ཞོགས་པའི་སློབ་ཞུགས།
རྒྱུན་སྲོལ་བླང་བྱ།
གྱོན་ཆས་གཙང་ཞིང་གྲལ་འགྲིག་པ་དང་།སྤྲོ་སྐྱིད་ངང་བྱིས་སྐྱོང་ཁང་དུ་ཞུགས་པ།གུས་ཞབས་ལྡན་པའི་ངང་དགེ་རྒན་དང་གྲོགས་པོ་ཆུང་ཆུང་ཚོར་ཐུག་འཕྲད་བྱེད་པ།
གུས་ལུགས་ལྡན་པར་ཁྱིམ་བདག་དང་གནས་སྐབས་བདེ་མོ་འཇོག་པ།
བདེ་སྲུང་དགེ་རྒན་གྱིས་ཞིབ་བཤེར་བྱེད་པར་ལན་གསལ་པོ་འདེབས་ཤེས་པ་བྱ་དགོས།
ཞོགས་པའི་བྱ་འགུལ་དག་ལ་ཧུར་བརྩོན་གྱིས་ཞུགས་དགོས།
入园
常规要求
衣着整洁,愉快入园,有礼貌地和老师、小朋友见面;
有礼貌地和家长告别;
学会清楚地回应保健老师的检查;
积极地参与晨间活动。
ཞོགས་པའི་སློབ་ཞུགས་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ ངུས་ནས་མཚམས་མི་འཇོག་པ་དང་བྱིས་སྐྱོང་ཁང་ལ་ཡོང་འདོད་མེད་པ།
གནད་དོན་འདི་རིགས་ལ་ཁྱིམ་བདག་རྣམས་སྔ་མོར་ཕྱིར་འགྲོ་རུ་འཇུག་པ་དང་། སློབ་ཁང་དུ་ལྷོད་གཡང་གི་གླུ་དབྱངས་བཏང་ན་བཟང་།
༢ གཞན་ལ་སྐད་ཆ་མི་བཤད་པ་དང་།ཁྱིམ་བདག་ཕྱིར་འགྲོ་རུ་མི་འཇུག་པ།
གནད་དོན་འདི་རིགས་ལ་དགེ་རྒན་གྱིས་རང་འགུལ་ངང་བྱིས་པ་ལ་བརྡ་བྱེད་པ་དང་། ཁྱིམ་བདག་ལ་ཡིད་ཆེས་བྱིན་ནས་བྱིས་པ་དང་སེམས་བདེའི་ཁ་བྲལ་དུ་འཇུག་དགོས།
༣ ལུས་སེམས་བདེ་སྲུང་གི་དགེ་རྒན་ལ་གཡོལ་ནས་ཐད་ཀར་བྲོས་འགྲོ་བ་དང་།བརྟག་དཔྱད་བྱེད་སྐབས་གཞོགས་འདེགས་མི་བྱེད།
གནད་དོན་འདི་རིགས་ལ་དགེ་རྒན་གྱིས་སྔོན་ལ་བྱིས་པར་གསལ་འདེབས་བྱེད་པ་དང་།ཐོག་མར་བྱིས་པ་ཚོའི་སེམས་ཁམས་གཏན་འཇགས་སུ་གཏོང་བ་དང་བྱིས་པ་དག་ལ་བསྟོད་བསྔགས་བྱེད་དགོས།
༤ བྱ་འགུལ་ལ་ཞུགས་འདོད་མེད་པ་དང་།གང་སར་འགྲོ་རྒྱུག་བྱེད་པ།
འདི་ལ་དགེ་རྒན་དང་འཚོ་བའི་མ་མ་གཉིས་ཀིས་མཉམ་འབྲེལ་བྱས་ཏེ།གཟབ་ནན་གྱིས་ལྟ་རྟོག་མཉམ་འཇོག་དང་ཁ་བརྡའི་ལམ་ནས་ཁྲིད་སྟོན་བྱེད་དགོས།
你可能遇到的问题、可用的对策:
哭闹不止,不肯入园。
:提醒家长尽早离开、教室里放些舒缓的音乐。
