提供了视频,
请大家看视频。
为让孩子度过一个安全而有意义的假期,同时加强孩子的冬季安全教育,我们希望各位家长配合学校做好各项教育防范工作。现将假期相关安全注意事项告知如下:
རང་རེའི་སློབ་གྲྭས་སློབ་མའི་རང་སྲུང་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་དང་རང་རྟོགས་བདེ་འཇགས་སྒྲིག་སྲོལ་བརྩི་སྲུངབྱེད་པ། སློབ་གྲོགས་རེ་རེ་ཡི་ཚེ་སྲོག་གི་བདེ་འཇགས་ཁག་ཐེག་ཡོང་བར་དམིགས་ཏེ། སློབ་མ་དང་ཁྱིམ་བདག་གིས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་གཤམ་གསལ་ལྟར།
防流感教育
ཆམ་རིམས་སྔོན་འགོག་གི་སློབ་གསོ།
每年冬天,正是流感高发期的时候,身体不适,及时就医,平时要勤洗手、多通风、多运动、清淡饮食、多休息提高免疫力,保证良好的精神状态和身体状态。
ལོ་རེའི་དགུན་ཁ་ནི་ཆམ་རིམས་ཐོན་མང་བའི་དུས་ཡིན་པས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་།ཆམ་རིམས་སྔོན་འགོག་བྱ་རྒྱུ་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་།ལག་པ་བཀྲུས་ནས་མི་སྒེར་གྱི་གཙང་སྦྲ་དང་ཁོར་ཡུག་གཙང་མ།རླུང་རྒྱུ་བ་རྒྱུན་འཁྱོངས་བྱེད་དགོས།འགུལ་སྐྱོད་མང་ཙམ་བྱས་ནས་རིམས་འགོག་ནུས་པ་མཐོར་འདེགས་དང་།ལུས་ཕུང་སྦྱོང་བརྡར་ཡག་པོ་བྱེད་དགོས།བཟའ་བཏུང་དོ་མཉམ་ཡོང་བ།ངལ་གསོ་མང་ཙམ་བྱེད་པ་བཅས་བྱས་ཏེ་བསམ་པའི་འཁྱེར་སོ་དང་གཟུགས་པོའི་གནས་ཚུལ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས།
用电安全教育
གློག་ཆས་བཀོལ་སྤྱོད་ཀྱི་བདེ་འཇགས་སློབ་གསོ།
学会正确使用电器:触碰电器、开关电源、插拔插头时,一定要保持双手干燥,不能碰触电源插座内部。用完电器后要及时关掉电源,不随意玩弄电线电源。
གློག་ཆས་བེད་སྤྱོད་ཡང་དག་པ་བྱེད་བྱ་དགོས་པ་སྟེ།གློག་ཆས་དང་།གློག་སྒོ བསྒར་སྣེ་བཅས་ལ་རེག་སྐབས་ངེས་པར་དུ་ལག་པ་གཉིས་སྐམ་ཤས་ཆེ་བ་རྒྱུན་འཁྱོངས་བྱ་དགོས་པ་ལས་གློག་ཁུངས་དང་བསྒར་ཁུང་ནང་ཁུལ་ལ་ཐུག་མི་རུང་། གློག་ཆས་བཀོལ་ཚར་རྗེས་དུས་ཐོག་ཏུ་གློག་སྒོ་རྒྱག་དགོས་པ་ལས་གང་འདོད་དུ་གློག་སྐུད་དང་གློག་ཁུངས་རྩེད་མི་རུང་།
消防安全教育
མེ་གསོད་མེ་འགོག་གི་བདེ་སྲུང་སློབ་གསོ།
冬天气候干燥,易发生火灾,禁止孩子在家或野外玩火,远离烟花爆竹,家里的火柴、打火机、煤气、酒精等等易燃易爆物品要放在远离孩子的地方,家长一定要多监督,避免火灾的发生。
དགུན་ཁར་མེ་སྐྱོན་འབྱུང་སླ་བས།རི་ཐང་དུ་མེ་རྩེད་བྱེད་མི་རུང་བ་དང་། ཤོག་སྦག་དང་རྒྱང་ཐག་རིང་དུ་གཏོང་གང་ཐུབ་བྱ་དགོས། ལྷག་པར་དུ་ཁྱིམ་གྱི་འབར་ཞུན་དང་།མེ་ཆ།སོལ་རླངས།ཆང་བཅུད་སོགས་འབར་སླ་བ་དང་གས་ཐོར་ཡོང་སླ་བའི་དངོས་རྫས་བྱིས་པ་དང་རྒྱང་ཐག་རིང་སར་འཇོག་དགོས་པ།ཁྱིམ་བདག་གིས་ངེས་པར་དུ་བྱིས་པར་མེ་སྐྱོན་གྱི་གནོད་འཚེ་གསལ་པོ་བཤད་པ་དང་ལྟ་སྐུལ་མང་ཙམ་བྱས་ནས་མེ་སྐྱོན་མི་ཡོང་བ་བྱ་དགོས།
