རྩེ་ཁོག་རྫོང་མི་རིགས་སློབ་དང་པོའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ།
泽库县第一民族中学班主任经验交流会
༄༅།།སྤྱིར་ཕ་མ་ཇི་ལྟ་བུ་ཞིག་ཡིན་ན་བུ་ཕྲུག་དེ་ལྟ་བུ་ཞིག་ཡིན་པ་དང་། སློབ་གསོ་ཇི་ལྟ་བུ་ཞིག་ཡིན་ན་སློབ་གྲྭ་དེ་ལྟ་བུ་ཞིག་ཡིན་པ། འཛིན་བདག་ཇི་ལྟ་བུ་ཞིག་ཡིན་ན་འཛིན་གྲྭའང་དེ་ལྟ་བུ་ཞིག་ཡིན་ངེས་ཤིང་། འཛིན་བདག་ནི་སློབ་གྲྭའི་མགོ་ཁྲིད་པའི་ལས་རོགས་འཇོན་པོ་ཞིག་དང་། དེའི་ལས་ཀ་ནི་སློབ་གྲྭའི་སློབ་གསོའི་རྨང་གཞི་ཡིན་པས། སློབ་གྲྭའི་བྱ་བ་ཡོད་ཚད་ནི་འཛིན་བདག་གི་བྱ་བ་དང་འབྲེལ་བ་དམ་ཟབ་ཡོད་སྟབས། འཛིན་བདག་ནི་འཛིན་གྲྭ་ཐུན་མོང་གི་རྩ་འཛུགས་པ་དང་། སློབ་གསོ་བ། མཛུབ་སྟོན་པ། སྣེ་ཁྲིད་པ་སོགས་ཡིན་ཞེས་བཤད་ཀྱང་ཅི་ལ་མི་ཆོག
དེ་བས། ངེད་རྩེ་ཁོག་རྫོངམི་རིགས་སློབ་འབྲིང་དང་པོའི་སློབ་སྒྲུབ་བྱ་བ་སྤྱི་དང་ནང་སྒོས་སུ་འཛིན་བདག་གི་བྱ་བའི་ཐད་ནས་ཆད་པ་ཁ་གསབ་དང་། ཡོ་བ་བཅོས་བསྒྱུར། ལེགས་པ་འཕེལ་རྒྱས་བཅས་ཡོང་བར་དམིགས་ཏེ། རང་སློབ་གྲྭའི་སྲིད་སྟོན་ཁང་གིས་འཛིན་གྲྭའི་དོ་དམ་དང་སློབ་སྐྱོང་ཐབས་ལམ་བརྗོད་གཞིར་བཟུང་བའི་ཉམས་མྱོང་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། སློབ་གྲྭའི་མགོ་ཁྲིད་རྣམས་དང་འཛིན་བདག་ཡོངས་གདན་འཛོམས་ཐོག་ལོ་ངོ་དུ་མའི་རིང་འཛིན་བདག་དགེ་རྒན་བྱས་མྱོང་བའི་རྒན་རྣམ་པ་དག་ལ་འཛིན་བདག་བྱ་བའི་ཉམས་མྱོང་སྐོར་ནས་བགྲོ་གླེང་བྱེད་སྒོ་སྤེལ།
ཚོགས་འདུའི་གོ་རིམ་དང་པོ།
ཀུན་སྤྱོད་ཀྲུའུ་རིན་པདྨ་བསམ་འགྲུབ་ཀྱིས་ཐེངས་འདིའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུ་ལ་མདོ་འཛིན་བྱས།
ཚོགས་འདུའི་གོ་རིམ་གཉིས་པ།
སློབ་གཙོ་གཞོན་པ་ཤ་བོ་དོན་འགྲུབ་ལགས་ཀྱིས་ཚོགས་འདུའི་མགོ་རྩོམ་པའི་མཛད་སྒོར་གླེང་གཞིའི་གཏམ་བཤད་གནང་བ།
ཚོགས་འདུའི་གོ་རིམ་གསུམ་པ།
རྒན་ཟོན་འབྲུག་རྒྱ་མཚོ་ལགས་ནས་དུས་ཡུན་རིང་བོར་བསགས་པའི་འཛིན་བདག་བྱ་བའི་ཉམས་མྱོང་གི་བདུད་རྩིའི་ཐིགས་པ་རེ་རེར་གསོང་བོར་གླེང་བ།
ཚོགས་འདུའི་གོ་རིམ་བཞི་བ།
རྒན་གཡང་དྲུང་རྒྱལ་མཚན་ལགས་ནས་འཛིན་བདག་གི་སློབ་སྒྲུབ་ཐབས་ལམ་སྐོར་ནས་གཏམ་བཤད་གནང་བ།
ཚོགས་འདུའི་གོ་རིམ་ལྔ་།
རྒན་འབུམ་པ་རྒྱལ་ལགས་ཀྱིས་འཛིན་གྲྭའི་རྒྱུན་སྲོལ་དོ་དམ་དང་ལྷག་བསམ་ལྡན་པའི་སློབ་མ་སྐྱོང་ཐབས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་།
ཚོགས་འདུའི་གོ་རིམ་དྲུག་པ།
སློབ་གཙོ་རིན་ཆེན་ཚེ་རིང་ལགས་ནས་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུ་ལ་སྤྱི་སྡོམ་དང་རྗེས་ཕྱོགས་འཕེལ་རྒྱས་བཅས་ཀྱི་ཐད་ལ་རེ་བ་བཏོན།
ཚོགས་འདུའི་གོ་རིམ་བདུན་པ།
སློབ་གཙོ་རྣམ་པས་ཐེངས་འདིའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེངཚོགས་འདུའི་སྟེང་གཏམ་བཤད་གནང་པའི་དགེ་རྒན་རྣམས་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་གནང་བ།