༼ཡོངས་བསྒྲགས་སློབ་ཁྲིད༽ ཀྱི་སློབ་དཔྱོད་བྱ་འགུལ།

<石邓中藏文教研组>
编辑于11-01
阅读 3321
收藏TA

需扫码在手机上打开
文章后点击更新提醒

    སེར་ཤུལ་རྫོང་འདན་ཁོག་སློབ་འབྲིང་གི་སློབ་ཁྲིད་ཞིབ་འཇུག་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།  ༢༠༢༤ལོར་སྟོན་དུས་སུ་ང་ཚོས“ཡོངས་བསྒྲགས་སློབ་ཁྲིད”ཀྱི་རྣམ་པའི་ཐོག་ནས་བོད་སྐད་ཡིག་གི་སློབ་ཁྲིད་གསར་གཏོད་དང་སྒྱུར་བཅོས་འཚོལ་ཞིབ་གཏིང་ཟབ་བྱས་པ་མཟད། ད་དུང་བོད་སྐད་ཡིག་གི་སློབ་ཁྲིད་བྱེད་སྒོའི་ནང་གི་སྔ་ཕྱི་བསམ་བཞིག་གི་རང་བཞིན་དང་ཉམས་མྱོང་ལག་ལེན་གྱི་རང་བཞིན་གང་ལེགས་མངོན་ཡོད།

དགེ་རྒན་ཆོས་རྒྱལ་གྱི་སློབ་ཁྲིད།

ཚིག་ཕྲད་ཀྱི་ངོ་བོའི་སྐོར།

‍༡  ༼ སྨྲ་སྒོ་མཚོན་ཆ༽་ལས། གང་ཞིག་རང་གི་དོན་མེད་ཅིང་། དོན་གྱི་མིང་ལ་གསལ་བྱེད་པ། ཚིག་གི་ཕྲད་ཅེས་བྱ་བ་བརྗོད། དཔེར་ན། ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལ

‍་ལྟ་བུའོ། 

‍༢ ཨ་ལགས་དོར་ཞིས། ཚིག་ཕྲད་ནི་དོན་སོ་སོ་བ་རེ་སྟོན་པའི་མིང་གསིལ་བ་བུར་གནས་པ་རྣམས་གནས་སྐབས་གྱི་དོན་སྟོན་པའི་དགོས་མཁོ་དང་བསྟུན་ནས་ཕན་ཚུན་འཕྲད་པར་བྱེད་པའམ་ཕྱོགས་གཅིག་ཏུ་བསྡེབས་ནས་དོན་གྱི་རང་བཞིན་དང་བྱ་བའི་ཁྱད་པར་སོགས་བརྗོད་པ་ཚང་བའི་ཚིག་ཏུ་འགྲུབ་བྱེད་ཀྱི་རྐྱེན་ཡི་གེར་ཟེར་ཞེས་བརྗོད། 

‍༣  ཨ་ལག་གསེར་ཏོག་གིས་ཚིག་གི་ཕྲད་དུ་གྱུར་བས་ཚིག་ཕྲད་དེ། དེ་ཡང་ཡི་གེ་ཙམ་གྱི་གཞི་གཉིས་སམ་དུ་མ་ཕན་ཚུན་སྦྱོར་བའི་ཚེ། དེའི་བར་དང་མཐའ་དང་འགའ་ཞིག་ལ་ཐོག་མར་ཡང་སྦྱར་བ་ན་མིང་ཉིད་གསལ་བར་བྱེད་པ་ཚིག་གི་བརྗོད་དོན་གསལ་བར་བྱེད་པ་དང་རྒྱན་བྱེད་དུ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཤིག་ཡིན་ནོ་ཞེས་གསུངས། 

‍༤ ༼ ཐོན་མིའི་ཞལ་ལུང༽ ལས་མིང་ཚིག་གཅིག་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགད་ཀྱི་གནས་སུ་ཕྲད་དེར་སྦྱར་བ་ན་དོན་ཞིག་སྟོན་ལ།   དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་པ་དེས་སྤྱི་བམ་པ་ཞིག་ལས་དོན་གསལ་བོ་ཅི་ཡང་མི་སྟོན་ནོ་ཞེས་གསུངས། 

