༄། །ནམ་ཟླ་དབྱར་གཞུང་དུས་ལ། །མདོ་ཁམས་སྨད་ཀྱི་ས་ཆར། །
བསྐོར་བ་ལན་གཅིག་བརྒྱབ་ནས། །ཡིད་སེམས་སྤྲོ་བས་ཁེངས་སོང་། །
༄།། དབྱར་གྱི་སྤང་ལྗོངས་སྟེང་ན།། བུ་མོ་མཛེས་མ་ཞིག་གིས།།
ཕྱག་གཡས་ཐོད་ལ་ཀེར་ནས།། ཟུར་མིག་ཐེངས་གཅིག་འཕེན་པས།།
སྟག་ཤར་གཞོན་ནུ་མང་པོས།། ཡིད་དབང་ཅིག་ཅེར་འཕྲོག་སོང་།།