དཔལ་ཁ་གྲོང་རྡལ་སྔོན་འགྲོ་སློབ་གསོའི་དོ་དམ་གཞུང་ལས་ཁང་།
河卡镇学前教育管理办公室
རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ་སྐུ་ཁམས་བཟང་།
ཉིན་འདི་འགར་ཆར་ཆུ་འབབ་ཚད་མངོན་གསལ་དུ་ཇེ་ཆེར་སོང་ཡོད་པས་ང་ཚོས་ཆར་ཆུའི་གནོད་འཚེ་སྔོན་འགོག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། སྒོ་ཕྱི་ལ་འགྲོ་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོགས་ཟོན་དང་དོ་སྣང་བྱེད་དགོས། ཁྱེད་དང་བྱིས་པ་ཚོའི་བདེ་འཇགས་ཀྱི་ཆེད་དུ་ང་ཚོ་དང་མཉམ་དུ་འབྲུབ་འགོག་དང་།གློག་འཁྱུག་པ།ཆུར་བྱིང་བ་སོགས་རང་བྱུང་གནོད་འཚེ་སྔོན་འགོག་ལས་དོན་ལ་ཧུར་བརྩོན་བྱེད་དགོས།
亲爱的家长朋友们:
进入汛期,降水明显增多,强降雨天气使得交通状况复杂,隐患增多。温馨提示:出门带雨具,加强防范措施;出行提高交通安全意识,注意安全防范。为了您和孩子的平安出行,请和我们一起做好防汛、防雷电、防溺水、预防自然灾害等安全教育工作。


འབྲུབ་འགོག་བདེ་འཇགས་ཀྱི་ཤེས་བྱ་ཆུང་ངུ་།
防汛安全小知识


ཆུ་འབྲུབ་པའི་དུས་སྐབས་ཞེས་པ་ནི་ཆུ་བོའི་འབབ་རྒྱུད་ཇེ་ཆེར་སོང་བ་དང་བསྟུན་རང་བཞིན་གྱིས་ཆུ་གནས་འཕར་བའི་དུས་སྐབས་ལ་ཟེར།
ཅི་ཞིག་ལ་འབྲུབ་འགོག་ཟེར། ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་།ཆུ་ལོག་སྔོན་བརྡ་གཏོང་བ།ཆུ་ལོག་སྔོན་འགོག་ལ་གྲ་སྒྲིག་བྱེད་པ་སོགས་ཀྱི་ཐད་ལ་འབྲེལ་ཡོད་ཀྱི་ལས་ཀ་བྱེད་པ་ལ་ཟེར།
什么是汛期?
汛期是指江河由于流域内季节性降水、融冰、化雪引起季节性水位上涨的时期。
什么是防汛?
防止和减轻洪水灾害,在洪水预报、防洪调度、防洪工程运用等方面进行的有关工作。汛的含义是指江河、湖泊等水域的季节性或周期性的涨水现象。


གནམ་གཤིས་ལ་དོ་སྣང་ཆེན་པོ་བྱེད་དགོས།
གཅིག བྱིས་པ་ཚོར་མཚེའུ་དང་རྫིང་བུའི་ཁར་གང་འདོད་དུ་རྩེ་རུ་འགྲོ་མི་རུང་བའི་སློབ་གསོ་རྒྱག་དགོས།
གཉིས།དྲག་ཆར་གྱི་གནམ་གཤིས་དང་འཕྲད་ཚེ་ཕྱི་ལ་མི་འགྲོ་བ་དང་།དམིགས་བསལ་གྱི་གནས་ཚུལ་དང་འཕྲད་ཚེ་ཁྱིམ་བདག་གིས་ངེས་པར་དུ་ཕྱི་ལ་འགྲོ་བའི་བྱིས་པ་དངོས་སུ་བསུ་སྐྱེལ་བྱེད་དགོས།
གསུམ།ཆུ་ལོག་བྱུང་ཚེ་བྱིས་པ་ཚོར་ཐག་རིང་དུ་སྡོད་དགོས་པའི་སློབ་གསོ་བཏང་སྟེ་ཆུ་ངོགས་རྡིབ་ནས་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་དགོས།
བཞི། དྲག་ཆར་འབབ་སྐབས་ཤིང་སྡོང་སོགས་ཀྱི་འོག་ཏུ་ཆར་གཡོལ་བྱེད་མི་རུང་།
密切关注天气:
1.教育孩子不要在河道、沟渠玩耍,高度注意防洪安全;
2.若遇暴雨天气,尽量不外出,如遇特殊情况家长须亲自接送外出的孩子;教育孩子不要独自冒险淌河;
3.遇到河道洪水暴发,教育孩子不围观洪水,远离河岸,以防河岸垮塌造成危险;
4.雷雨天气不可在大树下避雨,避免造成雷击事故发生。



