།
༡ ཁྱིམ་བདག་གི་མཛུབ་སྟོན་འོག་ཏུ་རིམ་བཞིན་ཁྱིམ་སྤྱོད་གློག་ཆས་སྤྱོད་ཤེས་པ་བྱ་དགོས།
༢ གློག་སྐུད་དང་། གློག་ཞུའི་བསྒར་ཁུང་བཅས་གང་བྱུང་དུ་སྦྲེལ་མཐུད་བྱེད་མི་རུང་།
༣ གློག་གི་ཉེན་ཁ་ཡོད་པའི་ས་ཆར་རྩེད་མོ་རྩེ་མི་རུང་།
གསུམ། མེ་འགོག་བདེ་སྲུང་གི་བྱ་བ།
༡ མེ་རྩེད་སྤྱད་མི་ཆོག་པ་དང་མེ་སྐྱོན་བྱུང་དུས་ཐོག་ཏུ་མི་རྒན་པར་སྙན་སེང་ཞུ་དགོས། མེ་གསོད་ཉེན་བརྡ་གཏོང་དགོས།
༢ ཤོག་སྦག་སྤོར་སྐབས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཤིང་། ཡག་ཤོས་བྱུང་ན་ཤོག་སྦག་སྤོར་མི་ཆོག་པའམ་ཡང་ན་ཁྱིམ་བདག་གི་ལག་ཏུ་འཁྱེར་ནས་སྣེ་ཁྲིད་འོག་སྤོར་དགོས།
བཞི། གྲང་འགོག་འཁྱག་འགོག
༡ གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས། དུས་དང་བསྟུན་ནས་ལྭ་བ་ཁ་སྣོན་དང་། སྲིང་བལ་གྱི་སྟོད་གོས་དང་རྐང་སྣམ་གྱོན་པ། སྲིང་བལ་གྱི་ལྷམ་གྱོན་པ། ལག་ཤུབས་དང་། ཞྭ་མོ། སྐེ་དཀྲིས་སོགས་གྱོན་པ། ལུས་འཁྱགས་པའི་གནོད་འཚེ་དང་རྐང་ལག་སོགས་སྔོན་འགོག་བྱས་ནས་ཆམ་པ་མི་ཕོག་པ་བྱེད་དགོས།
༢ འདྲེད་འགོག་ལ་དོ་སྣང་བྱེད་དགོས། འཁྱགས་པས་བསྡམས་ཡོད་པའི་ལམ་འགྲམ་དུ་དར་ཤུད་བྱེད་མི་ཆོག ཆུ་འགྲམ་དང་། ཆུ་མཛོད། ཁྲོན་པ་སོགས་ཉེན་ཁ་ཆེ་བའི་ས་ཆར་རྩེད་མོ་རྩེ་བའམ་ཡང་ན་དར་ཤུད་སོགས་བྱེད་མི་ཆོག
ལྔ། བཟའ་བཏུང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས།
༡ རང་འགུལ་ངང་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ཡག་པོ་ཞིག་ཆགས་པ་བྱས་ཏེ་ཁ་ལག་སོགས་གཙང་མ་བཀྲུས་ནས་འགོ་
ནད་སྔོན་འགོག་བྱེད་དགོས།
༢ ཟས་རིགས་སོགས་བཟའ་བཅའ་ཉོ་སྐབས་ཚོང་རྟགས་དང་།ཐོན་སྐྱེད་བྱེད་པའི་དུས་ཚོད། དུས་ཡུན་སོགས་གསལ་པོར་བལྟ་
དགོས། མེད་པ་གསུམ་གྱི་བཟའ་བཅའ་དང་དུས་ལས་ཡོལ་བའི་
བཟའ་བཅའ་ཉོ་མི་རུང་།
༣ ཤིང་འབྲས་རློན་པ་གཙང་མར་བཀྲུས་རྗེས་གཞི་ནས་ཟ་ཆོག་ཅིང་རུལ་ཞིང་རུལ་པའི་ཤིང་འབྲས་ཟ་མི་རུང་། ཐ་མག་འཐེན་པ་
དང་ཆང་རག་ལ་འཛེམ་དགོས།
༤ བག་མེད་ཟ་འཐུང་མི་བྱེད་པར་མི་སྒེར་གྱི་འཕྲོད་བསྟེན་དང་ཁྱིམ་སྡོད་འཕྲོད་བསྟེན་ཡག་པོ་བྱས་ནས་ལུས་རྩལ་སྦྱོང་བརྡར་ནང་ཧུར་ཐག་ཞུགས་ཏེ་གཟུགས་གཞི་བདེ་ཐང་དུ་བཏང་ནས་འགོ་ནད་སྔོན་འགོག་བྱེད་དགོས།
༥ སྦྱོང་བརྡར་ཧུར་ཐག་དང་གཟུགས་པོ་བདེ་ཐང་ཡོང་བ་བྱ་
དགོས། བུ་ཕྲུག་རྣམས་ལ་ལུས་རྩལ་སྦྱོང་བརྡར་དང་མི་དམངས་ཀྱི་གཟུགས་གཞི་བདེཐང་དུ་གཏོང་བ་བཅས་ཀྱི་སྐུལ་འདེད་གནང་རོགས།
དྲུག ཡ་རབས་ངང་དྲ་བར་འཇུག་པ་དང་སྐྱོན་བྲལ་ངང་སློབ་སྦྱོང་བྱེད་དགོས།
བྱིས་པར་དྲ་ཐོག་ཏུ་ཞུགས་པའམ་བརྙན་འཕྲིན་ལ་བལྟ་སྐབས་ཚོད་འཛིན་དགོས་པ་དང་། དྲ་བའི་རོལ་རྩེད་ལ་མི་དགའ་བ།
དྲ་རྒྱའི་སློབ་སྦྱོང་ཁྲོད་ཀྱི་རམ་འདེགས་ནུས་པ་འདོན་སྤེལ་བྱེད་