不和人打招呼,不让家长走。
:老师主动与孩子打招呼,家长开心但坚定与孩子告别。
躲保健老师,直接跑开,检查时哭闹不配合。
:老师在门口提醒孩子,先稳定孩子情绪,夸奖表现好的孩子。
茫然无措,不爱参与,个别幼儿疯跑。
:老师与保育员相互配合,密切留意,用语言引导。
མི་གྲངས་ལེན་སྐབས།
རྒྱུན་སྲོལ་བླང་བྱ།
བྱིས་པ་རང་གི་མིང་ཐོས་སྐབས་རང་ཉིད་འབོད་ཀྱིན་ཡོད་པ་ཤེས་རྒྱུ།
སྒྲ་དག་ལ་གསལ་བའི་སྒོ་ནས་ཨ་ལན་སློག་པ།
དགེ་རྒན་གྱིས་མི་གྲངས་ལེན་པའི་སྐབས་སུ་ལྷིང་འཇགས་ཀྱིས་ཉན་པ།
点名
常规要求
听到自己的名字,知道是在叫自己;
用清楚响亮的声音积极应答;
老师点名时能安静地倾听。
མི་གྲངས་ལེན་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ འུར་རྒྱག་པ་དང་ངུ་བ།འགྲོ་རྒྱུག་བྱས་ན་དགེ་རྒན་གྱི་མིང་ཐེངས་འགར་བཏོན་ཡང་གོ་མུ་ཐུབ།
འདིའི་རིགས་ལ་དགེ་རྒན་གྱིས་ཡང་དང་བསྐྱར་དུ་འབོད་པ་དང་ནན་ཏན་གྱིས་གསལ་འདེབས་བྱེད་དགོས།
༢ བྱིས་པ་ཚོས་སྐད་ཅོར་བརྒྱབ་པས་མིང་འདོན་ཐབས་མེད་པ།
གནད་དོན་འདིའི་རིགས་དང་འཕྲད་དུས་རྩེད་མོ་སྣ་ཚོགས་ལ་བརྟེན་ནས་བྱིས་བློ་འགུག་པ་དང་། ཡུན་གྱིས་སྐད་ཇེ་དམར་གཏོང་བ།སྐད་ཆ་མི་བཤད་པའི་ཐབས་བཀོལ་ན་བཟང་།
你可能遇到的问题、可用的对策:
一直在哭,听不到,对老师的点名无反应。
:多叫几次,并耐心等待,看着孩子的眼睛提醒孩子。
班级吵闹,没办法点名。
:用手指小游戏来吸引孩子,突然降低声音或不说话。
ཆུ་འཐུང་སྐབས།
རྒྱུན་སྲོལ་བླང་བྱ།
ཁ་སྐོམ་དུས་རང་འགུལ་ངང་ཆུ་འཐུང་བར་འགྲོ་ཤེས་རྒྱུ།
ཆུ་འཐུང་སྐབས་གྲལ་བསྒྲིགས་ནས་ཆུ་ལེན་པ་དང་གོ་རིམ་ལྡན་པ།སྔོན་རྗེས་མི་རྩོད་པ།
དགེ་རྒན་གྱིས་བཤད་པ་ནང་བཞིན་ཇ་ཕོར་ལེན་པ་དང་ཇ་ཕོར་གཙང་མ་སྲུང་འཛིན་བྱེད་ཤེས་རྒྱུ།
རང་ཉིད་ཀྱི་དགོས་མཁོ་ལྟར་ཆུ་འོས་འཚམ་ཞིག་ལེན་པ་དང་།ཆུད་ཟོས་སུ་མི་གཏོང་བ། འཐུང་ཆུར་མི་རྩེ་བ།
喝水
常规要求
口渴了会主动去喝水;
喝水时会排队接水,有序等待;
正确地取拿水杯并保持水杯的干净;
按自己需求接适量的水,不浪费,不玩水。
ཆུ་འཐུང་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ ཉིན་གང་བོར་ཆུ་འཐུང་རྒྱུ་མི་ཤེས་པ།
