༄༅།།ཀླུ་ཆུ་རྫོང་ལྷ་མོ་གྲོང་བརྡལ་དགོན་པ་སློབ་ཆུང་གི༢༠༢༤ལོར་དགུན་གནང་སྐབས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན།
尊敬的家长:
您好!寒假来临,春节将至,在您的大力支持下,我们度过了一个忙碌而充实的学期,衷心感谢您对我校教育教学工作的理解、支持与配合,为确保我校学生度过一个平安、快乐、祥和的寒假,我们诚挚地希望您切实履行好对孩子的监护职责,利用假期与孩子多交流,做好安全教育和监管,现将假期注意事项温馨提示如下:
一、寒假放假时间:
2024年 1 月 11日至 2 月 25日放假,2 月26日正式上课。
གུས་པར་འོས་པའི་ཁྱིམ་བདག་རྣམ་པ།
ཁམས་བཟང་། ད་ནི་དགུན་གནང་གཏོང་རན་དང་དཔྱིད་གསར་དུས་ཆེན་ལ་ཐོན་ལ་ཉེ།ཁྱེད་ཚོའི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་བྲེལ་འཚུབ་ཆེ་ཞིང་ཕུན་སུམ་ཚོགས་པའི་སློབ་སྐབས་ཤིག་བདེ་ལེགས་ངང་མཇུག་རྫོགས་པ་དང་།ཁྱེད་ཅག་གིས་ང་ཚོའི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་རྒྱུས་ལོན་དང་རྒྱབ་སྐྱོར།གཞོགས་འདེགས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ།ངེད་སློབ་གྲྭའི་སློབ་མས་བདེ་འཇགས་དང་དགའ་སྤྲོ།འཆམ་མཐུན་བཅས་ཀྱི་དགུན་གནང་ཞིག་རོལ་བར་ཁག་ཐེག་བྱེད་ཆེད།ཁྱེད་རྣམ་པས་དགུན་གནང་སྐབས་ཀྱི་མཉམ་འཇོག་དང་དོ་སྣང་བྱེད་དགོས་པའི་ནང་དོན་འགའ་གཤམ་གསལ།
གཅིག དགུན་གནང་གི་གནང་བ་སྟེར་བའི་དུས་ཚོད།
2024ལོའི་ཟླ་1ཚེས་11ཉིན་ནས་ཟླ་2ཚེས་25ཉིན་བར་ངལ་གསོ་འཇོག་རྒྱུ་དང་ཟླ་2ཚེས་26ཉིན་དངོས་སུ་སློབ་ཐུན་འཚོག་རྒྱུ་རེད།
二、加强安全教育:
1.严防流感。
教育引导孩子牢固树立健康第一的观念,坚持做好个人防护,春节来临,各地流动人员增多,人口流动性大,各位家长不要大意,一定要高度重视,高度警惕。
(1)没有特殊情况避免出行,出行注意做好保暖措施。
(2)避免去人流密集的场所。避免到封闭、空气不流通的公共场所和人多聚集的地方,尤其是儿童、老年人和免疫力低下的人群。外出记得佩戴口罩。
(3)加强开窗通风。居家每天都要开窗通风一段时间。加强空气流通,可有效预防呼吸道传染病。
(4)注意个人卫生。勤洗手,用肥皂和清水搓洗20秒以上。打喷嚏或咳嗽的时候注意用纸巾或胳膊肘捂住口鼻,不要直接用双手捂住口鼻。
གཉིས།བདེ་འཇགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
༡ ཆམ་རིམས་སྔོན་འགོག་ནན་པོ་བྱེད་དགོས།
