༼ མེས་པོའི་རྣམ་དཔྱོད་རྣ་བའི་བུ་རུམ ཞེས་པའི་

གནའ་གཏམ་འགྲན་སྡུར་གྱི་བྱ་འགུལ།

高原之子
创建于2023-11-30
阅读 307
收藏TA

需扫码在手机上打开
文章后点击更新提醒

01:18

དེ་རིང་ཕྱི་དྲོ་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་རང་སློབ་གྲྭས་གཙོ་སྒྲུབ་དང་སློབ་སྟོན་ཁང་གིས་འགན་སྒྲུབ་བྱས་པའི་སྐབས་གསུམ་པའི་༼ མེས་པོའི་རྣམ་དཔྱོད་རྣ་བའི་བུ་རུམ་ ཞེས་པའི་གནའ་གཏམ་འགྲན་སྡུར་དངོས་སུ་འགོ་བརྩམ།

 འགྲན་སྡུར་སྟེང་སློབ་གཙོ་ཚེ་གཟུངས་འཚོ་གཙོ་མཛད་པའི་དཔྱད་འདེམས་དགེ་རྒན་དག་དང་དམའ་རིམ་སྡེ་ཁག་གི་དགེ་སློབ་ཡོངས་ཚབ་ཞུགས་གནང་། བྱིས་པ་ཚོའི་འཇོན་ཐང་ལྡན་པའི་ཁ་ལྕེ་དང་ཉམས་འགྱུར་ལེགས་པའི་བཟོ་ལྟ། གསལ་ཞིང་དག་པའི་སྐད་གདངས་བཅས་ཀྱིས་ཉན་མཁན་ཡོངས་ལ་སྔར་མེད་པའི་མེས་པོ་དག་གི་བྱས་རྗེས་ལ་དུངས་བའི་བློ་མིག་སྐྱེད།

 ལྷད་མེད་སློབ་བུ་ཡོངས་ཀྱིས་དྲིན་ལྡན་ཕ་མར་བཀུར་བསྟི་དང་དགེ་རྒན་དམ་པའི་ཞལ་གསུངས་བརྩིས་ནས། རང་མི་རིགས་ཀྱི་སྲོལ་བཟང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གལ་ཆེའི་རང་བཞིན་གྱི་གནའ་གཏམ་མང་པོ་བཤད།

07:33
03:35
05:21
02:20
06:25

བར་བཅུག་གི་རིག་རྩལ།

00:36
01:02

         ལྔ་རིག་ཆུ་འཛིན་འཛིན་པའི་བ་གམ་ལས།།

         སྨྲ་ལྕེ་གཡུ་འབྲུག་རྒོད་པོས་དངོས་གྲུབ་སྦྱིན།།

         ཡབ་མེས་ཞལ་གསུངས་རྣལ་མའི་མཆོད་པ་འདི།།

         རབ་དཀར་ཞིང་མཆོག་འདི་ཡི་དཔལ་དུ་ཕུལ།།

阅读 307
文章由 美篇工作版 编辑制作
投诉