འདི་ལ་བྱིས་པ་ཚོར་ཆུ་འཐུང་རྒྱུར་གསལ་འདེབས་བྱེད་པ་དང་།ཆུ་འཐུང་བའི་ཐེངས་གྲངས་མང་པོ་བཀོད་སྒྲིག་བྱེད་དགོས།
༢ ཆུ་འཐུང་དུས་འཚང་ཁ་རྒྱག་པ་དང་ཕོར་བ་འཕྲོག་རེས་བྱེད་པ།
གནད་དོན་འདི་རིགས་ལ་ཚོ་ཆུང་གི་རྣམ་པས་ཁག་བགོས་ནས་ཆུ་འཐུང་དུ་འགྲོ་རུ་འཇུག་པ་དང་།རྐང་རྗེས་རི་མོ་དང་ཡང་ན་ཁ་བརྡའི་ལམ་ནས་གྲལ་སྒྲིག་པའི་དགོས་པ་དང་ཆུ་འཐུང་བའི་ལྡེབས་ངོས་ཟིན་ཐོ་བཟོས་ན་བཟང་།
༣ ཆུ་འཐུང་དུས་གང་སར་ཆུ་འཕོད་པ་དང་ཇ་ཕོར་སར་ལྷུང་བ།
གནད་དོན་འདི་རིགས་ལ་ཆུ་འཐུང་སྟངས་མང་པོ་ཞིག་སྤྱད་དེ་བྱིས་པ་ཚོར་སྣེ་ཁྲིད་བྱེད་དགོས། ཆུ་འཐུང་སྟངས་སྣ་ཚོགས་ལས་ཁུལ་ཟུར་བྱ་འགུལ་སྤྱད་ནས་བྱིས་པར་ཕོར་བ་ལེན་དུ་འཇུག་པ་དང་།འཛིན་གྲྭའི་དགེ་རྒན་གྱིས་འགྲམ་ནས་གསལ་འདེབས་བྱས་ན་བཟང་།
你可能遇到的问题、可用的对策:
一天都不知道去喝水,不主动喝水。
:提醒孩子去喝水,安排喝水的次数。
喝水时拥挤,抢杯子。
:以小组形式分批喝水,利用小脚印或语言提醒排队,制作喝水墙。
喝水时地上都是水,杯子总掉地上。
:利用多种告诉孩子正确的饮水方式,运用区角活动让孩子多练习取拿杯子,配班老师在一旁提醒。
ཟ་མ་ཟ་སྐབས།
རྒྱུན་སྲོལ་བླང་བྱ།
ཟ་མ་འཕྲོ་བརླག་མི་གཏོང་བ།
ཟ་མ་ཟ་དུས་སྐད་མཐོན་པོས་སྐད་ཆ་མི་བཤད་པ་དང་ཕར་འགྲོ་ཚུར་འོང་བྱེད་ཞོར་མི་ཟ་བ།
དགའ་སྤྲོའི་ངང་ཟ་མ་ཟ་བ་དང་མདུན་ཅོག་ངོས་དང་།ཕོར་བ་སོགས་ལ་གཙང་མ་བྱེད་པ།
ཟ་མ་ཟོས་རྗེས་ལྷིང་འཇགས་ཀྱིས་བྱ་འགུལ་སྤེལ་བ་དང་།སྐད་ཅོར་མི་རྒྱག་པ།འདེད་རེས་མི་བྱེད་པ།
进餐
常规要求
不浪费粮食;
吃饭时,不大声说话或到处跑,一口一口吃;
以愉快地情绪吃饭,并保持桌面、地面和碗里干净;
餐后安静活动,不喧闹、不追逐打闹。
ཟ་མ་ཟ་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ ཟ་མ་ཟས་ཚར་རྗེས་གང་སར་གད་སྙིགས་དང་ཟས་ལྷག་གིས་བཀང་འགྲོ་བ།
གནད་དོན་འདི་ལ་ཟ་མ་ཟས་ཚར་རྗེས་བྱིས་པ་རང་ཉིད་ཀྱིས་རང་ཉིད་ཀྱི་མདུན་ཅོག་དང་འདུག་གནས་ཕོར་བ་སོགས་ལ་རང་ཉིད་ཀྱིས་གཙང་སྦྲ་བྱེད་དུ་བཅུག་ན་བཟང་།
