旦才老师🌱
收藏TA

需扫码在手机上打开
文章后点击更新提醒

快乐暑假,安全暑假——-暑假放假通知

编辑于07-11 阅读2347

༄༅། །ཀླུ་ཆུ་རྫོང་ཀ་ཤུལ་སློབ་ཆུང་གི༢༠༢༤ལོར་དབྱར་གནང་སྐབས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན།

尊敬的各位家长们:

时序更替,岁月流金。

        在全体家长朋友们的关心和大力支持下,在全体教职工的努力下,学校圆满完成了教育教学任务,平安保障每一名师生的身心健康,在此向全体家长朋友们致以衷心的感谢,为了让孩子度过一个安全、健康、愉快且有意义的假期,尕秀小学真诚地向您作以下温馨提醒:

一、暑假放假时间:

  2024年 7月 15日至 8月 26日放假,8月26日正式上课。

二、安全,重于泰山。家长们在带领孩子享受愉快假期的同时,需要积极配合做好以下安全工作。

遵守交通规则

不在马路上嬉戏打闹,不在行走和骑车时看手机、听音乐,不在车辆盲区内玩耍。

不闯红灯、不翻越交通隔离栏,未满12周岁不骑自行车及共享单车,不坐副驾驶座位。

三、安全用电用气

       不使用“三无”电器,不在同一接线板上同时使用多种大功率电器,不用湿手触摸电源开关和电器。

四、文明燃放烟花

        燃放烟花爆竹不仅污染环境,也有明显的安全风险,最好远离。

五、注意饮食安全

        注意饮食卫生,不要购买不符合食品安全要求的食品,不买周边、街头巷尾的“三无”食品;尽量不让学生食用野生菌等有安全隐患的食品。

六、防范网信诈骗不轻信。不要轻信来历不明的电话和手机短信,不回复手机短信,不给不法分子进一步布设圈套的机会。

不透露。无论什么情况,都不向对方透露自己及家人的身份信息、存款、银行卡等情况。

不转账。决不向陌生人汇款、转账;在汇款、转账前,需经家长再三核实对方的账户。

我们衷心希望家长与学校携手同心,形成家校教育合力,营造出和谐的育人氛围。我们也希望通过共同的努力,孩子们度过一个愉快、祥和而有意义的假期。最后,衷心祝愿您身体健康,工作顺利,阖家幸福!


གུས་པར་འོས་པའི་ཁྱིམ་བདག་ཚོ།

       ཁམས་བཟང་། ད་ནི་དབྱར་གནང་གཏོང་རན་ལ་ཉེ་བར་མ་ཟད།  ཁྱེད་ཚོའི་རྒྱབ་སྐྱོར་འོག་སློབ་སྐབས་ཤིག་བདེ་ལེགས་ངང་མཇུག་རྫོགས་པ་དང་།    ངེད་སློབ་གྲྭའི་སློབ་མས་བདེ་འཇགས་དང་དགའ་འཛུམ་གྱི་དགུན་གནང་ཞིག་རོལ་བར་ཁག་ཐེག་བྱ་ཆེད།ཁྱེད་རྣམ་པས་དབྱར་གནང་སྐབས་ཀྱི་མཉམ་འཇོག་དང་དོ་སྣང་། མཛུབ་སྟོན་དང་རེ་སྐུལ་བྱ་དགོས་པའི་དོན་ཚན་འགའ་གཤམ་གསལ་ལགས། 

གཅིག དབྱར་གནང་སྟེར་བའི་དུས་ཚོད།

          2024ལོའི་ཟླ་7ཚེས་15ཉིན་ནས་ཟླ་8ཚེས་26ཉིན་བར་ངལ་གསོ་འཇོག་རྒྱུ་དང་ཟླ་8ཚེས་26ཉིན་དངོས་སུ་སློབ་ཐུན་འཚོག་རྒྱུ་རེད།