འབྲུག་ཆར་དུས་ཀྱི་བདེ་འཇགས་ལ་དོ་སྣང་བྱ་དགོས།
雷雨天安全注意事项


ཆར་འབབ་པའི་དུས་སུ་ས་ངོས་བརླན་ཞིང་འདྲེད་པས།གྲོགས་པོ་ཆུང་ཆུང་ཚོས་ངེས་པར་དུ་མཉམ་འཇོག་དགོས་པ་ནི།
གཅིག ཆར་འབབ་པའི་དུས་སུ་ཕྱི་རོལ་དུ་རྩེད་མོ་རྩེ་བར་མི་འགྲོ་བར།དགེ་རྒན་དང་ཕ་མ་གཉིས་ཀྱི་བཀོད་སྒྲིག་ལ་ཉན་དགོས།
གཉིས།ཁང་པའི་ནང་དང་།བར་ཁྱམས་བཅས་སུ་རྗེས་འདེད་དང་རྩོད་ཁ་རྒྱག་མི་རུང་།
གསུམ། ཕྱི་ནས་འགྲོ་སྐབས་ཆུ་འདམ་ལ་གཡོལ་ནས།དལ་མོར་འགྲོ་དགོས།
བཞི།ཐེམ་སྐས་ལས་ཡར་མར་ལ་འགྲོ་སྐབས།འཚང་ཁ་མི་བྱེད་པ།གདོང་ཐུག་མི་བྱེད་པ།སྒྲིག་ལམ་ལྡན་པ་བཅས་བྱ་དགོས།
在室内下雨天地面湿滑,小朋友们要注意:
1.雨天不到户外场地玩耍,听从老师和爸爸妈妈的安排。
2.不在室内、楼梯、走廊上追逐打闹。
3.避开地面的水滩,走路慢行。
4.上下楼梯要靠右行,不拥挤,不冲撞,有秩序。



རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ།
ང་ཚོའི་རང་གི་ཁྱིམ་ཚང་གི་བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཇོག་པའི་འདུ་ཤེས་བཟུང་ནས་འབྲུབ་འགོག་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱབ་སྟེ་ཐུན་མོང་ཐོག་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཆུ་མ་ཡོང་གོང་ལ་རགས་ཞེས་པ་ལྟར་དུ་གྲ་སྒྲིག་ཡོད་པ་དང་གནོད་འཚེ་མེད་པ་བཅས་བྱ་དགོས། ཚང་མས་གནོད་འཚེ་མ་བྱུང་གོང་གི་སྔོན་འགོག་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་མཐོང་ཆེན་བྱས་ཏེ་ཆུ་འབྲུབ་དུས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་ཡག་པོ་བསྒྲུབས་ནས་ཆུ་འབྲུབ་དུས་ཀྱི་གནོད་འཚེའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
家长们:让我们家园共育,树立“安全第一,预防为主”的忧患意识,加强防汛安全教育,共同筑起一道安全防线。未雨绸缪,有备无患。请大家提高灾前预防意识,做到人人重视、时时重视、处处重视,做好汛期安全防范工作,减轻汛期灾害风险,严防各类安全事故发生!


དཔལ་ཁ་གྲོང་རྡལ་སྔོན་འགྲོ་སློབ་གསོའི་དོ་དམ་གཞུང་ལས་ཁང་།
河卡镇学前教育管理办公室
2024年7月22日