交通安全教育
འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ།
严格遵守交通安全规则,乘车时要做到:不坐“三无”车辆,不坐超载车辆,家长开车带孩子出行时,一定要提高安全意识,拒绝酒驾、疲劳驾驶。
༡ཁྱིམ་བདག་གིས་ཁ་ལོ་བའི་འཛིན་ཡིག་དང་འཕྲུལ་སྒུལ་རླངས་འཁོར་ལ་ཡི་གེ་ཚད་ལྡན་ཞིག་མེད་ན་སློབ་མ་སྐྱེལ་འདྲེན་མི་བྱེད་པ་དང་། ཁྲིམས་མཐུན་མིན་པའི་འཕྲུལ་སྒུལ་རིགས་ལ་མི་འདུག་པ། ༢སློབ་གྲྭར་འགྲོ་འོང་སྐབས་གཞུང་ལམ་དུ་རྩེད་མོ་རྩེ་བ་སོགས་བྱ་མི་རུང་བ་དང་། གཞུང་ལམ་གྱི་འགྲིམ་འགྲུལ་ལམ་རྟགས་ལ་མཉམ་འཇོག་པ་དང་ལྕགས་རྟར་མི་ཞོན་པ་སོགས་བུ་དང་བུ་མོའི་ཚེ་སྲོག་གི་བདེ་འཇགས་ལ་སློབ་གསོ་མང་པོ་གཏོང་དགོས། ༣སློབ་མས་སློབ་གྲྭའི་བཀོད་སྒྲིག་དང་ཁྱིམ་བདག་གི་སློབ་གསོ་སེམས་ལ་བཟུང་སྟེ་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་བསྲུང་བྱེད་པ་བཅས་བྱེད་དགོས།
出行安全教育
ཕྱིར་སྐྱོད་བདེ་འཇགས་སྐོར་གྱི་སློབ་གསོ།
出行要有大人陪同,不要和陌生人的搭讪,不接受陌生人的礼物,特别是食物、饮料等等,不带孩子前往儿童不宜的场所。
བྱིས་པ་ཕྱིར་སྐྱོད་བྱེད་པར་མི་རྒན་པ་དང་མཉམ་དུ་འགྲོ་དགོས། མི་ཆ་མེད་དང་སྐད་ཆའི་སྣེ་འཚོལ་མི་རུང་བ་དང་།མི་ཆ་མེད་ཀྱི་ལེགས་སྐྱེས་དང་ལེན་མི་བྱེད་པ་དང་།ལྷག་པར་དུ་ཟས་རིགས་དང་བཏུང་བྱ་སོགས།བྱིས་པ་ཁྲིད་ནས་བྱིས་པར་མི་འཚམ་པའི་གནས་སུ་འགྲོ་མི་རུང་།
饮食安全教育
བཟའ་བཏུང་བདེ་འཇགས་སྐོར་གྱི་སློབ་གསོ།
养成良好的卫生习惯,不购买三无食品饮品,坚持规律的饮食习惯,不和别人共用碗筷杯碟,不吃生冷食物、不吃不洁瓜果、不吃腐败变质食物、不吃未经高温处理的饭菜、不喝生水、不吃零食。
འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པ་བྱས་ནས་མེད་པ་གསུམ་གྱི་བཟའ་བཅའ་མི་ཉོ་བ་དང་།ཆོས་ཉིད་ལྡན་པའི་བཟའ་བཏུང་གི་གོམས་གཤིས་རྒྱུན་འཁྱོངས་བྱེད་པ།མི་གཞན་དང་དཀར་ཡོལ་དང་ཐུར་མ།་ཕོར་བ་དང་སྡེར་མ་བཅས་མཉམ་སྤྱོད་མི་བྱེད་པ།འཁྱགས་ཟས་ཀྱི་རིགས་མི་ཟ་བ་དང་།་གཙང་མ་མིན་པའི་ཤིང་ཏོག་གི་རིགས་མི་ཟ་བ།རུལ་སུངས་དང་ངོ་བོ་འགྱུར་བའི་ཟས་རིགས་མི་ཟ་བ།ཆུ་འཁྱགས་མི་འཐུང་བ།ཞོར་ཟས་མི་ཟ་བ་བཅས་བྱ་དགོས།
防滑防溺水教育
ཆུ་ཉེན་སྔོན་འགོག་གི་བདེ་འཇགས་སློབ་གསོ།
不准私自到河面滑冰或下水冬泳,不准到无安全设施、不熟悉的水域、无救护人员的水域游玩;