གཉིས།  རིམས་ནད་སྔོན་འགོག་བྱེད་པར་སྐུལ་བ།

ཀ དམིགས་བསལ་གྱི་གནས་ཚུལ་མེད་ན་འགྲོ་སྐྱོད་ལ་འཛེམ་དགོས་པ་དང་།འགྲོ་འོང་སྐབས་དྲོད་སྲུང་གི་བྱེད་ཐབས་ལེགས་པོ་བསྒྲུབ་དགོས། 

ཁ མི་ཚོགས་ཀྱི་གནས་སུ་མི་འགྲོ་བ་དང་སོང་ན་ཁ་རས་འདོགས་རྒྱུ་མ་བརྗེད།

ག སྒེའུ་ཁུང་ཕྱེ་ནས་མཁའ་དབུགས་གསར་བརྗེ་ལ་ལོབ་དགོས་པ་སྟེ།  མཁའ་རླུང་འགྲོ་རྒྱུག་ལ་ཤུགས་སྣོན་བྱ་ཐུབ་ན་དབུགས་ལམ་གྱི་འགོས་ནད་སྔོན་འགོག་བྱ་ཐུབ། 

ང རྒྱུན་དུ་ལག་པ་བཀྲུ་བ། ལུད་པ་ལུ་བའི་སྐབས་སུ་ཤོག་བུ་སོགས་ཀྱིས་ཐད་ཀར་ཁ་སྣ་བཀབ་ནས་སྡོད་མི་རུང་།

གསུམ།  སོལ་དུག་ཕོག་པར་སྔོན་འགོག་བྱེད་དགོས།

ཀ  ཕྲུ་གུར་ཁང་པའི་ནང་རྡོ་སོལ་སྲེག་མི་དགོས་པར་དྲོད་ལེན་དགོས་པའི་སློབ་གསོ་རྒྱག་དགོས་པ་ལས་ཕྱི་ཕྱོགས་ཀྱི་གྲང་རླུང་ལ་སྐྲག་ནས་ཁང་པའི་ནང་ཡོང་སྟེ་སྒོ་དམ་པོར་རྒྱག་མི་རུང་བ། 

ཁ དགུན་ཁ་གཟུགས་པོ་འཁྲུ་སྐབས་གཟུགས་པོ་འཁྲུ་སའི་སྒོ་དང་སྒེའུ་ཁུང་དམ་པོར་མི་རྒྱག་པ།གཟུགས་པོ་འཁྲུད་པའི་དུས་ཚོད་རིང་དྲགས་མི་ཉན་པ་བཅས་བྱེད་དགོས།

བཞི།  མེ་དང་གློག་གི་བདེ་འཇགས་སློབ་གསོ་རྒྱུན་དུ་གཏོང་དགོས། 

ཀ  མེ་ཆ་སོགས་འབར་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རྫས་དང་མི་འཕྲད་པ།

ཁ  བྱིས་པ་ཚོས་གང་འདོད་དུ་ཤོག་སྦག་དང་སྒྲོན་མེ་སྤོར་མི་ཆོག 

ལྔ་།  འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་ནམ་ཞར་གཏོང་དགོས།

ཀ  ངལ་གསོའི་སྐབས་བྱིས་པར་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་པ།

ཁ ལོ་བཅུ་གཉིས་མན་གྱིས་རྐང་འཁོར་བཞོན་མི་ཆོག་པ། 

ག གཞུང་ལམ་དུ་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག་པ།

ང བསྐོར་ཡིག་མེད་པ། ཚད་ལས་བརྒལ་བའི་རླངས་འཁོར་ལ་སྡོད་མི་རུང་།

ཅ གློག་སྒུལ་རྐང་འཁོར་ལ་སྡོད་སྐབས་ངེས་པར་དུ་བདེ་འཇགས་ཞྭ་མོ་གྱོན་དགོས།

དྲུག དྲ་རྒྱའི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།

ཀ  བྱིས་པར་དྲ་རྒྱའི་ཡ་རབས་ལ་བརྩི་སྲུང་དང་མ་རབས་གྱི་ཆ་འཕྲིན་ལ་མི་བལྟ།

ཁ  མི་གཞན་ལ་བརྙས་བཅོས་དང་བརྙས་བཅོས་བྱེད་པའི་གཏམ་བརྗོད་སྤེལ་མི་ཆོགག  མི་སྒེར་དང་ཁྱིམ་ཚང་གི་ཆ་འཕྲིན་གསང་བར་དོ་སྣང་བྱེད་དགོས་པ།

