ལྷ་སྲས་བྱིས་སྐྱོང་ཁང་གི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་མཉམ་དུ་བསུ་བའི་བྱ་འགུལ།

琼周、
创建于2023-09-27
阅读 1691
收藏TA

需扫码在手机上打开
文章后点击更新提醒

ངེད་ལྷ་སྲས་བྱིས་སྐྱོང་ཁང་གིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོར་དགའ་སྤྲོའི་ངང་བསུ།

སྟོན་དུས་ཀྱི་ཟླ་བ་བཅུ་པར་རྒྱལ་ཡོངས་ཀྱིས་མཉམ་དུ་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་པ་དང་།ཀྲུང་གོའི་ས་གཞི་ཆེན་མོར་མེ་ཏོག་སྣ་ཚོགས་བཞད། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་བྱིས་པ་ཚོས་དུས་ཆེན་གཉིས་ཀྱི་འབྱུང་ཁུངས་དང་གོམས་སྲོལ་ཤེས་རྟོགས་བྱེད་ཐུབ་པ་དང་།བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་འཕེལ་བ།མི་རིགས་ཀྱི་སྤོབས་སེམས་འཕེལ་བ་བཅས་བྱ་ཆེད། 2023ལོའི་ཟླ་9ཚེས་27ཉིན་ལྷ་སྲས་བྱིས་སྐྱོང་ཁང་གིས“ཟླ་མཆོད་སྤྲོ་བའི་བསུ།རྒྱལ་སྟོན་གླུ་རུ་ལེན”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདའི་ཟླ་མཆོད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་བྱིས་པ་ཚོས་ཐད་ཀར་ཤེས་ཚོར་དང་། ་མྱོང་ཚོར། ལག་ལེན་བཀོལ་སྤྱོད་བཅས་བྱེད་པའི་་ཁྲོད་ཟླ་མཆོད་དུས་ཆེན་གྱི་རྣམ་པ་དང་སྤྲོ་སྣང་ཟབ་མོ་ཚོར་ཐུབ་པ་མ་ཟད། བྱིས་པ་ཚོས་་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་བརྩེ་སེམས་དེ་བས་འཕེལ་ཡོད།

00:19

གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་ཁྲིད་སྟོན་ལ་བརྒྱུད་ནས་རྒྱལ་སྟོན་དུས་ཆེན་གྱི་འབྱུང་ཁུངས་དང་རྒྱལ་དར་ཤེས་རྟོགས་བྱེད་པ། རྒྱལ་རྟགས་ཀྱི་ཁྱད་ཆོས་སོགས་རྟོགས་པ་དང་མཉམ་དུ་རྒྱལ་གླུ་བླངས་པ་རེད།

ང་ཚོས་མཉམ་དུ་གཅེས་ཕྲུག་ཚོའི་ངོ་མཚར་བའི་རྣམ་དཔྱོད་ལ་རོལ། 

00:50
00:19
00:36
00:42
00:38
02:01
01:16
00:36
00:07
00:50
00:41

མཇུག་མཐར་ལྷ་སྲས་བྱིས་སྐྱོང་ཁང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་གྲོགས་པོ་ཆུང་ཆུང་ཚོར་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུ་བ་དང་ཆབ་གཅིག་ཏུ་བདེ་ཐང་ངང་འཚར་ལོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

阅读 1691
文章由 美篇工作版 编辑制作
投诉