ཕྲུ་གུར་བདེ་ཐང་ཨང་དང་པོ་ཡིན་པའི་ལྟ་བ་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་ས་གནས་ཁག་གི་ཕྱོགས་མི་མང་དུ་འགྲོ་བ་དང་།མི་འབོར་འགྲོ་སྐྱོད་མང་བ།ཁྱིམ་བདག་རྣམ་པ་ཚོས་སྣང་མེད་བྱེད་མི་རུང་བར་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ཚད་མཐོའི་དོགས་ཟོན་བྱེད་དགོས།
(1)དམིགས་བསལ་གྱི་གནས་ཚུལ་མེད་ན་འགྲོ་སྐྱོད་ལ་འཛེམ་དགོས་པ་དང་།འགྲོ་སྐྱོད་ལ་དོ་སྣང་བྱས་ཏེ་དྲོད་སྲུང་གི་བྱེད་ཐབས་ལེགས་པོ་བསྒྲུབ་དགོས།
(2)མི་ཚོགས་མང་བའི་གནས་སུ་མི་འགྲོ་བར་བྱ་དགོས། ལྷག་པར་དུ་བྱིས་པ་དང་།རྒན་འཁོགས།རིམས་འགོག་གི་ནུས་པ་ཞན་པའི་མི་ཚོགས་བཅས་ལ་འཛེམ་དགོས། ཕྱི་ལ་སོང་ན་ཁ་རས་འདོགས་རྒྱུ་མ་བརྗེད།
(3)སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་འཇུག་ཤུགས་ཆེ་རུ་གཏོང་དགོས། ཁྱིམ་དུ་བསྡད་ན་ཉིན་རེར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་པའི་དུས་ཚོད་ངེས་ཅན་ཞིག་དགོས། མཁའ་རླུང་འགྲོ་རྒྱུག་ལ་ཤུགས་སྣོན་བརྒྱབ་ན་དབུགས་ལམ་གྱི་འགོས་ནད་སྔོན་འགོག་ནུས་ལྡན་བྱེད་ཐུབ།
(4)རང་ཉིད་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས། རྒྱུན་དུ་ལག་པ་བཀྲུ་བ།འདག་རྫས་དང་ཆུ་གཙང་མས་སྐར་ཆ་༢༠ཡན་ལ་འཕུར་དགོས། ཧབ་སྦྲིད་རྒྱག་པ་དང་ལུད་པ་ལུ་བའི་སྐབས་སུ་ཤོག་བུའམ་གྲུ་མོ་སོགས་ཀྱིས་ཁ་སྣ་བཀབ་ནས་ཐད་ཀར་ལག་གཉིས་ཀྱིས་ཁ་སྣ་བཀབ་ནས་སྡོད་མི་རུང་།
2.加强防范一氧化碳中毒工作。
教育孩子不在室内烧煤炭取暖,不能因为害怕外界的冷风进入室内将门户紧闭。让孩子掌握正确使用液化气、天然气方法,家里使用燃气液化气时,要防止管道老化、跑气、漏气,烧煮时防止火焰被扑灭,导致煤气溢出。不使用淘汰热水器,不使用超期限的热水器,禁止将燃气热水器安装在浴室内,冬天洗浴时浴室门窗不要紧闭,洗浴时间不要过长。
༢དབྱང་གཅིག་ཐན་འགྱུར་གྱི་དུག་ཕོག་པར་སྔོན་འགོག་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས།
ཕྲུ་གུར་ཁང་པའི་ནང་རྡོ་སོལ་སྲེག་མི་དགོས་པར་དྲོད་ལེན་དགོས་པའི་སློབ་གསོ་རྒྱག་དགོས་པ་ལས་ཕྱི་ཕྱོགས་ཀྱི་གྲང་རླུང་ལ་སྐྲག་ནས་ཁང་པའི་ནང་ཡོང་སྟེ་སྒོ་དམ་པོར་རྒྱག་མི་རུང་ཞེས་བཤད་པ་རེད། ཕྲུ་གུར་རྡོ་སྣུམ་གཤེར་གྱུར་རླངས་པ་དང་རང་བྱུང་སོལ་རླངས་བེད་སྤྱོད་ཡག་པོ་གཏོང་དུ་