2024年四川省广元市树人中学玉树班招生简章

蒋奉
创建于07-11
阅读 5335
收藏TA

需扫码在手机上打开
文章后点击更新提醒

སི་ཁྲོམ་ཞིང་ཆེན་ཀོང་ཡོན་ཧྲིའུ་རིན་སློབ་འབྲིང་གི་སྤྱི་ལོའི༢༠༢༤ལོའི་ཡུལ་ཤུལ་འཛིན་གྲྭའི་མཐོ་འབྲིང་སློབ་མ་སློབ་བསྡུ་བརྡ་ཐོ།
མིག་ཟུང་ཁྲི་སྟོང་གི་རེ་སྒུག་འོག་སྤྱི་ལོ་༢༠༢༤ལོའི་མཐོ་རྒྱུགས་རྒྱུགས་འབྲས་ཐོན་པར།སི་ཁྲོན་ཀོང་ཡོན་ཧྲིའུ་རིན་སློབ་འབྲིང་གིས་ཕྱོགས་ཡོངས་ཀྱི་རེ་བ་ཆུད་ཟོས་སུ་མ་བཏང་བར།ཀོང་ཡོན་དང་ཡུལ་ཤུལ་ས་གནས་གཉིས་ཀྱི་མཐོ་རྒྱུགས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་བཟང་པོ་བླངས་ཡོད།སྤྱི་ལོ༢༠༢༤ལོར་ངེད་སློབ་གྲྭའི༼ཡུལ་ཤུལ་འཛིན་གྲྭའི༽དངོས་གཞི་ལ་སློབ་མ་༢༢༦་རྒྱུགས་འཕྲོད་ཡོད་པ་པ་དང་།དངོས་གཞི་དང་པོའི་ཐིག་ཚད་ལ་ཁེལ་བའི་སློབ་མ་༡༣༠ཡོད་པ་དང་།དེ་ལས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་རིག་ཚན་རྒྱུགས་སྤྲོད་མཁན་གྱི་ཨང་རིམ་བཅུ་པའི་ནང་ལ་༢ཡོད་པར་མ་ཟད། རྩིས་ཚན་རྒྱུགས་སྤྲོད་མཁན་གྱི་ཨང་ཉི་ཤུའི་ནང་ལའང་༢ཡོད།ཧྲིའུ་རིན་སློབ་འབྲིང་གིས་ཐོག་མའི་བསམ་བློ་མི་འགྱུར་བ་དང་དཀའ་སྡུག་ཡོད་ཚད་གདོང་གིས་བསུས་ཏེ་རེ་བ་དང་ཡིད་ཆེས་ཏེ་མཐོ་རྒྱུགས་ཀྱི་གྲུབ་འབྲས་བཟང་པོ་བླངས་ཡོད།
              སློབ་བསྡུ་འཆར་གཞི།
༢༠༢༤ལོའི་ཡུས་ཧྲུའུ་ཁུལ་་མཐོ་རིམ་སློབ་མ་གསར་པ་བསྡུ་གྲངས།༣༠༠ཡིན།༼མི་རིགས་རིགས་ཀྱི་སློབ་མ།༢༥༠དང་།སྤྱིར་བཏང་རིགས་ཀྱི་སློབ་མ། ༥༠༽ཡིན་པར་མ་ཟད།འབྲིང་རིམ་རྒྱུགས་སྤྲད་སྦྱངས་འབྲས་ཁུལ་ཡོངས་ཀྱི་སློབ་མའི་ཨང་རིམ༢༠སྔོན་ལ་སླེབས་པའི་སློབ་མ་རྣམས་རྩེར་སོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན།བོད་ཡིག་འཛིན་གྲྭའི་རྒྱུགས་སྤྲོད་སློབ་མ་སློབ་གྲྭར་ཞུགས་རྗེས་རྒྱ་ཡིག་འཛིན་གྲྭའི་རིགས་སུ་བསྒྱུར་བ་དང་དེ་རྗེས་སློབ་མའི་འདོད་བློ་དང་བོད་ཡིག་གི་སྦྱངས་འབྲས།མཐོ་རྒྱུགས་གསར་པའི་བླང་བྱ་གཞིར་བཟུང་བོད་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་རེད།འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ལས་ཁུལ་ཡོངས་ཀྱི་ཨང་རིམ་༢༠སྔོན་གྱི་སློབ་མ་དག་ནི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་རེད།
