བརྩེ་བ་ནི་སློབ་གསོའི་སྨན་མཆོག་ཅིག་ཡིན།
亲爱的家长朋友们:
您好!寒冬辞旧岁,瑞雪迎新年。感谢各位家长朋友一直以来对园所工作的支持与理解!新年的脚步越来越近,我们满载着收获,以饱满的精神迎来新的一年。祝您们身体健康、工作顺利!万事如意、阖家幸福!相信在新的一年里,我们会齐心协力,共同陪伴孩子们度过健康、快乐的每一天!
敬请家长配合做好孩子的监护、教育工作。


དགེ་སློབ་ཟུང་གི་སྐྱིད་སྡུག་འདྲེས་མའི་ལོ་ཟླ་ཞིག་ཕར་ལ་སྐྱེལ་བཞིན་གནམ་ལོ་གསར་པ་ཞིག་གི་དབུ་ཁྱུད་ལ་འཇུས་ཏེ་མ་འོངས་པའི་སློབ་སྦྱོང་གི་འདུན་མ་སྔར་ལས་ཡངས་བའི་སྨོན་འདུན་དང་སྦྲགས། དཀར་ཞིང་དྲི་མའི་མ་གོས་བའི་སྒོང་བག་ལ་གདོང་གཏད་དེ་དྭངས་གཙང་གི་རང་གཤིས་རྒྱང་དུ་བསྲིངས།




ངེད་འཛིན་གྲྭའི་གཅེས་ཕྲུག་མ་དག་གི་སློབ་གླིང་གི་འཚོ་བ་དགའ་སྤྲོའི་འཛུམ་གྱིས་བསུ་བའི་འཛུམ་ཆུང་།
སློབ་རའི་མཛེས་ལྗོངས་ཀྱི་འཚོ་བར་ཞེན་ལ་རང་ཉིད་ཀྱི་དགའ་ཕྱོགས་མངོན་བཞིན་སྐྱིད་པའི་གར་གྱི་སྟངས་སྟབས་དང་རྩལ་དྲུག་ལུས་ལ་སྒྲིམ་སྟེ་རྐང་རྩེད་སྤོ་ལོ་རྩེ་བའི་ཟུར་གྱི་མངར་ལ་སྐྱུར་བའི་འཚོ་བ་།

ཨ་ཕའི་ཡ་ཐོད་ཀྱི་མིག་དང་ཨ་མའི་ཡ་ཆུང་གི་སྙིང་ལྟ་བུའི་ངའི་སེམས་ཀྱི་གཅེས་ཕྲུག་འདི་དག ཉི་མ་དང་ཆེས་ཐག་ཉེ་བའི་དག་ཞིང་གི་གནས་མཆོག་སྟེ་མདོ་དབུས་མཐོ་སྒང་ནས། ཨ་ཕའི་བསླབ་བྱ་སེམས་སུ་ཉར་བཞིན་ཨ་མའི་བརྩེ་བ་ཁྱིམ་དུ་བཞག་ནས་ལེ་བར་སྟོང་ཕྲག་གཉིས་ཀྱི་བར་མཚམས་སུ་ལྔ་རིག་ཤེས་བྱའི་བང་མཛོད་དུ་དགོང་འཕྱི་ཉལ་དང་ནངས་སྔ་ལངས་བྱས་ཏེ། བརྩོན་པའི་ཆུ་བོའི་རྒྱུན་ཆད་མ་མྱོང་ལ། དམ་བཅའི་སྐ་རགས་ལྷོད་དུ་འཇུག་མ་མྱོང་།
རང་སློབ་གྲྭའི་ཐུགས་དགོངས་མཁའ་ལས་ཡངས་ཤིང་བརྩེ་བ་མཚོ་ལས་ཟབ་པའི་འགོ་ཁྲིད་དག་གི་བྱམས་བརྩེ་ཡི་ཕྱག་ཟུང་དྲོད་མོ་ལས་དགའ་འབུམ་གྱིས་ཕྱུག་པའི་བརྩེ་བ་གནང་བཞིན། ངེད་དགེ་སློབ་ཀུན་ལ་ལོ་གསར་བའི་ནང་ཅི་བསམ་འགྲུབ་དང་སློབ་སྦྱོང་ཡར་ངོ་ཟླ་བཞིན་འཕེལ་བའི་བཀྲ་ཤིས་པའི་ཁ་གཡང་དང་སྨོན་འདུན་གྱི་ཤིས་ཚིག་ཕུལ་བ་བཀའ་དྲིན་ཆེ་ཞུ།


སློབ་སྐབས་འདིར་གཅེས་ཕྲུག་གི་རང་ཉིད་ཀྱི་བརྩོན་པའི་རྒྱུ་ལས་སྨིན་པའི་འབྲས་རྟགས་གཟིགས་སུ་བཀྲམས།

迎向2024年,
许下多个愿望和祝福。
祝福大家阖家如意,幸福安康,
希望在新的一年,
大家都平平安安,健健康康,
迎接新的挑战,取得新的成就!
黄冈市中等职业技术学院(集团)
2024年1月3日