༢ ཟ་མ་ཟ་ཞོར་དང་དགོད་ཞོར་ངུ་ཞོར་བཤད་ཞོར་འགྲོ་ཞོར་བྱེད་པ།
གནད་དོན་འདི་རིགས་ལ་ཟ་མ་ཟ་རན་དུས། དུས་ལྟར་ལྟ་ཞིབ་བྱེད་དགོས་པ་མ་ཟད།བྱིས་པར་གསལ་འདེབས་བྱས་ཏེ་བྱིས་པ་ཚོའི་སེམས་ཁམས་གཏན་འཇགས་སུ་བཏང་རྗེས་ད་གཟོད་བྱིས་པར་ཟ་མ་ཟ་རུ་འཇུག་དགོས།
༣ ཐུར་མ་དང་ཁེམ་བུ་བཀོལ་མི་ཤེས་པ།
གནད་དོན་འདི་རིགས་ལ་ཁྱིམ་བདག་དང་འབྲེལ་ནས་བྱིས་པར་སྦྱོང་བརྡར་མང་ཙམ་བྱེད་དགོས་པ་དང་བྱིས་པར་དལ་མོར་ཟ་རུ་བཅུག་ནས་སྦྱོང་བརྡར་གྱི་གོ་སྐབས་མང་པོ་སྟེར་དགོས།
༤ ཟ་མར་འདེམས་གཡུགས་བྱེད་པ་དང་།བཟའ་རྒྱུར་མི་དགའ་བའི་ཟས་རིགས་གང་ཡང་ཚོད་ལྟ་མི་བྱེད་པ།
གནད་དོན་འདི་རིགས་ལ་རྒྱུན་པར་ཁྱིམ་བདག་དང་འབྲེལ་བ་བྱས་ནས།ཁྱིམ་ཚང་གི་བཟའ་བཏུང་དོ་མཉམ་ཡིན་དགོས་པ་དང་། ཕ་མ་ཚོས་རང་ཉིད་ཀྱི་བྱིས་པར་ཟ་མ་འདེམས་གཡུགས་བྱེད་མི་རུང་བ་དང་འཕྲོ་བརླག་གཏོང་མི་ཉན་པའི་སྐོར་ནས་ཁ་བརྡ་དང་དཔེ་ལེགས་སྣེ་སྟོན་བྱེད་དགོས།
你可能遇到的问题、可用的对策:
吃完像打仗,方圆十里吃得到处都是。
:提醒孩子吃饭细嚼慢咽,吃完后让孩子自己去收拾。
一口饭包在嘴里后放空,边吃边哭或是边吃边说话。
:吃饭时随时观察,并提醒孩子,稳定孩子情绪后再让孩子吃饭。
不会用勺子,要人喂才肯吃。
:提醒家长回去多练习,不催促孩子让孩子慢慢吃,给孩子更多练习的机会。
挑食,拒绝尝试任何不爱吃的食物。
:提醒家长饮食均衡,对孩子的点滴进步给予肯定。
གསང་སྤྱོད་དང་ཁྲུས་ཁང་ལ་འགྲོ་སྐབས།
རྒྱུན་སྲོལ་བླང་བྱ།
གསང་སྤྱོད་དུ་འགྲོ་སྐབས་སྔོན་ལ་དོར་མ་མར་འདེད་པ་དང་གཅིན་གཏོང་སྐབས་ཆབ་གཞོང་གི་མཐའ་འཁོར་ལ་མི་གཏོང་བ་ཤེས་དགོས།
གཅིན་བཏང་རྗེས་ལག་པ་བཀྲུ་དགོས།
ཆུ་རྩེ་མི་བྱེད་པ་དང་ཆུ་ལ་གྲོན་ཆུང་བྱེད་ཤེས་དགོས།
ལག་པ་བཀྲུས་ཚར་རྗེས་རང་ཉིད་ཀྱི་ལག་ཕྱིས་བཀོལ་ནས་ལག་པ་གཙང་མ་ཕྱི་དགོས།
如厕、盥洗
常规要求
入厕时要先脱裤后小便,对准便池小便,保持便池周围干净;
便后要洗手;
不玩水,懂得节约用水;
