ཉེ་བའི་ལོ་ཤས་རིང་། འབྲི་སྟོད་རྫོད་སྟོད་ཚེ་ཞང་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་བསོད་རུ་ཚེ་རིང་ནོར་བུ་དང་དེ་བཞིན་སྡེ་ཁུལ་གྱི་རུ་དཔོན་གྱི་འགོ་ཁྲིད་འོག་ནས།“ས་མཐོའི་ནོར་གནག་གི་གསོ་སྤེལ་རྟེན་གཞི་བཟང་པོའི”གནས་ཐིག་གཏན་འཁེལ་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱ་ཡུལ་གཙོ་བོ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་ནོར། ཕྱུགས་ལས་ཀྱི་སྤུས་ཚད་ཕན་འབྲས། འགྲན་ནུས་དང་ཕྱིར་གཏོང་ཆུ་ཚད་བཅས་མུ་མཐུད་དུ་ཇེ་དགའ་བཏང་ནས། ཞིང་ཕྱུགས་ལས་ཁྲོམ་རའི་འགྲན་ནུས་དང་ཤུགས་རྐྱེན་ཐེབས་ཚད་མཐོབཪ་བརྟན་པོཪ་བཏང་ཡོད།
“ཐོན་ལས་དར་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། “འབྲོག་ལས་ལ་བརྟེན་ནས་ཕ་ཡུལ་བརྟན་དུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ། འབྲི་སྟོད་རྫོང་གིས་ས་མཐོའི་འབྲི་གཡག་ཐོན་ལས་རྟེན་གཞི་རྩེ་གྲ་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། སྟོད་ཚེ་ཞང་སྟག་སེང་སྡེ་བ་བསྐྲུན་པ། འབྲི་གཡག་གསོ་ཚགས་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ། རྒྱུད་བཟང་འབྲི་གཡག་གསོ་སྤེལ་རྟེན་གཞིར“ཕྱུགས་བྱའི་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར”ཐོབ་པ་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་གཙོ་གཟུགས་རྩ་འཛུགས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།
རྒྱུད་བཟང་གསོ་སྤེལ་རྟེན་གཞིའི་ས་ཆ་འགྲིམ་འགྲུལ་སྟབས་བདེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ། ཆུ་ཁུངས་འཆར་ཉེར་ཡོད་པ་བཅས་ཡིན་ཞིང་།ལོ་མང་རིང་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་བརྒྱུད་མིག་སྔར་གཞི་གཅིག་ཅན་དང་། རིམས་འགོག་ལོགས་དབྱེ། གནོད་མེད་ཅན་གྱི་ཐག་གཅོད་རྫིང་བུ། སྨན་ཁབ་རྒྱག་ས། ར་བའི་ནང་གི་ཕྱུགས་ཚང་དང་ཕྱུགས་ཚང་སོགས་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ཡོད་པ་མ་ཟད། ཐོན་སྐྱེད་ཁུལ་དང་། འཚོ་བའི་ཁུལ། གཞུང་ལས་ཁུལ་བཅས་ལོགས་སུ་དབྱེ་རྒྱུའི་རྩ་དོན་ལྟར་དེ་མཚུངས་ཀྱི་ས་ཁོངས་བཙུགས་ཏེ་ཕྱུགས་རའི་སྦགས་བཙོག་མེད་པ་དང་། རྒྱུད་བཟང་གསོ་སྤེལ་རྟེན་གཞི་དེ་གཉིས་ནི་ས་མཐོའི་འབྲི་གཡག་དང་། འདེབས་གསོའི་ལྟེ་བའི་ཁྱུ་ཚོགས། རྨང་གཞིའི་ཁྱུ་བཅས་ལས་གྲུབ་པའི་ས་མཐོའི་འབྲི་གཡག་གསོ་སྤེལ་མ་ལག་ཅིག་ཏུ་གྱུར་ནས་ཡུལ་ཤུལ་གྱི་འབྲི་གཡག་དང་། རིགས་རྒྱུད་ཀྱི་ལྟེ་བའི་ཁྱུ་ཚོགས། གསོ་སྤེལ་ཚོགས་པ་བཅས་ལས་གྲུབ་པའི་ཡུལ་ཤུལ་གྱི་འབྲི་གཡག་གསོ་སྤེལ་མ་ལག་ཅིག་ཆགས་ཡོད་པ།
འབྲི་སྟོད་རྫོང་སྟོད་ཚེ་ཞང་སྟག་སེང་སྡེ་བ་ཕྱུགས་རྒྱུད་ནི་ཁེར་རྐྱང་གིས་རྩིས་གཞི་བྱེད་པ་དང་། ཕྱུགས་རྒྱུད་མ་ཡིན་པའི་ཕྱུགས་ཀྱི་ཚོགས་སྤྱིས་རྩིས་གཞི་བྱེད་པའི་བསམ་ཕྱོགས་ལྟར། བོད་ཀྱི་འབྲི་གཡག་མགོ་གྲངས་༥༠དང་འབྲི་མགོ་༩༠ཡིག་ཚགས་ཆ་འཕྲིན་ཟིན་ཐོར་བཀོད་ཟིན་པ། ས་མཐོའི་འབྲི་གཡག་གི“ཚེ་གང་གི་ཡིག་ཚགས”བཟོས་པ། ཕྱུགས་རར་གསོ་ཚགས་དང་། བཤས་གཏོང་ལས་སྣོན། ཕྱུགས་ཟོག་གི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ། ཕྱུགས་རིགས་གསོ་ཚགས་སོགས་ལྷུ་ཚིགས་ཁག་ལ་ཁྱོན་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ་ཆ་འཕྲིན་སྤེལ་རེས་དང་། ཞབས་ཞུ་གསབ་རེས། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་གོམ་སྟབས་ལ་སྔར་བས་སྐུལ་འདེད་བཏང་ནས་འབྲོག་ལས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།