སློབ་གྲྭའི་མཚམས་སྦྱོར།
ཀོང་ཡོན་ཧྲོའུ་རིན་སློབ་འབྲིང་ནི་ཀོང་ཡོན་གྲོང་ཁྱེར་གྱི་ཐད་གཏོགས་བྱས་པའི་དཔེ་མཚོན་གཞུང་གཉེར་མཐོ་རིམ་སློབ་འབྲིང་ཞིག་ཡིན་༼༥་༡༢༽ས་འགུལ་བྱུང་རྗེས་གནས་འཕོས་བསྐྱར་འཛུགས་བྱས་ལ་ས་ཁྱོན་མུ་༡༣ཅབཟུང་བའི་སྒྲིག་ཆས་མཁོ་ཚོགས་ཡོངས་སུ་འཛོམས་པའི་སློབ་གྲྭ་ཞིག་ཡིན།ད་ལྟ་སློབ་གྲྭར་སྒྲིག་ཁོངས་ནང་གི་དགེ་རྒན་༧༦ཡོད་པ་དང་དེར་ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན་༦དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་རྐང་འཛིན་དགེ་རྒན་༥༦དང་མཐོ་རིམ་དགེ་རྒན་༡དང་།མཐོ་རིམ་གཞོན་པ་༤༠ཞིབ་འཇུག་མཐར་ཕྱིན་དགེ་རྒན་༣༥་བཅས་ཡོད།ལོ་ངོ་༥༠ལྷག་གི་སློབ་འཛུགས་ཉམས་མྱོང་ཁྲོད་མི་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས་ལ་ལོ་བརྒྱ་འཕེལ་རྒྱས་གཏོང་མཁན་གསོ་སྐྱོང་བྱེད་དགོསཔའི་།སློབ་གཉེར་འདུ་ཤེས་དང་སྤྱོད་བཟང་།ཚུགས་ཐུབ།ཤེས་རབ་ལྡན་པ་རྩལ་ལ་མཁས་པ་བཅས་ཀྱི་སློབ་གྲྭའི་བསླབ་བྱ་དང་།རྒན་ལ་བཀུར།སློབ་མར་བྱམས།བདེན་པར་བསྙེག་སློབ་མ་འབད་པའི་སློབ་གྲའི་སྲོལ་བཟང་།མཁས་བཙུན་སློབ་ལ་ཕན་འདོད་པའི་དགེ་སྲོལ་བཟང་པོ་དང་སློབའདོད་བླ་མར་གུས་པའི་སློབ་སྲོལ་བཟང་པོ་བཅས་ཆགས་ཡོད།སློབ་གྲྭར་སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་ལས་ཁུངས་དང་སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གྱི་དཔེ་མཚོན་ལས་ཁུངས།་སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་དཔེ་མཚོན་ཚོགས་པ་དདང་སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གྱུར་འདུ་ཤེས་བརྟནའཇོག་གི་སློབ་གསོའི་ས་གནསེ་སི་ཁྲོན་ཞིང་ཆེན་ཉི་འོད་ལུས་རྩལ་དཔེ་མཚོན་སློབ་གྲྭ་ཀོང་ཡོན་གྲོང་ཁྱེར་སློབ་གསོ་སྤུས་ཚད་འབུར་ཐོན་སློབ་གྲྭ།ཡུལ་ཤུལ་ཁུལ་མཐོ་རྒྱུགས་འབུར་ཐོན་བྱས་རྗེས་སློབ་གྲྭ་བཅས་ཀྱི་གཟེངས་རྟགས་ཐོབ་ཡོད།
             སྒྲིག་ཆས་དང་ཁོར་ཡུག