洗好手用毛巾擦干手。
གསང་སྤྱོད་དང་ཁྲུས་ཁང་ལ་འགྲོ་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ གསང་སྤྱོད་ཁང་ལ་འགྲོ་མི་ཤེས་པ་དང་རང་ཉིད་ཀྱི་ཨོང་ཤ་ཕྱི་མི་ཤེས་བ།
དགེ་རྒན་གྱིས་ཐོག་མར་བྱིས་པར་རོགས་བྱས་ཏེ། ཡང་དག་པའི་ཐབས་ལམ་སྟོན་པ་དང་། ཁྱིམ་བདག་ལ་བཤད་ནས་བྱིས་པར་རང་ཁྱིམ་ནས་སྦྱོང་བརྡར་མང་བོ་བྱེད་དུ་འཇུག་དགོས།
༢ གསང་སྤྱོད་ཁང་ལ་སོང་རྗེས་བྲེལ་འཚུབ་ཀྱིས་ཕྱིར་ཐོན་ཡོང་བ་དང་ལག་པ་མི་བཀྲུ་བ།
འདིའི་རིགས་ལ་འཛིན་གྲྭའི་དགེ་རྒན་དང་འཚོ་བའི་མ་མའི་བཀོད་སྒྲིག་བྱས་ནས་ཉིན་རེར་ལས་རེས་བ་ཆུང་ཆུང་བཀོད་སྒྲིག་བྱེད་དགོས།
༣ གསང་སྤྱོད་ཁང་ནས་ཁ་བརྡ་བྱེད་པ་དང་རྩེ་མོ་ལ་རོལ་ནས་ཕྱིར་མི་ཡོང་བ།
གནད་དོན་འདི་རིགས་ལ་ཚོ་ཆུང་གི་རྣམ་པའི་ཐོག་ནས་གསང་སྤྱོད་ལ་འགྲོ་རུ་འཇུག་པ་དང་།བྱིས་པ་ཚོར་གསལ་འདེབས་བྱེད་པ། བྱིས་པ་བཟང་ཤོས་ལ་བསྟོད་བསྔགས་བྱས་ན་བཟང་།
༤ ལག་པ་བཀྲུ་སྐབས་ཆུ་རྩེ་བྱེད་པ་དང་ཆུ་ཆུད་ཟོས་སུ་གཏོང་བ།
གནད་དོན་འདི་རིགས་ལ་ཞོགས་པའི་བྱ་འགུལ་ལ་བརྟེན་ནས་བྱིས་པ་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྐྱེད་སྲིང་དང་།ཆུ་ཆུད་ཟོས་སུ་གཏོང་བའི་བྱིས་པར་སྐྱོན་བརྗོད་བྱས་ནས།དགེ་རྒན་རང་ཉིད་ཀྱིས་མིག་དཔེ་བསྟན་ན་བཟང་།
༥ ལག་པ་བཀྲུས་ཚར་རྗེས་ལག་པ་རང་ཉིད་ཀྱི་ལྭ་བའི་སྟེང་དུ་ཕྱི་བ།
འདི་ལ་དགེ་རྒན་གྱིས་སྔོན་ལ་གསལ་བོ་བཤད་དགོས་པ་དང་། ལག་ཕྱིས་བྱིས་པ་ཚོས་མིག་གིས་མཐོང་སར་བཞག་ནས་གསལ་འདེབས་བྱེད་དགོས།
你可能遇到的问题、可用的对策:
不会上厕所,不会擦屁屁。
:老师先帮助孩子,示范正确的方法,提醒家长家里多练习。
上完就跑,忘记冲厕所,不洗手。
:请配班老师或生活老师在旁边提醒,设置小值日生。
躲在厕所里说话,玩游戏。
:以小组形式上厕所,语言提醒孩子,表扬做得好的孩子。
洗手时玩水,浪费水。
:利用晨谈活动培养孩子环保意识,批评浪费水的孩子,老师自己做榜样。
洗完不擦手,往自己衣服上擦。
