ཡུན་དར་མི་རིགས་བཅའ་སྡོད་སློབ་ཆུང་གི་མཇུག་རྒྱུགས་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་འདུ།

འོད།Sunshine、
创建于2021-07-14
阅读 2026
收藏TA

需扫码在手机上打开
文章后点击更新提醒

  སྤྱི་ཟླ༧པའི་ཚེས༡༤ཉིན་གྱི་སྔ་དྲོར། སློབ་མའི་སློབ་སྦྱོང་གི་ནུས་པར་སྐུལ་འདེད་དང་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་སྤྲོ་བར་དམིགས་ནས་ཡུན་དར་མི་རིགས་བཅའ་སྡོད་སློབ་ཆུང་གིས་མཇུག་རྒྱུགས་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་འདུ་ལུས་རྩལ་ར་བ་རུ་བསྡུས་ཏེ་སློབ་སྐབས་འདིའི་མཇུག་རྒྱུགས་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་བསླབ་འབྲས་ཁྱད་འཕགས་ཅན་གྱི་སློབ་མ༣༥བྱ་དགའ་གནང་སྟེ་སྐུལ་ལྕག་བྱས་པར་མ་ཟད། གུང་ཧོ་རྫོང་གི་སྐབས༡༡པའི་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐོབ་ཡོད་པའི་ལུས་རྩལ་པ༡༡དང་། འཛིན་གྲྭའི་ཨུ་ཡོན་ཕུལ་བྱུང་ཅན༥ ཕུལ་བྱུང་ཁྱིམ་བདག་༥བཅས་ལ་བྱ་དགའ་བྱིན་ཏེ་མུ་མཐུད་དུ་འབད་པ་བྱེད་དགོས་པའི་སྐུལ་མ་བཏང་། 

  རབ་འདིའི་མཇུག་རྒྱུགས་བྱ་བའི་སྤྱི་སྡོམ་ཁྲོད་ཁྱོན་བསྡོམས་སློབ་མ༥༡ལ་དག་གཙང་ཁ་བཏགས་ཀྱི་དཔའ་དར་དང་། མཚན་སྙན་དཔང་ཡིག  སློབ་མའི་སློབ་སྦྱོང་འཚོ་བར་ཉེར་མཁོའི་དངོས་ཟོག་མང་པོ་ཞིག་གིས་སྐུལ་ལྕག་གནང་བ་རེད།

  ཚོགས་འདུའི་སྟེང་། སློབ་གཙོ་ཚེ་གཟུངས་ཀྱིས་གཟེངས་བསྟོད་ཐོབ་པའི་སློབ་མ་དང་འཛིན་གྲྭར་རྟེན་འབྲེལ་ཞུ་བ་དང་མཉམ་དུ་རེ་བ་འགའ་བཏོན་པ་སྟེ། གཅིག་ནས་སློབ་མ་ཚང་མས་ཧུར་ཐག་དང་སྡུག་རུས། འབད་པ་ཆེར་བསྐྱེད་སྒོས་རིག་གནས་ཡོན་ཏན་ལེགས་པོར་སྦྱང་དགོས་ཤིང་ཡུལ་ཕ་མའི་རེ་བ་དང་རྒན་དམ་པའི་བསླབ་བྱ་དང་དུ་བླངས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ལ་བརྩོན་པ་ལྷོད་མེད་བསྐྱེད་དགོས་པའི་བསླབ་བྱ་གནང་ལ།  གཉིས་ནས་སློབ་གྲོགས་ཚོས་གསེར་ལས་ལྷག་པའི་བྱིས་དུས་ཀྱི་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་རང་ཉིད་ལ་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཚུལ་བསྟན་པ་མ་ཟད། སློབ་གྲྭ་འགྲོ་འོང་གི་ལམ་ཁའི་བདེ་འཇགས་སོགས་ལ་རེ་བ་ནན་མོ་བཏོན།

  མཇུག་ཏུ་སློབ་གྲོགས་དང་ཁྱིམ་བདག་ཚོས་དགའ་འབོད་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་འདུ་བདེ་ལེགས་ངང་མཇུག་རྫོགས་པ་རེད།

阅读 2026
文章由 美篇工作版 编辑制作
投诉