འཇུག་དགོས།ཁྱིམ་དུ་སོལ་རླངས་དང་རྡོ་སྣུམ་གཤེར་གྱུར་སོལ་རླངས་བེད་སྤྱོད་གཏོང་སྐབས།སྦུག་ལམ་རྙིང་གྱུར་དང་།སོལ་རླངས་ཤོར་བ།མེ་སྲེག་སྐབས་མེ་བསད་ནས་སོལ་རླངས་ཕྱིར་དོན་རྒྱུ་སྔོན་འགོག་བྱེད་དགོས། ཆུ་བསྲོ་ཆས་མི་སྤྱོད་པ་དང་།དུས་ཚད་ལས་བརྒལ་བའི་ཆུ་བསྲོ་ཆས་མི་སྤྱོད་པ།འབར་རླངས་ཆུ་བསྲོ་ཆས་འཁྲུ་ཁང་དུ་མི་འཇོག་པ།དགུན་ཁ་གཟུགས་པོ་འཁྲུ་སྐབས་གཟུགས་པོ་འཁྲུ་སའི་སྒོ་དང་སྒེའུ་ཁུང་དམ་པོར་མི་རྒྱག་པ།གཟུགས་པོ་འཁྲུད་པའི་དུས་ཚོད་རིང་དྲགས་མི་ཉན་པ་བཅས་བྱེད་དགོས།
3. 加强用火、用电安全教育。
教育孩子不玩火,杜绝把火种带上山,以防止山林火灾;教育孩子不要玩打火机、火柴,不要接触易燃易爆等危险品;禁止燃放烟花爆竹、孔明灯;不要让孩子在室内自行烤火,晚上睡觉后要熄灭火源,以防火灾发生。
3.མེ་དང་གློག་སོགས་བེད་སྤྱོད་བདེ་འཇགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
བྱིས་པར་མེ་རྩེད་རྩེ་རུ་མི་འཇུག་པའི་སློབ་གསོ་བཏང་ནས་ནགས་རིའི་མེ་སྐྱོན་མི་ཡོང་བ་བྱེད་དགོས། ཕྲུ་གུར་ལ་མེ་ཆ་དང་མུ་ཟི་མི་རྒྱག་པ་དང་འབར་གས་སླ་བ་སོགས་ཀྱི་ཉེན་ཆེའི་དངོས་རྫས་མི་འཕྲད་རྒྱུའི་སློབ་གསོ་རྒྱག་དགོས། ཤོག་སྦག་དང་ཁུང་མའི་དཀར་གསལ་སྒྲོན་མེ་སྤོར་མི་ཆོག བྱིས་པ་རྣམས་ལ་ཁང་བའི་ནང་ནས་རང་འགུལ་གྱིས་མེ་སྲེག་ཏུ་འཇུག་མི་རུང་ལ།མཚན་མོར་གཉིད་པའི་རྗེས་ནས་ཐབ་ཚང་སོགས་མེ་མི་ཤོར་བ་བྱེད་དགོས།
4.加强交通安全教育。
春节是走亲访友的高峰期,也是各类交通事故多发期,教育孩子在寒假期间遵守交通法规:12岁以下严禁骑自行车上路,16岁以下严禁骑电动自行车上路,过马路走人行道,走斑马线,注意来往车辆;严禁在马路上追逐打闹和进行各类游戏活动;注意乘车安全,不要乘坐无牌、无证、超载车辆,乘坐电动自行车必须佩戴安全头盔,防止交通伤亡事故发生。
༤ .འགྲིམ་འགྲུལ་བདེ་འཇགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
དཔྱིད་གསར་དུས་ཆེན་ནི་གཉེན་ཉེར་འཚམས་འདྲི་བྱེད་མཁན་མང་པའི་དུས་ཤིག་ཡིན་ལ་འགྲིམ་འགྲུལ་དོན་རྐྱེན་སྣ་ཚོགས་ཐོན་པའི་དུས་ཤིག་ཀྱང་ཡིན་པས་ངལ་གསོའི་རིང་ཕྲུ་གུར་འགྲིམ་འགྲུལ་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་པའི་སློབ་གསོ་རྒྱག་དགོས་པ་སྟེ།ལོ་བཅུ་གཉིས་མན་དུ་རྐང་འཁོར་བཞོན་མི་ཆོག་པ་དང་།