:提醒孩子擦手,把擦手篮放在孩子手旁来提醒。
གུང་གཉིད་སྐབས།
རྒྱུན་སྲོལ་བླང་བྱ།
ལྷིང་འཇགས་ངང་གོ་རིམ་ལྡན་པའི་སྒོ་ནས་ངལ་གསོ་ཁང་དུ་འགྲོ་བ་དང་མ་ཉལ་གོང་ལ་རང་ཉིད་ཀྱི་དགོས་མཁོར་གཞིགས་ཏེ་སྔོན་ལ་ཁྲུས་ཁང་དང་གསང་སྤྱོད་ཁང་ལ་འགྲོ་དགོས།
མ་གཉིད་པའི་སྔོན་དུ་རང་ཉིད་ཀྱི་ལུས་སྟེང་གི་དངོས་པོ་དཔེར་ན།མིག་ཤེལ་དང་ལག་གདུབ་སོགས་ལེན་པ་དང་གོ་རིམ་ལྟར་གོན་པ་དང་ལྷམ་ཕུད་ནས་གཏན་འཁེལ་གྱི་གནས་སུ་ལྟེབ་ནས་འཇོག་དགོས།
ཉལ་སྟངས་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས།
午睡
常规要求
安静有序地进入休息室,午睡前根据自己需要先盥洗和上厕所;
午睡前根据自己需要先盥洗和上厕所;
睡觉前将自己身上的佩戴物,比如眼镜、防蚊手环等取下,按顺序脱衣、鞋,并折叠好房子固定的位置;
保持良好睡姿,不蒙头或吸吮手指。
གུང་གཉིད་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ ལྭ་བའི་གྱོན་ཕུད་མི་ཤེས་པ།
གནད་དོན་འདི་རིགས་ལ་དགེ་རྒན་གྱིས་རོགས་རམ་བྱེད་ཞོར་ལྭ་བའི་གྱོན་ཕུད་ཀྱི་ཐབས་ཤེས་མང་པོ་བཤད་དགོས། ཁྱིམ་བདག་ལ་བཤད་ནས་རང་ཁྱིམ་ནས་སྦྱོང་བརྡར་མང་ཙམ་བྱེད་དགོས་པའི་གསལ་འདེབས་བྱེད་དགོས།
༢ སྐད་ཆ་བཤད་རྒྱུར་དགའ་བ་དང་ཕར་ལྟ་ཚུར་ལྟ་བྱས་ནས་གཉིད་མི་ཁུག་པ།
གནད་དོན་འདི་རིགས་ལ་ཐོག་མར་དགེ་རྒན་གྱིས་ཡང་དག་པའི་ཐབས་ལམ་སྤྱད་ནས་བྱིས་པ་ཚོར་གཉིད་ཁའི་གནའ་གཏམ་དང་ཁ་བརྡ་བྱས་ནས་རོལ་རྩེད་སོགས་མི་རྩེ་བའི་བྱེད་ཐབས་སྤྱད་ནས་བྱིས་པ་དག་གཉིད་དུ་འཇུག་དགོས། དགེ་རྒན་གྱིས་བྱིས་པའི་གམ་ནས་ལྟ་ཞིབ་དང་དྲན་སྐུལ་བྱེད་དགོས།
༣ གུང་གཉིད་སྐབས་སུ་གསང་སྤྱོད་ཁང་ལ་འགྲོ་ཐེངས་མང་བ།
འདི་ལ་བྱིས་པ་དེར་ཉིན་རྒྱུན་འདི་ལྟ་བུའི་གནས་ཚུལཡོད་མེད་ལ་ལྟ་ཞིབ་བྱས་ཏེ།གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། བྱིས་པ་དང་འགྲོགས་ནས་གཙང་སྤྱོད་ཁང་དུ་སོང་ཆོག