‍     གང་ལྟར་ཡང་རང་ཉིད་མིང་ཚིག་གཞན་དང་སྦྱར་བ་ན་དོན་གསལ་བོ་ཞིག་སྟོན་ལ་། དེ་མ་སྦྱར་བའི་ཕྲད་རྐྱང་པ་དེ་རྣམས་རང་ཉིད་ཚིག་རྐྱང་གིས་བརྗོད་བྱ་སྟོན་པའི་ནུས་པ་ནི་ཡེ་ནས་མེད། དེ་ཕྱིར་ཚིག་དོན་སྔ་ཕྱི་འཕྲད་པ་བྱས་ནས་དོན་སྟོན་པ་ལ་ཕན་ཐོགས་པ་ཞིག་ཚིག་ཕྲད་ཅེས་བརྗོད་ན་ཡང་འགྲིག་པ་སེམས།   དེ་ནི་མིང་ཚིག་ཕན་ཚུན་མཚམས་སྦྱོར་བྱེད་སྐབས་ཁབ་དང་སྐུད་པ་ལྟ་བུའི་ནུས་པ་ཐོན་གྱི་ཡོད། དཔེར་ན། ངོ་ལ་བོ་སྦྱོར་བས་ངོ་བོ་ཞེས་མིང་དང་། ངོ་མཐོའི་བར་དུ་སོ་སྦྱར་བས་ངོ་སོ་མཐོ་ཞེས་བརྗོད་བདེ་བར་གྱུར་བ། སྐུ་དང་མཛེས་ཀྱི་བར་དུ་ནི་སྒྲ་སྦྱར་བས་སྐུ་ནི་མཛེས་ཞེས་རྒྱན་དུ་གྱུར་བར་ཕན་བདེ་ཡོད་པ་ལྟ་བུའོ། བོད་སྐད་ཡིག་གི་ཚིག་ཕྲད་ལ་ངོ་བོ་དེ་ལྡན་པ་གལ་ཆེར་བཟུང་སྟེ་སྦྱངས་པ་མཛད་དགོས་པ་མ་ཟད་།     ལག་ལེན་དངོས་ཀྱི་ནང་དུའང་གཞུང་ནང་བསྟན་པའི་དོན་ཇི་བཞིན་སྦྱར་ཤེས་པ་བྱ་རྒྱུ་ནི་གལ་ཆེའོ། 

དགེ་རྒན་ཐུབ་བསྟན་མཁའ་འགྲོའི་སློབ་ཁྲིད།

རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་སྐོར།

‍འབྲེལ་སྒྲ་ནི་བརྡ་སྤྲོད་པའི་ལེའུ་ནང་དུ་ཆེས་རྙོག་འཛིང་ཅན་གྱི་ནང་དོན་ཞིག་རེད་ཟེར་ངག་ནས་བརྗོད། དེ་ཡང་སྲོལ་རྒྱུན་རིག་པའི་གཞུང་རྣམས་ཀྱིས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི་གཙོ་བོ་རྣམ་དབྱེའི་ཕྲད་ཀྱི་ཐོབ་ཐང་དང་།   རྣམ་དབྱེ་སྦྱར་སའི་མིང་སྔ་ཕྱིའི་བརྡ་དོན་འབྲེལ་བ་ཙམ་གླེང་པ་མ་ཟད། ད་དུང་མིང་དང་མིང་འཕྲད་པའི་བར་སྐབས་ཐོག་གང་ནས་འབྲེལ་སྒྲ་མཚམས་སྦྱོར་དགོས་པ་དང་སྐབས་ཐོག་གང་དུ་འབྲེལ་སྦྱོར་རུང་བ། འབྲེལ་སྒྲ་སྦྱར་དང་མ་སྦྱར་བས་དོན་དང་ངོ་བོའི་ཁྱད་པར་འབྱུང་མི་འབྱུང་སོགས་བརྗོད་དང་།  དེ་བས་བོད་ཡིག་གི་ལག་ལེན་ཁྲོད་དུ་འབྲེལ་སྒྲ་སྦྱོར་དང་མི་སྦྱོར་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་ཆགས་སུ་མེད་ཅིང་། འབྲེལ་སྒྲ་སྦྱོར་མི་རུང་བའི་སྐབས་ཐོག་མང་པོ་ཞིག་ཏུའང་མཐའ་གཅིག་ཏུ་འབྲེལ་སྒྲས་མཚམས་སྦྱོར་བཞིན་པའི་གནད་དོན་གང་ཞིག་བྱུང་ཡོད་རེད་ཅེས་བརྗོད་དོ། 