ལོ་16མན་གྱི་གློག་སྒུལ་རྐང་འཁོར་བཞོན་མི་ཆོག་པ།གཞུང་ལམ་སྒྲོལ་ནས་རྐང་ཐང་མར་བསྐྱོད་མི་ཆོག་པ།འགྲོ་འོང་བྱེད་པའི་རླངས་འཁོར་ལ་དོ་སྣང་བྱེད་དགོས། གཞུང་ལམ་ཐོག་རྩོད་སློང་དང་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག་པ། རླངས་འཁོར་ལ་སྡོད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཤིང་།བསྐོར་ཡིག་མེད་པ་དང་།ཚད་ལས་བརྒལ་བའི་རླངས་འཁོར་ལ་སྡོད་མི་རུང་།གློག་སྒུལ་རྐང་འཁོར་ལ་སྡོད་སྐབས་ངེས་པར་དུ་བདེ་འཇགས་ཞྭ་མོ་གྱོན་ནས་འགྲིམ་འགྲུལ་ཤི་རྨས་ཀྱི་ལས་འཛོལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས།
5.养成良好生活习惯。
体育锻炼是提高孩子身体免疫力的有效手段,寒假期间,要引导孩子每天锻炼一小时。同时,要避免孩子长时间使用电子产品,预防近视。教育孩子就餐前洗手,不购买、不食用来历不明和标签标识不全的食品和饮料,避免孩子进食生冷的不卫生食品。
༥.འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་བྱ་དགོས།
ལུས་རྩལ་སྦྱོང་བརྡར་ནི་བྱིས་པའི་ལུས་པོའི་ནད་འགོག་ནུས་པ་མཐོ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན།དགུན་གནང་གི་རིང་ལ་ཕྲུ་གུར་ཉིན་ལྟར་སྦྱོང་བརྡར་ཆུ་ཚོད་གཅིག་བྱེད་དུ་འཇུག་དགོས། དུས་མཚུངས་སུ།བྱིས་པ་རྣམས་ཀྱིས་དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་མི་སྤྱོད་པར་བྱས་ཏེ།ཉེ་སྒྲིབ་ལ་སྔོན་འགོག་བྱ་དགོས། ཕྲུ་གུར་ལྟོ་མ་བཟས་གོང་ལག་པ་འཁྲུ་དགོས་པ་དང་།ཡོང་ཁུངས་གསལ་པོ་མེད་པ་དང་ཤོག་བྱང་ཐོག་མཚོན་རྟགས་དེ་ཙམ་མེད་པའི་བཟའ་བཅའ་དང་འཐུང་ཆ་མ་ཉོས་པའི་རྐྱེན་གྱིས་ཕྲུ་གུར་ལྟོ་ཆས་མི་གཙང་བའི་བཟའ་བཅའ་ཟ་རྒྱུའི་སློབ་གསོ་རྒྱག་དགོས།
6.加强网络安全教育。
教育孩子遵守网络文明公约,不浏览低俗不良信息,不发表侮辱欺凌他人言论。帮助孩子开发培养更多的爱好兴趣,不沉迷于网络游戏。注意个人及家庭信息的保密,不随意上传照片、住址、电话等信息;家长管理好个人网络财务账号和密码,防止被盗用。严防网络诈骗及电信诈骗,不轻信来历不明的信息、电话,不单独与网友见面。
༦ དྲ་རྒྱའི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་དགོས།