༤ དགེ་རྒན་གྱིས་པང་དུ་བཟུང་ནས་མ་བསྡད་ན་གཉིད་མི་སྲིད་པ།
བྱིས་པར་སེམས་གསོ་བྱེད་པ་དང་སྐུལ་མ་བཏང་ནས་རང་འགུལ་གྱིས་གཉིད་ཐུབ་པའི་བྱིས་པར་བསྟོད་བསྔགས་བྱས་ན་བཟང་།
你可能遇到的问题、可用的对策:
不会穿脱衣服。
:老师边帮忙边用语言告诉孩子方法,提醒家长在家里多练习。
哭闹,不睡觉,爱说话,东张西望。
:和孩子约定入园规则,以取消游戏等方式提醒孩子正确入睡,个别孩子老师可以在旁边注意并提醒。
睡觉中频繁上厕所。
:观察孩子是否天天如此,与搭班沟通了解情况,配班可以陪孩子一起去卫生间。
要老师抱着,不离开才会睡觉。
:安慰孩子,语言鼓励孩子,表扬自己睡的孩子。
ཕྱི་དྲོར་ཡུལ་ལ་ལོག་སྐབས།
རྒྱུན་སྲོལ་བླང་བྱ།
ཡུལ་ལ་འགྲོ་ཁར་རྩེད་ཆོས་རྒྱུ་ཆ་སྔར་གནས་སུ་འཇོག་པ།
གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་དང་གང་འདོད་དུ་འགྲོ་རྒྱུག་མི་བྱེད་པ།
རང་ཉིད་ཀྱི་གྱོན་གོས་ལ་གཙང་དག་བྱེད་པ་དང་ཅ་ལག་ལ་བདག་སྲུང་བྱེད་པ།
དགེ་རྒན་གྱིས་མིང་བོས་ནས་འགྲོ་ཆོག་པའི་བརྡ་བརྒྱབ་ན་མ་གཏོགས་གང་འདོད་དུ་མི་འགྲོ་བ།
离园
常规要求
走之前,整理好所玩的材料。
有序排队,不跑不追赶。
整理好衣服,带好自己东西。
听老师点名接送,不偷跑。
ཡུལ་ལ་ལོག་སྐབས་ཀྱི་གནད་དོན་དང་ཐབས་ཇུས།
༡ གྲལ་མི་སྒྲིག་པ་དང་གྲལ་བར་ལ་འཛུལ་བ། ཁྱིམ་བདག་ཡོད་སར་རང་འདོད་ཀྱིས་བརྒྱུགས་འགྲོ་བ།
གནད་དོན་འདི་ལ་དགེ་རྒན་གྱིས་བྱིས་པ་རྣམས་ལ་ཡུལ་ལ་ལོག་སྐབས་ཀྱི་སྒྲིག་སྲོལ་གསལ་བོར་བཤད་པ་དང་། ཁྱིམ་བདག་རྣམས་ལ་རང་གནས་སུ་སྒུག་དགོས་པའི་གསལ་འདེབས་བྱེད་དགོས།
༢ ལྭ་བར་གཙང་དག་མི་བྱེད་པ་དང་རང་ཉིད་ཀྱི་དངོས་པོ་འཁྱེར་རྒྱུ་བརྗེད་འགྲོ་བ།
གནད་དོན་འདིར་སྔོན་ལ་དུས་ཚོད་བྱིན་ནས་གྲ་སྒྲིག་བྱེད་དུ་འཇུག་དགོས་པ་དང་།བྱིས་པ་ཚོར་ཕན་ཚུན་ཞིབ་བཤེར་བྱེད་པར་སྐུལ་མ་གཏོང་དགོས།
༣ འགྲོ་ཁར་རྩེད་ཆས་ལ་བདག་མི་བྱེད་པའམ་ཡང་ན་རྩེ་རར་བསྡད་དེ་འགྲོ་འདོད་མེད་པ།