དགེ་རྒན་དྲི་མེད་ཀྱི་སློབ་ཁྲིད།

མགྱོགས་ཁག་གསུམ་གྱི་སློབ་ཚན་སློབ་ཁྲིད།

སློབ་ཚན་འདིར་རྩོམ་པ་པོས་སྙན་ངག་གི་མཚོན་ཐབས་ལ་བརྟེན་ནས་དབང་པོ་ལྔའི་ནང་གསེས་ཀྱི་མིག་དང་ལྕེ། རྣ་བ་གསིམ་གྱི་ཚོར་བ་བྲིས་པ་བརྒྱུད་ནས། སྤྱི་ཚོགས་འཚོ་བའི་ནང་གི་མི་ཁ་ཤས་ཀྱིས་བདེན་པ་འཛིན་པར་སྨྲ་བ་དང་། སྣང་བ་འཁྲུལ་བར་མཐོང་བ། ཐོས་པ་དབྱེན་དུ་གོ་ནས་ཀུན་ལ་ཕུང་དཀྲུག་སློང་བའི་བྱ་སྤྱོད་དག་ལ་འཚང་འབྱིན་དང་ཟུར་ཟ་བྱས་ཡོད། དགེ་རྒན་དྲི་མེད་ཀྱིས་དབང་པོ་ལྔ་རི་མོར་དཔེ་འཇོག་ནས་སློབ་མར་མཚོན་བྱ་ཤེས་རྟོགས་བྱ་རུ་བཅུག་པ་མ་ཟད། ད་དུང་ཁོང་གིས་སློབ་མ་ཚོར་བློ་ཁོག་ཆེན་པོས་འདྲི་བ་འདོན་པ་དང་བསམ་བློ་ཧུར་ཐག་དགོས་པའི་སྐུལ་སློང་གཏོང་།  ཁོང་གི་ཁྲིད་སྟོན་འོག་སློབ་མ་ཚོས་བོད་སྐད་ཡིག་གི་གསུང་རབ་ལ་གོ་བ་ཇི་ལྟར་ལེན་ཤེས་པ་དགོས་དང་དཔེ་རྙིང་སོགས་བལྟ་དགོས་ཅེས་ལབ། ཁོང་གི་སློབ་ཁྲིད་དུ་སློབ་མ་ཕན་ཚུན་འགྲན་སློང་གི་སྤྲོ་བ་འཁོར་བ་ནི་རང་ཉིད་འཚར་ལོངས་འགྲོ་བའི་རྒྱུ་རུ་གྱུར་ཡོད། 

བྱ་འགུལ་གྱི་དོན་སྙིང་།

༼ཡོངས་བསྒྲགས་སློབ་ཁྲིད་༽ཀྱི་སློབ་གསོའི་ཞིབ་འཇུག་བྱེད་སྒོ་སྤེལ་བ་དེས་འདན་ཁོག་སློབ་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་མ་ཟད།    ས་བབ་མཐོ་བའི་སློབ་གསོའི་ལས་རིགས་ཧྲིལ་པོར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཡང་ཐེབས་ཡོད། དེས་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་བཏང་བ་མ་ཟད། སློབ་གྲྭ་གཞན་དག་ལའང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བློ་སྒོ་ཕྱེ་ཡོད།  སློབ་གསོའི་བྱེད་སྒོ་འདི་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕན་པ་མ་ཟད། མཐོ་སྒང་གི་སློབ་གསོ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའང་སྐུལ་འདེད་ཆེན་པོ་ཐེབས་ཡོད། 

