美友37693577
收藏TA

需扫码在手机上打开
文章后点击更新提醒

玛曲县第二寄宿制藏族小学致全体师生的一封信

创建于2020-01-28 阅读2597

རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པས་དགེ་སློབ་ཀུན་ལ་བསྐུར་བའི་འཕྲིན་ཡིག

གུས་པར་འོས་པའི་དགེ་རྒན་དང་སྙིང་ཉེ་བའི་སློབ་གྲོགས་རྣམ་པ། 

ཏོག་དབྱིབས་གསར་བའི་ནད་དུག་འགོས་ནད་ཀྱིས་སྤྲོ་སྐྱིད་ལྡན་པའི་ལོ་སར་དང་རྒྱུན་ལྡན་གྱི་  འཚོ་བ་ལ་གནོད་སྐྱོན་མི་དམན་པ་བཟོས་ཡོད།    ང་ཚོས་ཀྱང་འགོས་ནད་ཀྱི་ཚབས་ཆེན་རང་བཞིན་ལ་བསམ་གཞིགས་བྱས་ཏེ་སྔོན་འགོག་བྱེད་པ་ལས་སྐྲག་སྣང་སྐྱེ་གཏན་ནས་མི་རུང་། ད་ལྟ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་སོགས་ཀྱིས་འགོས་ནད་འདི་ལ་སྔོན་འགོག་བྱེད་པའི་ཐབས་ཇུས་གང་མང་བཀོད་སྒྲིག་དང་དྲིལ་སྒྲོག་བྱེད་ཀྱིན་པའི་སྒང་ཡིན། ཚེ་སྲོག་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན། ང་ཚོས་ཏང་ཀྲུང་དབྱང་གི་ཡག་དག་པའི་འཛུབ་སྟོན་ལྟར་འགོས་ནད་འདི་ལ་ངོ་རྒོལ་ཅི་ནུས་བྱེད་དགོས། 

གཅིག འབྲེལ་ཡོད་ཀྱི་སྔོན་འགོག་ཤེས་བྱ་རྟོགས་དགོས། 

གཞན་གྱིས་ཅི་བཤད་ཀྱི་རྗེས་སུ་མི་འབྲངས་པ་དང་འཆལ་གཏམ་མི་བཟོ་བ།  སྐྲག་འཇིགས་མི་སྐྱེ་བ། སློབ་གྲྭས་ཀྱང་སྔོན་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་ཡིན་པས་ཚང་མས་ནན་ཏན་གྱིས་སློབ་སྦྱོང་རེ་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན།

གཉིས། མི་ཚོགས་འདུ་ས་དང་མཁའ་དབུགས་རྒྱུ་དཀའ་བའི་གནས་ལ་གཏན་ནས་འགྲོ་མི་ཉན་པ། ལག་པ་གཙང་མར་བཀྲུ་བ་དང་སྒེའུ་ཁུང་ཕྱེས་ཏེ་མཁའ་དབུགས་གསར་བ་རྒྱུ་རུ་འཇུག་རྒྱུ་སོགས་ཀྱི་གོམས་གཤིས་ཡོད་དགོས་པ་དང་སྒོ་རུ་འབུད་དུས་ངེས་པར་དུ་ཚད་ལྡན་ཁ་བཏུམ་རྒྱག་རྒྱུ་གོམས་པར་བྱས་ཏེ་ནད་ཡམས་ཀྱི་གདོན་འདྲེ་ཕམ་པར་རྒྱག་དགོས། 

གསུམ། ༡འདྲ་མིན་ཟས་རིགས་ལོངས་སུ་མི་སྤྱོད་པ། ལྷག་པར་དུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟ་མི་རུང་། ༢ལུས་ཕུང་སྦྱོང་བརྡར་བྱས་ཏེ་གློ་སེམས་དང་ལུས་སྟོབས་བསྐྱེད་པར་བྱེད་དགོས། 

བཞི། ༡ ཚ་བ་སྐྱེ་བའམ་ཡུན་རིང་ལ་ཚ་བ་མི་འཇོག་པ།  མིད་པ་སྐམ་པ་སོགས་ཀྱི་གནས་ཚུལ་བྱུང་ན་སྨན་པ་ལ་སྟོན་དགོས་པ་དང་ཚ་བ་ཇི་ལྟར་བྱུང་བ་གསལ་བོ་ཤེས་དགོས་པ། ༢ཚ་བ་སྐྱེ་བ་དང་མིད་པ་སྐམ་པའི་གནས་ཚུལ་ཡོད་ན་མི་མང་ཚོགས་ས་དང་འདུ་འཛོམ་གྱི་བྱ་འགུལ་ལ་མི་ཞུགས་པ་ཧ་ཅང་གལ་ཆེའོ། །