རང་དགར་ཆུ་ངོས་སུ་དར་ཤུད་དང་ཆུ་རྐྱལ་བྱ་མི་ཆོག་པ་དང་། བདེ་འཇགས་སྒྲིག་བཀོད་མེད་པ་དང་སྲོག་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་ཆུ་རྐྱལ་བྱེད་པར་བསྐྱོད་མི་ཆོག ལྷག་པར་དུ་ཁྱིམ་བདག་དང་དགེ་རྒན་མེད་པའི་གནས་ཚུལ་འོག་ཆ་རྒྱུས་མེད་པའི་ཆུ་ཁོངས་སུ་བཅར་མི་རུང་།
预防煤气中毒
སོལ་དུག་སྔོན་འགོག་སློབ་གསོ།
冬季取暖,应检查排烟管道、电源开关,排除安全隐患,以防煤气中毒、发生火灾。
སོལ་རླངས་ཀྱི་དུག་ཕོག་པར་སྔོན་འགོག་བྱེད་པའི་ཆེད་དུ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཏེ་སོལ་རླངས་ཀྱི་དུག་ཕོག་པ་དང་མེ་སྐྱོན་མི་ཡོང་བར་སྔོན་འགོག་བྱེད་དགོས།
防范电信网络诈骗
གློག་དྲའི་མགོ་སྐོར་གྱི་དོགས་ཟོན་སློབ་གསོ།
不要轻信来历不明的电话和手机短信,不透露自己及家人的身份信息、存款、银行卡等情况。如有疑问,可拨打110求助咨询,或向亲戚、朋友核实。不玩手机游戏,防止网络暴力、成瘾游戏、邪恶动漫、低俗小说,保障身心健康。
ཡོང་ཁུངས་མི་གསལ་བའི་ཁ་པར་དང་ཁ་པར་གྱི་འཕྲིན་ཐུང་ལ་ཡིད་ཆེས་བྱེདམི་རུང་བ་དང་། རང་ཉིད་དང་ཁྱིམ་མིའི་ཐོབ་ཐང་ཆ་འཕྲིན་དང་།བཅོལ་དངུལ།དངུལ་ཁང་གི་བྱང་བུ་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་རུང་།གལ་ཏེ་དོགས་གནད་ཡོད་ཚེ110ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་དགོས།ལག་འཁྱེར་ཁ་པར་གྱི་རོལ་རྩེད་མི་རྩེ་བ་དང་།འགུལ་རིས་ངན་པ།ནང་དོན་བདེ་ཐང་མ་ཡིན་པའི་བརྩམས་སྒྲུང་ཀློག་པ་བཅས་སྔོན་འགོག་བྱས་ནས་ལུས་སེམས་ཞོད་འཇགས་ཡོང་བར་འགན་སྲུང་བྱ་དགོས།
尊敬的各位家长:孩子的健康、快乐、安全,关系到每一个家庭的幸福,让我们共同努力,帮助孩子合理安排时间,劳娱结合,尊重长辈,克服对电子设备的依赖心理,养成良好习惯。切实做好孩子的安全工作,让孩子度过一个愉快、平安、有意义的假期!
གུས་པར་འོས་པའི་ཁྱིམ་བདག་རྣམ་པ་ཚོ།བྱིས་པའི་བདེ་འཇགས་དང་བདེ་ཐང་། ཁམས་བདེ་བཅས་ནི་ཁྱིམ་ཚང་རེ་རེའི་བདེ་སྐྱིད་དང་འབྲེལ་བ་དམ་དུ་ཡོད་པས།་ང་ཚོ་ཐུན་མོང་གིས་འབད་བརྩོན་བྱས་ཏེ་བྱིས་པར་དུས་ཚོད་བཀོད་སྒྲིག་ལུགས་མཐུན་དང་།ངལ་རྩེད་ཟུང་འབྲེལ།རྒན་རབས་པར་བརྩི་འཇོག གློག་རྡུལ་སྒྲིག་ཆས་ལ་བརྟེན་པའི་སེམས་ཁམས་ཁྱད་བསད་བཅས་བྱས་ནས་གོམས་གཤིས་བཟང་པོ་ཆགས་པར་བྱ་དགོས། བྱིས་པའི་བདེ་འཇགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྤྲོ་སྣང་དང་དོན་སྙིང་ལྡན་པའི་གུང་གསེང་ཞིག་རོལ་དུ་འཇུག་དགོས་པ་བཅས་སོ། །
碌曲县尕海镇中心小学政教处
2024年1月11日