འདི་ལ་བྱིས་པ་ཚོར་དངོས་པོ་ལ་བདག་དོམ་དང་ཞིབ་བཤེར་བྱེད་དགོས་པའི་གསལ་འདེབས་བྱས་ཏེ། ཐེངས་མང་བོར་བཤད་ཀྱང་མི་ཉན་པའི་བྱིས་པར་སྒུག་ཏུ་བཅུག་ནས་གསལ་བོར་བཤད་རྗེས་མཇུག་མཐར་འགྲོ་རུ་བཅུག་ན་བཟང་།
你可能遇到的问题、可用的对策:
不排队,插队,和家长招手。
:老师提醒孩子离园秩序,提醒家长安静等待。
衣服不整理,东西忘带。
:提前时间给孩子准备整理,鼓励孩子相互检查。
走前不收拾玩具,或待在区角不舍得走。
:提醒孩子收拾并检查物品,对个别多次提醒不听的孩子可以让其等待,并最后再走。
འཛིན་གྲྭ་ཆུང་བའི་རྒྱུན་སྲོལ་གསར་འཛུགས་བྱེད་སྐབས་ད་རུང་གཤམ་གསལ་དོན་ཚན་འདི་བཞི་བོར་མཉམ་འཇོག་བྱེད་དགོས།
(1)བྱིས་པ་ཚོའི་ལོ་ཚོད་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱས་ཏེ།བྱིས་པ་ཚོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས།འཛིན་གྲྭ་གསར་བའི་རྒྱུན་ལྡན་གྱི་གསོ་སྐྱོང་ལ་རྒྱུན་དུ་དགེ་རྒན་གྱིས་ནན་བཤད་ཡང་ཡང་བྱེད་དགོས།དེ་ལྟར་བྱས་ན་ད་གཟོད་བྱིས་པ་ཚོར་གོམས་སྲོལ་ཆགས་པར་རོགས་རམ་བྱེད་ཐུབ།
(2)བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱུན་སྲོལ་གསོ་སྐྱོང་བྱེད་དགོས།དཔེར་ན།འཛིན་གྲྭའི་ཁོར་ཡུག་གི་གསར་འཛུགས་དང་།བྱིས་གླུ།རོལ་རྩེད་སོགས་ལྟ་བུ།
(3)ཁྱིམ་བདག་དང་བསམ་ཚུལ་བརྗེ་རེས་མང་ཙམ་བྱས་ཏེ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་བྱིས་པ་ཚོར་རྒྱུན་སྲོལ་འཛུགས་རོགས་བྱེད་དགོས།
(4)བྱིས་པ་ཚོའི་བྱ་སྤྱོད་ལ་དུས་ཐོག་ཏུ་ལན་སྟེར་དགོས།དཔེར་ན་བྱིས་པ་ཡ་རབས་ལ་དུས་ཐོག་ཏུ་བསྔགས་བརྗོད་དང་བྱ་དགའ་སྤྲོད་དགོས་པ་དང་མིན་ན་སྐྱོན་བརྗོད་འོས་འཚམ་བྱས་ནས་བྱིས་པ་ཚོར་གནད་དོན་ཤེས་རྟོགས་ཐུབ་པ་བྱེད་དགོས།
新小班常规注意事项
建立新小班的常规时,还有4点温馨提示:
★ 理解孩子的年龄特点,尊重孩子的发展规律,新小班的常规培养时常需要老师反复强调,才能逐渐帮助孩子养成习惯。
★ 利用多种方式来培养常规,比如班级环境的创设,儿歌,手指谣等。
★ 多与家长沟通交流,共同努力来逐步帮助孩子建立常规。
★ 对孩子的表现及时给予反馈,比如做的好,及时表扬和奖励,做的不好的,适当运用批评来让孩子认识到问题。