“迎中秋,庆国庆”
ཟླ་མཆོད་དུས་ཆེན་བསུ་བ་དང་ཆབས་ཅིག་
རྒྱལ་སྟོན་ལ་རྟེན་འབྲེལ་ཞུ།

更Cuo
阅读 210
收藏TA

需扫码在手机上打开
文章后点击更新提醒

བྲག་དཀར་རྫོང་མཁར་ནུབ་བྱིས་སྐྱོང་ཁང་གིས

༢༠༢༣ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྤྱིའི་དུས་ཆེན་ལ་

ཁྱིམ་བདག་རྣམ་པར་སྤྲེངས་བའི་འཕྲིན།

兴海县城西幼儿园

2023年中秋、国庆节假期

致家长一封信

སྙིང་ཉེ་བའི་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོ།

ལོ་ཏོག་དྲི་ཞིམ་འཐུལ་བའི་དུས་ཚིགས་འདིར་ང་ཚོས་མེས་རྒྱལ་བཙུགས་ནས་ལོ་འཁོར74ལོན་པའི་འཁྲུངས་སྐར་བསུ་རྒྱུ་ཡིན།2023་ལོའི་རྒྱལ་སྟོན་དུས་ཆེན་ནི་ཟླ་མཆོད་དུས་ཆེན་དང་ཏག་ཏག་འཁེལ། ང་ཚོས་ཟླ་མཆོད་བག་ལེབ་ཀྱི་ཞིམ་མངར་མཉམ་དུ་ལོངས་སྤྱོད་དང་རྒྱལ་སྟོན་དུས་ཆེན་གྱི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་ཆབས་ཅིག་མེས་རྒྱལ་གྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ།གོང་རིམ་པའི་ད་ལོར་རྒྱལ་སྟོན་དུས་ཆེན་དང་གུང་གསེང་བཀོད་སྒྲིག་སྐོར་གྱི་བརྡ་ཐོའི་དགོངས་དོན་གཞིར་བཟུང་ནས་རང་བྱིས་སྐྱོང་ཁང་གིས2023ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་བཀོད་སྒྲིག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

亲爱的大家长、小朋友们:

在这瓜果飘香的季节,我们即将迎来祖国74周年华诞。2023年国庆恰逢中秋,我们共享佳节月饼的甜美,同庆祖国华诞的荣光。根据上级对2023年国庆节假日安排的通知,现将我园中秋节、国庆节双节放假安排通知如下:

གུང་གསེང་གཏོང་བའི་དུས་ཚོད། 

 ཟླ9ཚེས29ཉིན་ནས་ཟླ10ཚེས6ཉིན་བར།(ཁྱོན་བསྡོམས་ཉིན་བརྒྱད་ཡོད།)

ཕྱིར་བྱིས་སྐྱོང་ཁང་དུ་ལོག་པའི་དུས་ཚོད།

 ཟླ་10ཚེས་7ཉིན།(གཟའ་སྤེན་པ།)


放假时间:9月29日--10月6日(共八天)

返园时间:10月7日(星期六)

  འགྲིམ་འགྲུལ་བདེ་འཇགས།

1.བྱིས་པའི་འགྲིམ་འགྲུལ་བདེ་འཇགས་ལ་མཉམ་འཇོག་བྱོས།བྱིས་པ་གཅིག་པུ་གཞུང་ལམ་བརྒལ་བའམ་སྲང་ནས་གང་འདོད་དུ་རྒྱུགས་སུ་མ་འཇུག

2.གཞུང་ལམ་བརྒལ་དུས་གློག་དམར་མི་བརྒལ་བར་གཡས་གཡོན་ལ་བལྟ་དགོས་པ་དང་།མི་འགྲོ་སའི་འཕྲེད་ལམ་དང་སྲང་ལམ་གྱི་ཟམ་པ།ས་འོག་གི་བགྲོད་ལམ་བཅས་སུ་འགྲོ་དགོས།

3.མེད་པ་གསུམ་གྱི་རླངས་འཁོར་དང་ཚད་བརྒལ་གསུམ་གྱི་རླངས་འཁོར་ལ་འདུག་མི་རུང་།

4.འགྲོ་བའི་སྐབས་སུ་ཕར་ལྟ་ཚུར་ལྟ་བྱེད་པའམ་འགྲོ་ཞོར་དུ་རྩེད་མོ་རྩེ་མི་རུང་།

5.སྨུག་འཐུབ་པ་དང་ཆར་འབབ་པའི་ཉིན་མོར་རབ་ཡིན་ན་ཚོན་མདངས་རྣམ་པར་བཀྲ་བའི་ལྭ་བ་གྱོན་དགོས།