བྱིས་པར་དྲ་རྒྱའི་ཡ་རབས་ཀྱི་སྤྱི་ཆིངས་བརྩི་སྲུང་ཞུ་དགོས་པའི་སློབ་གསོ་རྒྱག་པ་དང་།མ་རབས་ཐ་ཤལ་གྱི་ཆ་འཕྲིན་ལ་རགས་ལྟ་མི་བྱེད་པ།མི་གཞན་ལ་བརྙས་བཅོས་དང་བརྙས་བཅོས་བྱེད་པའི་གཏམ་བརྗོད་སྤེལ་མི་ཆོག་པའི་སློབ་གསོ་རྒྱག་དགོས། བྱིས་པ་གསར་སྤེལ་དང་གསོ་སྐྱོང་བྱེད་པར་རོགས་རམ་བྱས་ཏེ་དགའ་ཕྱོགས་མང་པོ་དང་དྲ་རྒྱའི་རོལ་རྩེད་ལ་མི་དགའ་བ། མི་སྒེར་དང་ཁྱིམ་ཚང་གི་ཆ་འཕྲིན་གསང་བར་དོ་སྣང་བྱེད་དགོས་པ་ལས།འདྲ་པར་དང་།སྡོད་གནས།ཁ་པར་སོགས་ཀྱི་ཆ་འཕྲིན་གང་འདོད་དུ་བསྐུར་མི་ཆོག ཁྱིམ་བདག་གིས་མི་སྒེར་གྱི་དྲ་རྒྱའི་ནོར་དོན་རྩིས་ཨང་དང་གསང་བའི་ཨང་གྲངས་ལ་དོ་དམ་ཡག་པོ་བྱས་ནས་བརྐུ་ཤོར་ལ་སྔོན་འགོག་བྱེད་དགོས། དྲ་རྒྱའི་ཁ་བསླུས་དང་གློག་འཕྲིན་གྱི་ཁ་བསླུས་ལ་ནན་འགོག་བྱས་ནས་ཡོང་ཁུངས་གསལ་པོ་མེད་པའི་ཆ་འཕྲིན་དང་ཁ་པར་ལ་ཡིད་ཆེས་མི་བྱེད་པ་དང་ཁ་པར་གཅིག་པུར་དྲ་གྲོགས་དང་ཐུག་འཕྲད་མི་བྱེད་པའི་བླང་བྱ་བཏོན་པ་རེད།
7.加强防拐骗、防侵害、防溺水教育。
教育孩子未经家长同意不擅自外出,孩子乘坐动车、高铁、轮船、飞机等出行时,一定要紧跟家长不要走失。不要随便跟陌生人外出游玩,不到无安全保障的区域、地点游玩。家长对孩子外出要做到知去向、知同伴、知内容、知归时,教育孩子防范溺水事件。家长要教育孩子独自在家时,不要轻信陌生人的话,不要让不认识的人进门,正确使用110报警电话,严防不法分子通过诱骗、欺诈等手段造成严重后果。
༧.མགོ་སྐོར་བསླུ་བྲིད་དང་།གནོད་འཚེ་སྔོན་འགོགཆུར་བྱིང་བར་སྔོན་འགོག་བཅས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས།
ཁྱིམ་བདག་གི་མོས་མཐུན་མ་ཐོབ་པར་ཕྲུ་གུར་རང་དགར་ཕྱིར་སྐྱོད་མི་ཆོག་པའི་སློབ་གསོ་རྒྱག་པ་དང་ཕྲུ་གུ་རྣམས་ཤུགས་འགྲེམས་མེ་འཁོར་དང་།མྱུར་བགྲོད་ལྕགས་ལམ།གྲུ་གཟིངས།གནམ་གྲུ་སོགས་བསྡད་ནས་འགྲོ་སྐྱོད་བྱེད་སྐབས་ངེས་པར་དུ་ཁྱིམ་བདག་གི་རྗེས་སུ་དམ་པོར་འབྲངས་ནས་བོར་བརླག་ཏུ་མི་འགྲོ་བ་བྱེད་དགོས་པའི་བླང་བྱ་འདོན་དགོས།གང་འདོད་དུ་ངོ་མི་ཤེས་པའི་མི་དང་མཉམ་དུ་ཕྱི་ལ་རྩེད་མོ་མ་རྩེད།བདེ་འཇགས་འགན་སྲུང་མེད་པའི་ས་ཁོངས་དང་ས་ཆར་ཡུལ་སྐོར་དུ་མ་འགྲོ། ཁྱིམ་བདག་གིས་བྱིས་པ་ཕྱི་ལ་འགྲོ་དུས་འགྲོ་ཕྱོགས་ཤེས་པ་དང་།རོགས་པ་ཤེས་པ།ནང་དོན་ཤེས་པ།ཕྱིར་ལོག་པ་བཅས་བྱས་ཏེ་བྱིས་པར་ཆུར་བྱིང་བའི་དོན་རྐྱེན་ལ་དོགས་ཟོན་བྱེད་དགོས་པའི་སློབ་གསོ་རྒྱག་དགོས། ཁྱིམ་བདག་གིས་བྱིས་པ་གཅིག་པུར་ཁྱིམ་དུ་སྡོད་པའི་སྐབས་སུ།ངོ་མི་ཤེས་པའི་མི་ལ་ཡིད་ཆེས་མི་ཉན་པ་དང་།ངོ་མི་ཤེས་པའི་མི་ནང་དུ་ཡོང་དུ་མི་འཇུག་པ།110ཉེན་རྟོག་པར་ཁ་པར་བེད་སྤྱོད་ཡང་དག་བྱེད་དུ་འཇུག་པ།ཁྲིམས་འགལ་པས་སླུ་བྲིད་དང་མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མཇུག་འབྲས་ཚབས་ཆེན་བཟོ་རིགས་ནན་འགོག་བྱ་དགོས་པའི་སློབ་གསོ་གཏོང་དགོས།
8.要重视孩子心理健康教育。
树立正确的家庭教育观念,注重言传身教,以健康的思想、良好的品行、适合的方法教育和影响孩子。充分用好寒假难得的亲子共处时间,加强与孩子沟通交流,关注孩子心理健康,针对孩子的年龄特点和个性差异,引导孩子积极参加体育活动,指导孩子阅读经典文学名著,教育孩子承担一些力所能及的家务劳动。磨炼孩子的忍耐力、抗挫力和学习专注力,增强身体素质,扩展阅读视野,培养良好生活习惯,共筑和谐亲子关系。
༨ བྱིས་པའི་སེམས་ཁམས་བདེ་ཐང་སློབ་གསོར་མཐོང་ཆེན་བྱེད་དགོས།
ཡང་དག་པའི་ཁྱིམ་ཚང་གི་སློབ་གསོའི་འདུ་ཤེས་འཛུགས་པ་དང་།རང་དཔེ་ལེགས་པོ་སྟོན་རྒྱུར་དོ་སྣང་བྱས་ཏེ་སྐྱོན་བྲལ་གྱི་བསམ་བློ་དང་།གཤིས་སྤྱོད་བཟང་པོ།འོས་ཤིང་འཚམ་པའི་བྱེད་ཐབས་བཅས་ལ་བརྟེན་ནས་ཕྲུ་གུར་སློབ་གསོ་གཏོང་བ་དང་བག་ཆགས་བཟང་པོ་འཇོག་དགོས། དགུན་ཁའི་གུང་གསེང་སྐབས་ཕ་མ་དང་ཕྲུ་གུ་མཉམ་དུ་གནས་པའི་དུས་ཚོད་གང་ལེགས་སྤྱད་དེ་ཕྲུ་གུ་དང་འབྲེལ་གཏུག་དང་ཁ་བརྡ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱེད་པ།ཕྲུ་གུའི་ལོ་ཚོད་ཀྱི་ཁྱད་ཆོས་དང་རང་གཤིས་ཀྱི་ཁྱད་པར་ལ་དམིགས་པ།ཕྲུ་གུར་ལུས་རྩལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱེད་པ།ཕྲུ་གུར་གསུང་རབ་རྩོམ་རིག་ལ་མཛུབ་ཁྲིད་བྱེད་པ།ཕྲུ་གུར་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་བྱ་རྒྱུའི་སློབ་གསོ་རྒྱག་དགོས།ཕྲུ་གུའི་བཟོད་སྒོམ་ནུས་པ་དང་།གེགས་བར་འགོག་ཤུགས།སློབ་སྦྱོང་ལ་བློ་རྩེ་གཅིག་ཏུ་གཞོལ་ནུས་བཅས་སྦྱོང་བརྡར་བྱས་ཏེ་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་དང་།དཔེ་ཀློག་གི་མཐོང་རྒྱ་ཆེ་རུ་གཏོང་བ།འཚོ་བའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་དགོས།