སློབ་ཁྲིད་ཉན་པའི་རྣམ་པ།

‍སེར་ཤུལ་རྫོང་འདན་ཁོག་སློབ་འབྲིང་གི་བོད་སྐད་ཡིག་སློབ་ཚན་གྱི་ཡོངས་བསྒྲགས་སློབ་ཁྲིད་བྱེད་སྒོའི་ཁྲོད་ང་ཚོས་སློབ་གསོ་སྒྱུར་བཅོས་ཀྱི་གསོན་ཤུགས་མངོན་པའི་སྟོབས་ཤུགས་མཐོང་ཐུབ། འཚོལ་ཞིབ་གཏིང་ཟབ་དང་གསར་གཏོད་ལག་ལེན་བྱས་པ་བརྒྱུད་དེ་འདན་ཁོག་སློབ་འབྲིང་གིས་བོད་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུར་ལམ་བུ་གསར་པ་ཞིག་བཏོད་ཡོད། དེ་ནི་མཐོ་སྒང་ས་ཁུལ་གྱི་སློབ་གསོར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་ལ་རྒྱལ་ཡོངས་སློབ་གསོའི་ལས་རིགས་ཀྱི་རྩ་ཆེའི་བློ་སྒོ་ཕྱེ་བ་ཞིག་ཀྱང་རེད།

 སློབ་ཁྲིད་གདེང་འཇོག

‍ཐེངས་འདིའི་སློབ་དཔྱོད་བྱ་འགུལ་གྱི་ཁྲོད་ནས་ང་ཚོས་བོད་ཡིག་སློབ་ཁྲིད་ཀྱི་སྙིང་བཅུད་ཤེས་རྟོགས་གཏིང་ཟབ་བྱ་ཡོད།

‍སློབ་ཐུན་གསུམ་དུ་དགེ་རྒན་སོ་སོའི་བོད་སྐད་ཡིག་གི་རིག་གནས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་པ་དང་། སློབ་ཁྲིད་བྱེད་ཐབས་སྣ་མང་ཡོད་ལ་གསར་གཏོད་ཀྱི་བསམ་བློའང་ལྡན་པ།  སློབ་ཁྲིད་ཀྱི་སྒྲ་སྒྲིག་ཕུན་སུམ་ཚོགས་པ།  སློབ་མར་ཉན་འདོད་པའི་དགོས་པ་སྐོང་བ།  སློབ་ཁྲིད་ཀྱི་ཐོན་ཁུངས་སྣ་འཛོམས་ཡིན་པ་བཅས་ལས་སློབ་མར་སློབ་སྦྱོང་གི་ཉམས་མྱོང་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། 

སློབ་ཁྲིད་ཀྱི་མི་འདང་ས་ནི་དུས་ཚོད་བཀོད་སྒྲིག་གི་ཐད་ལ་སྔར་བས་ལེགས་སུ་བཏང་དགོས་པ་དང་། དུས་མཚུངས་སུ་སློབ་མ་ཁ་ཤས་སློབ་ཁྲིད་ལ་ཉན་འདོད་པའི་སྤྲོ་བ་བོར་ནས་སེམས་ལ་བདག་འཛིན་མེད་པའི་སྣང་བ་ཡོད་པར་དམ་དོམ་བྱ་དགོས།  གཞན་ཡང་སློབ་ཁྲིད་ཀྱི་ཕན་འབྲས་ལ་འགན་ལེན་བྱེད་ཆེད་ལག་རྩལ་སྒྲིག་ཆས་བེད་སྤྱོད་བྱེད་པའི་ཐད་ལའང་སྔར་ལས་བྱང་ཆུབ་པ་དང་བརྟན་པོ་ཡོང་བ་བྱེད་དགོས། 

སྒྲིག་པ་པོ། ཆོས་རྒྱལ།

阅读 3321
文章由 美篇工作版 编辑制作
投诉