ལྔ། དགུན་གནང་ཡུལ་ནས་རོལ་ཏེ་སློབ་མགོ་མ་ཚུགས་ཡར་སྔོན་དུ་སློབ་གྲྭའི་ནང་ཡོང་མི་ཆོག

དྲུག གལ་ཏེ་ལུས་ལ་འགོས་ནད་དེ་དང་འདྲ་བ་བྱུང་ན་སྨན་བཅོས་བྱེད་པ་དང་བསྟུན་ནས་རང་ཉིད་ཀྱི་གནས་ཚུལ་ངོ་མ་སློབ་གྲྭ་ལ་བཤད་དགོས། འཛིན་བདག་རྣམ་པས་ཀྱང་རང་འཛིན་གྲྭའི་ཉིན་རེའི་གནས་ཚུལ་སློབ་གྲྭ་ལ་སྙན་ཞུ་གསལ་བོ་བྱེད་དགོས། 

འགོས་ནད་གནས་ཚུལ་བྱུང་བ་བཀའ་དང་འདྲ།།

ནུས་རྒུས་སྔོན་འགོག་བྱེད་པ་འགན་དང་འདྲ།།

དགེ་རྒན་རྣམ་པ།  སློབ་གྲོགས་རྣམ་པ།  ཁྱིམ་བདག་རྣམ་པ་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་གློག་དང་འདྲ་བའི་འགོས་ནད་འདི་ལ་ངོ་རྒོལ་བྱས་ཏེ་སྔོན་འགོག་གི་རྒྱལ་ཁ་ལེན་དགོས་སོ།།

མཇུག་མཐར། དགེ་སློབ་ཡོངས་ལ་ལུས་ལ་ན་ཚ་མེད་པ་དང་དོན་བརྒྱ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ། 

རྨ་ཆུ་རྫོང་བཅའ་སྡོད་བོད་རིགས་སློབ་ཆུང་གཉིས་པ།

༢༠༢༠ལོའི་ཟླ་༡པོའི་ཚེས་༢༨ཉིན། 

玛曲县第二寄宿制藏族小学致全体师生的一封信

亲爱的同学们、老师们:

大家新年好!

新型冠状病毒感染的肺炎疫情给欢快祥和的节日带来了一丝阴霾,给大家生活带来了很大影响,请大家坦然面对、不要恐慌,同时请大家高度重视、积极防控。当前,新型冠状病毒感染的肺炎疫情防控阻击战已经打响,党中央、国务院作出重要部署,甘肃省启动突发公共卫生事件一级响应机制,教育部、省教育厅和州教育局及时制定并落实了针对性防控措施。生命重于泰山,我们坚决贯彻党中央的决策部署和教育部、省州教育行政部门的文件要求,把师生员工的生命安全和身体健康放在第一位,对大家负责,对社会负责。为此,请本校师生员工认真做得到

一、掌握相关知识。针对目前发生的新型冠状病毒感染的肺炎疫情,请大家从官方渠道学习、了解相关知识和信息,须警惕、不轻视,不信谣、不传谣,科学防控,不恐慌。学校将会以相关方式发布有关疫情防控知识,请大家认真学习,共同做好疫情防控工作。

二、加强个人防护。不前往疫情集中区域旅游或探亲访友,少出门,少聚集,避免在人员密集区或封闭、空气不流通的公众场所逗留外岀时应佩戴口罩,外岀后,请及时洗手、洗鼻;改善居住环境卫生,勤开窗通风,呼吸新鲜空气。已在疫区的师生员工尤其要加强自我保护,听从疫区当地政府的建议和统一管理,降低病毒传播的可能。

三、增强自身体质。清淡饮食,多喝水,多吃新鲜蔬菜水果,不食用和接触野生动物;节假日期间,合理作息,不熬夜,避免过度疲劳;加强体育锻炼,改善心肺功能,提高个人体质和免疫力。

四、防治科学及时。如岀现发热、乏力、干咳等疑似症状,特别是持续发热不退的,请及时到定点医院发热门诊就医;如果被疾控部门告知是_名密切接触者、疑似病例或者确诊病例,请不要恐慌,积极配合相关部门排查、隔离和诊治;请密切监测自身身体状况,杜绝带病岀行、聚会。

五、合理安排假期。请大家按计划在家度过寒假,不要提前返校。

六、如实报告情况。请大家与学校保持通畅联系,如发现疑似症状,在及时就医的同时,应如实及时向学校报告个人情况,自觉服从学校关于疫情防控工作的有关安排。各班主任如实统计本班学生当天相关情况并报领导小组办公室,领导小组及时统计并向上级相关部门上报本校疫情防控工作情况。

“疫情就是命令,防控就是责任”,老师们、同学们、家长们,面对这场突如其来的疫情,希望大家科学防疫、理性对待、共克时艰。让我们一起努力,增强责任意识和防护意识,齐心协力,群防群控坚决打嬴疫情防控阻击战!

值此新春佳节之际,祝愿全体师生员工身体安康、新春快乐、假期愉快。

玛曲县第二寄宿制藏族小学

2020年1月28日

阅读 2597
文章由 美篇工作版 编辑制作
投诉