9.充分落实双减教育政策
为充分落实双减政策及要求,学校给孩子们安排了少量且高效的假期作业。请家长们在假期指导孩子制订假期计划,生活要有规律,督促孩子认真完成假期作业,每天进行适当的体育锻炼。引导孩子开展多种形式的读书活动,培养其阅读兴趣,养成好读书、读好书的习惯,过一个真正健康、有意义的寒假。
9.ཉིས་འཕྲི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱ་དགོས།
ཉུང་གཏོང་གི་སྲིད་ཇུས་དང་བླང་བྱ་དོན་འཁྱོལ་གང་ལེགས་བྱ་ཆེད།སློབ་གྲྭས་ཕྲུ་གུ་ཚོར་ཉུང་གཏོང་དང་ཕན་འབྲས་ཆེ་བའི་གུང་གསེང་གི་སྦྱོང་ཚན་ཉུང་ཙམ་བཀོད་སྒྲིག་བྱས་ཡོད། ཁྱིམ་བདག་ཚོས་གུང་གསེང་རིང་ཕྲུ་གུར་གུང་གསེང་རིང་གི་འཆར་གཞི་བཟོ་དགོས་པའི་ཁྲིད་སྟོན་བྱེད་པ་དང་འཚོ་བར་གོ་རིམ་ཡོད་དགོས་པ་མ་ཟད།ཕྲུ་གུར་གུང་གསེང་རིང་གི་སྦྱོང་ཚན་ནན་ཏན་ངང་སྒྲུབ་དགོས་པའི་ལྕག་སྐུལ་བྱས་ནས་ཉིན་ལྟར་ལུས་རྩལ་སྦྱོང་བརྡར་འོས་འཚམ་ཞིག་བྱེད་དགོས། ཕྲུ་གུ་ཚོས་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས་ནས་ཁོང་ཚོའི་དཔེ་དེབ་ཀློག་པའི་སྤྲོ་སྣང་འཕེལ་བ་དང་།དཔེ་ཀློག་ཡག་པོ་བྱེད་པ།དཔེ་དེབ་ཡག་པོ་ལྟ་བ་བཅས་ཀྱི་གོམས་གཤིས་འཇགས་པར་བྱས་ནས་དངོས་འབྲེལ་བདེ་ཐང་དང་དོན་སྙིང་ལྡན་པའི་དགུན་ཁའི་གུང་གསེང་ཞིག་གཏོང་དགོས།
家长朋友们,让我们携手同心,交好孩子成长的接力棒,家庭、学校、社会协同努力,尊重孩子、关爱孩子、帮助孩子成长成才!再次衷心感谢您对我校一如既往的理解与支持!
衷心祝愿您和家人
工作顺利!
身体健康!
阖家团圆!
ཁྱིམ་བདག་རྣམ་པ།ང་ཚོས་ལག་གདང་སྦྲེལ་ནས་ཕྲུ་གུར་འཚར་ལོངས་ཡོང་བའི་མཐུད་རྒྱུག་ཡག་པོ་སྤྲོད་རྒྱུ་དང་།ཁྱིམ་ཚང་དང་།སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་རྒྱུ།ཕྲུ་གུར་བརྩི་འཇོག་དང་།ཕྲུ་གུར་གཅེས་སྐྱོང་།ཕྲུ་གུར་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་རོགས་རམ་བཅས་བྱེད་དགོས། ཁྱེད་ཀྱིས་ང་ཚོའི་སློབ་གྲྭར་སྔར་བཞིན་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐར་ཁྱེད་རྣམ་པའི་ལས་དོན་ལམ་ལྷོངས་ཡོང་བ་དང་སྐུ་གཟུགས་བདེ་ཐང་ཡོང་བ།ནང་མི་ལྷན་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ།
碌曲县郎木寺镇贡巴小学
2024年1月8日