 ༼འདྲ་པར་དང་སྡོད་གནས། ཆ་འཕྲིན་གང་འདོད་དུ་བསྐུར་མི་ཆོག ༽

ང  ཡོང་ཁོངས་གསལ་བོ་མི་ཤེས་པའི་ཆ་འཕྲིན་དང་ཁ་པར་ལ་ཡིད་ཆེས་མི་བྱེད་པ།

བདུན།  མགོ་སྐོར་གྱི་བྱ་བར་སྔོན་འགོག་གི་སློབ་གསོ་གཏོང་དགོས།

ཀ  ཁྱིམ་བདག་གི་མོས་མཐུན་མ་ཐོབ་པར་བྱིས་པ་རང་དགར་ཕྱིར་སྐྱོད་མི་ཆོག

ཁ  འགྲོ་འོང་སྐབས་ངེས་པར་དུ་ཁྱིམ་བདག་གི་རྗེས་སུ་འབྲངས་དགོས།

ག  གང་འདོད་དུ་ངོ་མི་ཤེས་པའི་མི་དང་མཉམ་དུ་རྩེད་མོ་མི་རྩེད་པ།

ང  བདེ་འཇགས་འགན་སྲུང་མེད་པའི་ས་ཁོངས་དང་ས་ཆར་ཡུལ་སྐོར་དུ་མ་འགྲོ། 

བརྒྱད།  བྱིས་པའི་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཆེན་བྱེད་དགོས།

ཀ  ཡང་དག་པའི་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་འཛུགས་པ།

ཁ དགུན་གནང་སྐབས་ཕ་མ་དང་མཉམ་གནས་ཀྱི་དུས་ཚོད་སྤྱད་ནས་བྱིས་པར་ཁ་བརྡ་བྱ་རྒྱུར་ཤུགས་སྣོན་བྱེད་པ།

ག  སློབ་སྦྱོང་ལ་བློ་རྩེ་གཅིག་ཏུ་བྱ་བའི་ནུས་པ་སྦྱོང་བརྡར་བྱས་ཏེ་འཚོ་བའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་དགོས།

དགུ།  ཉིས་འཕྲི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱ་དགོས། 

ཀ  སློབ་གྲྭས་ཕྲུ་གུ་ཚོར་ཉུང་གཏོང་དང་ཕན་འབྲས་ཆེ་བའི་གུང་གསེང་གི་སྦྱོང་ཚན་བཀོད་སྒྲིག་བྱས་ཡོད་པས་ཁྱིམ་བདག་ཚོས་འཆར་གཞི་ཡོད་ལ་གོ་རིམལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་སྐྲུན་དགོས་པ། 

ཁ ཕྲུ་གུ་ཚོས་དཔེ་དེབ་ཀློག་པའི་སྤྲོ་སྣང་འཕེལ་བ་དང་།དཔེ་ཀློག་ཡག་པོ་བྱེད་པ་བཅས་ཀྱི་གོམས་གཤིས་འཇགས་དགོས།

མཐར་ཁྱིམ་བདག་ཡོངས་ཀྱི་ལས་དོན་ལམ་ལྷོངས་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བ།ནང་མི་ལྷན་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ།

碌曲县尕海镇尕秀小学

2024年7月15日

ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སློབ་ཆུང་གིས་གུས་པས་ཕུལ།

2024ལོའི་ཟླ་7ཚེས་15ཉིན།

阅读 2347
文章由 美篇工作版 编辑制作
投诉