6.རླངས་འཁོར་ལ་འདུག་པའི་སྐབས་སུ་མགོ་བོ་རླངས་འཁོར་གྱི་སྒེའུ་ཁུང་ཕྱི་ལ་བསྲིང་མི་རུང་།

7.བྱིས་པར་གཡས་ཕྱོགས་ནས་རླངས་འཁོར་ལས་འབབ་དགོས་པའི་སློབ་གསོ་བཏང་ནས་རྗེས་ཀྱི་རླངས་འཁོར་དང་མི་ལ་མཉམ་འཇོག་བྱེད་དགོས།

8.བྱིས་པ་གཅིག་པུ་རླངས་འཁོར་ནང་ནས་འདུག་ཏུ་འཇུག་མི་རུང་།

9.བྱིས་སྐྱོང་ཁང་ལ་སྐྱེལ་བསུ་བྱེད་པ་དང་ཡར་མར་དུ་འགྲོ་བའི་ལམ་བར་དུ་ཁྱིམ་བདག་གིས་ངེས་པར་དུ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ཏེ་ཤོང་ཚད་ལས་མི་བརྒལ་བ་དང་མྱུར་ཚད་ལས་མི་བརྒལ་བ་དང་ཆང་བཏུང་རྗེས་རླངས་འཁོར་བསྐོར་མི་རུང་།ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་དང་གློག་དམར་མི་བརྒལ་མི་རུང་། སྦག་སྦག་གམ་ཡང་ན་གློག་སྒུལ་སྦག་སྦག་བཞོན་སྐབས་ངེས་པར་དུ་རྨོག་ཞྭ་གྱོན་དགོས་པ་མ་ཟད་བྱིས་པའི་ལྟ་སྐུལ་འགན་འཁྲི་འཁུར་དགོས།

交通安全

1.注意幼儿的交通安全,不让幼儿独自过马路或在街上乱跑。

2.过马路不闯红灯,要左右看,走人行横道、过街天桥和地下通道。

3.不乘坐三无车辆和三超车辆。

4.行走时不要东张西望或边走边玩。

5.在雾、雨天,最好穿着色彩鲜艳的衣服。

6.坐车时不要将头手伸出车窗外。

7.教育孩子右边下车,注意后面的车辆和行人。

8.切忌不让孩子独自一人留在车内。

9.接送幼儿来园、离园途中,家长务必要遵守交通规则,不超载,不超速行驶,不酒驾,不无证驾驶,不闯红灯,骑摩托车或电动车时务必要佩戴头盔,并尽到幼儿的监督责任。

ཆུར་ནུབ་པར་སྔོན་འགོག་བྱེད་པའི་མི་ཆོག་པ་དྲུག

༡. རང་དགར་ཆུ་ལ་རྐྱལ་མི་ཆོག

༢. རང་དགར་མི་གཞན་དང་མཉམ་དུ་ཆུ་རྐྱལ་བྱས་མི་ཆོག

༣. ཁྱིམ་བདག་གམ་དགེ་རྒན་གྱིས་སྣེ་ཁྲིད་མེད་པའི་གནས་ཚུལ་འོག་ཆུ་རྐྱལ་བྱས་མི་ཆོག

༤. རྒྱུས་མངའ་མེད་པའི་ཆུ་ཁོངས་སུ་ཆུ་རྐྱལ་བརྒྱབ་མི་ཆོག

༥. ཆུ་གཤིས་མི་ཤེས་པའི་སློབ་མ་རང་དགར་ཆུ་ལ་འཛུལ་ནས་སྐྱོབ་ཐབས་བྱས་མི་ཆོག

༦. བདེ་འཇགས་སྒྲིག་བཀོད་མེད་པ་དང་།སྲོག་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་ཆུ་རྐྱལ་བྱས་མི་ཆོག

防溺水“六不准”

