“གསུང་རབ་བརྒྱུད་བསྒྲགས་བྱས་ནས། རང་ཉིད་འགྲེམ་སྟོན་བྱེད་པ།”
སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཁྱོན་ཡོངས་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་གོང་མཐོར་གཏོང་བ། ཡང་དག་པའི་སྒོ་ནས་སྐད་ཡིག་སློབ་གསོའི་ཁྱད་ཆོས་འཛིན་པ་དང་ཧུར་བརྩོན་གྱི་རང་ཚུགས་དང་། མཉམ་ལས། འཚོལ་དཔྱད་བཅས་ཀྱི་སློབ་སྦྱོང་བྱེད་ཚུལ་སོགས་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཆེད་དུ་ངེད་སློབ་གྲྭས་སྐབས་གཉིས་པའི་སློབ་ཚན་འཁྲབ་སྟོན་གྱི་བྱ་འགུལ་འདི་སྤེལ་བ་ཡིན།
སློབ་ཁྲིད་ཁྲོད་ནས། དགེ་རྒན་གྱིས་སློབ་ཚན་ནང་གི་མི་སྣ་རེ་རེ་ལ་གསལ་འགྲེལ་བྱེད་ཡོང་།
གར་སྟེགས་སྟེང་ནས། སློབ་མ་རྣམས་ཀྱིས་སློབ་ཚན་ནང་གི་མི་སྣ་དག་རེ་རེ་བཞིན་འཁྲབ་སྟོན་བྱེད་པ།
བྱིས་པ་གཞུང་དྲང་ཞིག་བྱེད་རྒྱུ་ནི་མི་ཚེའི་བླངས་བྱ་གལ་ཆེན་ཞིག་ཡིན་ལ། གཡོ་སྒྱུ་དང་མགོ་སྐོར་གྱི་བྱ་བས་རེ་ཞིག་ཁྱོད་ལ་རྒྱལ་ཁ་ཐོབ་མི་སྲིད།
ཨ་ཕའི་གདམས་ངག་ནི་སེམས་ཀྱི་སྒྲོན་མེ་ཡིན། ཨ་ཕའི་གདམས་ངག་ནི་ཚེ་ཡི་ལམ་སྟོན་ཡིན།
ལུས་པོ་བདེ་ན་སེམས་པ་སྐྱིད། སེམས་པ་སྐྱིད་ན་ལུས་པོ་བདེ་ཞེས་པ་དཔེ་ལྟར།
ངས་འབྲས་དཀར་བཤད་ན་འབྲས་དཀར་བཤད།ངས་འབྲས་དཀར་བསམ་པའི་དོན་འགྲུབ་བཤད།ང་འབྲས་དཀར་བསམ་པའི་དོན་འགྲུབ་ཡིན།ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན
སློབ་གསོ་ནི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་ཡིན་ལ།
སློབ་གསོ་ནི་གནས་ལུགས་ཀྱི་ངོ་གདོང་སྟོན་པའི་མེ་ལོང་ཡིན།
ཕོ་ཉལ་བ་མང་ན་དགྲ་མགོ་ཤོར། །
མོ་ཉལ་བ་མང་ན་ལས་མགོ་ཤོར། །
མཇུག་མཐར་བྱ་དགའ་ཐོབ་པའི་དགེ་རྒན་དང་སློབ་མ་རྣམས་ལ་གཟིངས་རྟགས་ཕུལ་བ་དང་། བྱ་དགའི་རྣམ་གྲངས་ལ་ལོ་རིམ་གཉིས་པ་ནས་དྲུག་པའི་བར་ལོ་རིམ་རེ་ནས་ཨང་དང་པོ་གཅིག་དང་སྐུལ་ལྕག་བྱ་དགའ་གཅིག་བཅས་ཡོད་ལ། སློབ་གཙོ་ཡེ་ཤེས་རྒྱ་མཚོ་ལགས་དང་སློབ་གཙོ་དགེ་ལེགས་བསམ་འགྲུབ་གཉིས་ཀྱིས་གཟེངས་རྟགས་ཕུལ་བ་དང་མཉམ་དུ་ཐེངས་འདིའི་“གསུང་རབ་བརྒྱུད་བསྒྲགས་བྱས་ནས། རང་ཉིད་འགྲེམ་སྟོན་བྱེད་པ།”ཞེས་པའི་སློབ་ཚན་འཁྲབ་སྟོན་གྱི་བྱ་འགུལ་བདེ་ལེགས་ངང་མཇུག་རྫོགས་པ་ཡིན།