དགོས་པའི་སློབ་གསོ་བཏང་ན། དྲ་རྒྱའི་ཐབས་ལམ་བརྒྱུད་དེ་ཤེས་བྱ་ལེན་ཐུབ།
བདུན། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་དང་ཉམས་ལེན་སྤྲོ་སྣང་།
འཚོ་བ་གང་སར་སློབ་གསོ་བྱེད། སྤྲོ་སྐྱིད་ངང་གུང་གསེང་གཏོང་བ་དང་དུས་མཚུངས་ཕྲུ་གུར་དགུན་ཁའི་གུང་གསེང་རིང་
ལས་ཀ་ནན་ཏན་ངང་སྒྲུབ་དགོས་པའི་ལྕག་སྐུལ་བྱེད་པ།བློ་རྒྱ་ཆེར་བསྐྱེད་ཀྱིས་ཕྲུ་གུར་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་ནང་ཞུགས་སུ་བཅུག་ནས་ངལ་རྩོལ་བྱེད་པའི་གོམས་གཤིས་འཇགས་སུ་བཅུག་སྟེ་ཕྲུ་གུའི་སེམས་པ་དང་།ཀླད་པ།ལག་པ་བཅས་མཐུན་སྦྱོར་ངང་
འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཉམས་ལེན་འབད་སྒྲུབ་བྱས་པ་བརྒྱུད་ཕྲུ་གུར་ཕ་མའི་དཀའ་ཚེགས་མྱོང་ཚོར་ཐུབ་པ་བྱས་ནས་ཕྲུ་གུའི་སྲི་ཞུ་དང་གཅེས་སེམས་འཕེལ་ཐུབ་པ་བྱ་དགོས།
བརྒྱད། དཔེ་དེབ་བཀླགས་ནས་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་དགོས།
དཔྱིད་གསར་དུས་ཆེན་རིང་གཉེན་ཉེ་དང་གྲོགས་པོ་མཉམ་
འཛོམས་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་ཞིང་།ཁྱེད་ཀྱིས་ཕྲུ་གུར་
གཉེན་ཉེའི་བརྩེ་སེམས་སྦྱིན་པ་དང་ཆབས་ཅིག་ཕྲུ་གུར་གུང་གསེང་གི་འཚོ་བ་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུའི་སྐུལ་ལྕག་གནང་ཡོད་པ་རེད། རྩོམ་རིག་བརྩམས་ཆོས་དང་ཚན་རྩལ་ཁྱབ་གདལ་ཀློག་དེབ་སོགས་དགེ་མཚན་ལྡན་པའི་དཔེ་དེབ་ཁ་ཤས་ཀློག་པ་དང་། ཕྲུ་གུའི་བསམ་ཚུལ་སྐྱེད་སྲིང་བྱས་ནས་ཕྲུ་གུའི་བློ་གྲོས་འཕེལ་བ་བྱེད་དགོས།
དགུ སྐབས་དོན་དང་རྒྱལ་གཅེས་ཁྱིམ་གཅེས་ལ་སེམས་ཁུར་བྱེད་དགོས།
ནང་མི་དང་མཉམ་དུ་གསར་འགྱུར་ལྟ་བ་དང་། རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་ལ་སེམས་ཁུར་བྱེད་པ། གོ་སྐབས་མི་ཤོར་བའི་སྒོ་ནས་ཕྲུ་གུར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་དགོས།
བཅུ། དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་དགུན་གནང་གི་ལས་བྱ་དང་ལས་འགན་སྣ་ཚོགས་ནན་ཏན་གྱིས་བསྒྲུབ་དགོས།
ཁྱིམ་བདག་དང་གྲོགས་པོ་ཚོ། བྱིས་པའི་འཚར་ལོངས་ནི་ཁྱེད་ཀྱི་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད། དགུན་གནང་གི་སྐབས་སུ། ཁྱེད་ཀྱིས་ལྟ་སྐྱོང་མཁན་གྱི་འགན་འཁྲི་དངོས་སུ་ཁུར་ནས། བྱིས་པ་དང་མཉམ་དུ་དྲོ་སྐྱིད་ལྡན་ཞིང་བརྗེད་པར་དཀའ་བའི་དགུན་གནང་ཞིག་རོལ་ཏེ། བྱིས་པར་དུས་ཐོག་ཏུ་བསླབ་ཚན་སོ་སོའི་ལས་བྱ་འགྲུབ་པར་སྐུལ་འདེད་བྱེད་དགོས།
མཇུག་ཏུ་ཁྱིམ་བདག་དང་སློབ་མ་ཡོངས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཉིན་མཐའ་གྲོང་རྡལ་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོ།
2024ལོའི་ཟླ་1ཚེས་11ཉིན་ཕབ།