སློབ་གྲྭར་སྣ་འཛོམས་མཐོ་བརྩེགས་དང་སློབ་ཁང་མཐོ་བརྩེགས།ཚོད་བལྟ་མཐོ་བརྩེགས།ཡེའུ་འུ་མཐོ་བརྩེགསདཔེ་མཛོད་ཁངལུས་རྩལ་ཁང་བྱ་སྒྲོ་སྤོ་ལོ་ཁང་།ཚད་ལྡན་གྱི་རྐང་དྲུག་ཐང་དང་ལག་རྩེད་ཐང་འཚོགས་ཁང་།བཅའ་སྡོད་སློབ་མའི་ཁྱིམ་གཞིས།དགེ་རྒན་གྱི་ཁྱིམ་གཞིས།སེམས་ཁམས་སྙོམས་སྒྲིག་ཁང་།སྨན་ཁང་།ཟ་ཁང་།སློབ་མའི་ཉལ་ཁང་བཅས་སྒྲིག་ཆས་ཆ་འཛོམས་པོ་ཡོད།་སློབ་ཁང་དང་ཉལ་ཁང་སོགས་ལ་དྲོད་སྙོམས་འཕྲུལ་ཆས་དང་འཐུང་ཆུའི་འཕྲུལ་ཆས་སོགས་སྒྲིགས་ཡོད་ལ།ཉལ་ཁང་རེར་སྒེར་གྱི་སྤྱོད་ཁང་དང་ཁྲུས་ཁང་ཡང་ཡོད།དེབ་ཁྲི་བཅུ་གྲངས་ཉལ་བའི་ཚད་ལྡན་གྱི་དཔེ་མཛོད་ཁང་ནི་དཔེ་ཆ་སྣ་འཛོམས་པོ་དང་ཁོར་ཡུག་ཁུ་སིམ་ལ་སྣང་བ་སྐྱིད་པ་ཞིག་ཡིན།གཟའ་འཁོར་རེར་དཔེ་ཀློག་སློབ་ཐུན་བཀོད་སྒྲིག་བྱས་ཡོད་པ་དང་དགེ་སློབ་མཉམ་དུ་དཔེ་ཀློག་བྱ་ཞིང་ཆུ་ཚད་མཐོ་རུ་འདེགས།དཔེ་ཁང་ནི་རྟག་པར་སྒོ་ཕྱེས་ཡོད་ལ་བཅའ་སྤྱོད་།་སློབ་མ་ས་ཀྱིས་གནས་དེར་དཔེ་ཀློག་ཁྲོད་དགའ་འི་གཟའ་མཇུག་རོལ་ཆོག
སྐྱེས་ཚལ་གྱི་རྣམ་པའི་སློབ་གླིང་འདིར་ལྗང་མདོག་གི་ལྗོན་ཤིང་ཚར་དུ་དངར་ལ་གྱ་མ་གྱུའི་ལམ་གྱི་གཡས་གཡོན་དུ་ལྗང་ནེམ་མེར་སྐྱེས་པའི་ལྗོངས་དངོས་དག་མིག་ལམ་དུ་གསལ་ཡོང་།རྣ་བའི་བུ་ག་བརྒྱུད་པའི་དཔེ་ཀློག་གི་སྙན་དབྱངས་དེས་ཡིད་སེམས་རབ་ཏུ་སྤྲོ་བར་བྱེད་ཅིང་།དཀར་དམར་མདངས་ལྡན་གྱི་མེ་ཏོག་དག་དབྱར་དགུན་སྟོན་དཔྱིད་ལ་ཆད་པ་མེད་པར་དྲི་བསུང་ཕྱོགས་བཞིར་ཁྱབ་པས་ལྷ་ཡུལ་ས་ལ་འཕོས་པ་དང་གཉིས་སུ་མེད།རྒྱལ་མོའི་ཕ་སའི་ནུབ་ཕྱོགས་ནས་གསོན་ཤུགས་ལྡན་པའི་ཧྲིའུ་རིན་སློབ་འབྲིང་གིས་ལག་ཟུང་སྲིང་སྟེ་ཕྱོགས་བཞིའི་ཕུགས་འདུན་ཅན་གྱི་སློབ་མ་རྣམས་བསུ་ནས་མ་འོངས་མི་ཚེའི་མཚར་སྡུག་བསྐྲུན།
                        འབྲེལ་གནས།
སློབ་གྲྭའི་ས་གནས། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོག་ཁྱེར་ལིས་ཀྲུའུ་ནུབ་ལམ་གཅིག་ཤོག་༧༧༨་པ།
     འབྲེལ་ཡུལ།
          དགེ་རྒན་མྭ། ༡༣༦༧༨༣༩༢༩༠༩
          དགེ་རྒན་ཇང་། ༡༨༢༨༣༩༡༨༡༨༨
    
      སློབ་གྲྭའི་དྲ་ཚིགས།. http://www.srzx.com
     སློབ་གྲྭའི་སྐད་འཕྲིན་སྤྱི་སྟེགས།
        
阅读 5335
文章由 美篇工作版 编辑制作
投诉