一、不准私自下水游泳。

二、不准擅自与他人结伴游泳。

三、不准在无家长或教师带领的情况下游泳。

四、不准到不熟悉的水域游泳。

五、不准不识水性的学生擅自下水施救。

六、不准到无安全设施,无救护人员的水域游泳。

ནད་རིགས་སྔོན་འགོག་ཐད།

1.བྱིས་པར་ལག་པ་བཀྲུ་བར་སློབ་གསོ་གཏོང་བ་དང་བཟའ་བཏུང་གཙང་སྦྲ་ལ་དོ་སྣང་བྱས་ནས་ནད་ཁ་ནས་མི་ཡོང་བར་བྱེད་དགོས། 

2.བྱིས་པ་མི་ཚོགས་མང་སར་ཁྲིད་རྒྱུ་ཉུང་ཉུང་བྱོས་ནས་འགོས་ནད་འབྱུང་ཁུངས་དང་འབྲེལ་འདྲིས་ཉུང་དུ་གཏོང་དགོས།

3.ཁྱིམ་ནས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ་དང་དབུགས་བརྗེ་བར་མཉམ་འཇོག་བྱས་ནས་འབུ་ཕྲ་སྐྱེ་འཕེལ་ཇེ་ཉུང་དུ་གཏོང་དགོས།

4.བྱིས་པར་ཆུ་ཁོལ་མང་ཙམ་འཐུང་བ་དང་ལག་པ་བཀྲུ་དགོས་པའི་དྲན་སྐུལ་བྱེད་དགོས།

5.གལ་ཏེ་བྱིས་པར་འགོས་ནད་ཀྱི་ནད་རྟགས་ཡོད་པ་ཤེས་ན་མྱུར་དུ་སྨན་བཅོས་བྱེད་དགོས།

6.ཕྱི་ལ་རྩེ་རུ་འགྲོ་བའི་སྐབས་སུ་སྨན་འགའ་གྲ་སྒྲིག་བྱས་ནས་མྱུར་དུ་བཀོལ་བར་སྟབས་བདེ་བསྐྲུན་དགོས།

7.རྒྱས་ཟ་རྒྱས་འཐུང་བྱེད་མི་རུང་ལ་སིལ་ཏོག་དང་ཞོར་ཟས་ཀྱང་བྱིས་པར་མང་པོ་ཟ་རུ་འཇུག་མི་རུང་།བྱིས་པའི་ཕོ་བ་མི་བདེ་བ་ཡང་འབྱུང་ཟིད།

8.མཐོ་སྒང་ས་ཁུལ་དུ་བྱིས་པ་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ནས་འཕྱི་བ་དང་བྱི་བ་སོགས་སྲོག་ཆགས་དང་འབྲེལ་བ་བྱ་རྒྱུ་གཏན་འགོག་བྱས་ནས་བྱི་རིམས་སོགས་འགོས་ནད་སྔོན་འགོག་བྱེད་དགོས།

严防疾病

1.教育孩子勤洗手,注意饮食卫生,防止病从口入。

2.少带孩子到人群密集的场所,减少与传染病源接触的机会。

3.家里注意开窗通风换气,减少细菌滋生。

4.提醒孩子多喝白开水、勤洗手。

5.如发现孩子有疑似传染病症状,应立即就医。

6.外出游玩时,注意备一些药物,以便急需之用。

7.不能暴饮暴食,水果和零食也不宜让幼儿多吃,以免引起孩子的肠胃不适。

8.高原地区严禁幼儿直接或间接接触旱獭、地鼠等动物,防止鼠疫等传染病。

ཁྱིམ་སྡོད་བདེ་འཇགས།

1.བྱིས་པ་གཅིག་པུ་ཁྱིམ་ནས་འདུག་ཏུ་མི་འཇུག་རོགས། 

བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས།

2.ཉི་ཁྱམས་དང་སྒོ་དང་སྒེའུ་ཁུང་ཡང་ན་མཐོ་ས་གཞན་དག་ལ་མ་འགོ་བར་སྐུལ་སློང་བྱས་ནས་མར་ལྷུང་བར་སྔོན་འགོག་བྱ་དགོས།

3.གློག་བསྒར་ཁུང་དང་གློག་སྒོ་མི་རྩེད་རོགས།

གློག་གི་དོན་རྐྱེན་མི་འབྱུང་པའི་ཆེད་དུ།ལག་པ་རློན་པས་གློག་ཆས་ལ་རེག་མི་རུང་།ལག་པའམ་གློག་འདྲེན་དངོས་པོ་གློག་ཁུངས་བསྒར་ཁུང་ནང་དུ་བསྲིངས་མི་རུང་།

4.མེ་ཆ་དང་སྒྲོན་ཡོད་པའི་དུག་སྦྲང་གི་དྲི་ཞིམ་མི་རྩེད་པར་འཚིག་རྨས་དང་མེ་སྐྱོན་འབྱུང་བར་སྔོན་འགོག་བྱེད་དགོས།མེ་ཁུངས་ཀྱི་ཉེ་འགྲམ་དང་མཐོ་གནོན་གློག་སྐུད་འོག་ཏུ་རྩེད་མོ་རྩེ་བཞིན་མེད་།བྱིས་པར་མེ་སྐྱོན་རང་སྐྱོབ་ཀྱི་ཤེས་བྱ་ཁྲིད་པ་དཔེར་ན་ལག་ཕྱིས་རློན་པས་སྣ་བཀབ་ནས་བྲོས་པ་ལྟ་བུ།

5.རྣོ་ངར་ཅན་དང་ཆག་སླ་བའི་དངོས་པོ་མི་རྩེད་པར་རྨས་སྐྱོན་ཕོག་པར་སྔོན་འགོག་བྱེད་དགོས།

6.ལག་པ་རླུང་གཡབ་ལོ་མའི་ནང་དུ་བསྲིང་མི་རུང་།རྨས་སྐྱོན་ཕོག་པའི་ཉེན་ཁ་ཆེ། 

7.སྨན་རྫས་ངེས་པར་དུ་ཉར་ཚགས་ཡག་པོ་བྱས་ནས་བྱིས་པས་ཟ་མ་དང་ནོར་བར་སྔོན་འགོག་བྱེད་དགོས།

8.ཚ་དེམ་བྱིས་པས་མི་འདང་སར་བཞག་ནས་འཚིག་རྨས་བྱུང་རྒྱུར་གཟབ་དགོས།


居家安全

1.不让孩子独自一人在家,以防发生意外事故。

2.不攀爬阳台、门窗或其它高处,防止跌落。

3.不玩插座和开关,以防触电。不用湿手触摸电器,更不用手或导电物伸进电源插座内。

4.不玩打火机和点着的蚊香,以防烫伤或引起火灾。不在火源附近或高压线下玩耍。教给孩子火灾自救知识,如用湿毛巾捂住口鼻逃离。

5.不玩尖锐或易碎的物品,以防割伤划伤戳伤。

6.不把手伸进风扇叶,以防受伤。

7.药品一定要妥善保管,以防孩子误食。

8.热水壶要放在孩子够不着的地方,烫伤。

མགོ་སྐོར་བསླུ་བྲིད་རིགས་ལ་སྔོན་འགོག

1.བྱིས་པ་གཅིག་པུ་ཕྱི་ལ་འགྲོ་མི་རུང་།ཚོང་རར་ཉུལ་བ་དང་ཡུལ་སྐོར་སོགས་ལའང་གཅིག་པུ་གང་འདོད་དུ་རྒྱུག་མི་རུང་།

2.གང་འདོད་དུ་མི་ཆ་མེད་ལ་སྐད་ཆ་མི་བཤད་པ་དང་མི་ཆ་མེད་ཀྱིས་བྱིན་པའི་ཟ་མ་བཟའ་མི་རུང་།མི་ཆ་མེད་དང་མཉམ་དུ་གཏན་ནས་འགྲོ་མི་རུང་།

3.ཕ་མ་དང་མཉམ་དུ་ཁ་ཐོར་ན་ཉེན་རྟོག་པ་དང་བདེ་སྲུང་བ།རྒྱང་བསྒྲགས་ཁང་།ཚོང་རའི་ལས་བྱེད་མི་སྣ་སོགས་བཙལ་དགོས།

4.ཁྱིམ་ཚང་གི་ས་གནས་དང་ཕ་མའི་ཁ་པར་ཨང་གྲངས་ཡིད་ལ་འཛིན་དགོས།


严防拐骗

1.不独自一人外出,逛商场或旅游等不乱跑。

2.不随便和陌生人说话,不吃陌生人给的东西,不跟陌生人走。

3.和爸妈走散,找警察、保安、广播室、商场工作人员等。

4.记住家庭地址和爸爸妈妈的电话号码。

མཇུག་མཐར།ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚང་མས་གུང་གསེང་སྐྱིད་པོ་ཞིག་རོལ་བར་སྨོན།

最后,祝全体家长及小朋友们度过一个愉快的假期!

阅读 210
文章由 美篇工作版 编辑制作
投诉