༢༠༢༤ལོའི་དབྱར་གནང་ཁྱིམ་བདག་རྣམས་ལ་ཕུལ་བའི་འཕྲིན།2024年暑假致家长的一份信

乐美事
创建于07-07
阅读 1013
收藏TA

需扫码在手机上打开
文章后点击更新提醒

   ༢༠༢༤ལོའི་དབྱར་གནང་སྐབས་སུ་ཁྱིམ་བདག་རྣམས་ལ་ཕུལ་བའི་འཕྲིན།

བཀུར་འོས་པའི་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོ།

   ང་ཚོས་སླར་ཡང་སློབ་སྐབས་གཅིག་གི་བྱ་བ་རྣམས་ཡོངས་སུ་མཇུག་རྫོགས་པ་ཡིན།   ཐོག་མར་ང་ཚོས་སེམས་གཏིང་ནས་ཁྱེད་ཅག་གིས་མཁར་བྱང་བྱིས་སྐྱོང་ཁང་གི་སློབ་གསོའི་ལས་རིགས་ཀུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།       ཁྱེད་ཅག་གིས་རེབ་འདིར་ངེད་བྱིས་སྐྱོང་ཁང་གིས་ད་ལོའི་དབྱར་གནང་སྐབས་སུ་ཁྱིམ་བདག་རྣམས་ལ་ཕུལ་བའི་འཕྲིན་འདི་ལ་གསན་གཟིགས་གནང་བར་བཀའ་དྲིན་ཆེ་ཞུ།  

བདེ་འཇགས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། དགེ་རྒན་དང་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སློབ་གསོའི་སྒྲིག་གཞི་འཆམ་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱས་ཏེ།  དགེ་རྒན་དང་བྱིས་པ་ཡོངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དང་། བདེ་འཇགས་ཀྱི་འཚོ་བ་སོགས་མྱོང་ཐུབ་པར་ཤུགས་སྣོན་བྱ་དགོས། དེའི་ཕྱིར་ཉེ་ལམ་འབྲེལ་ཡོད་ཀྱི་བདེ་འཇགས་ཁྲིམས་ལུགས་སློབ་གསོའི་རེ་འདུན་ལྟར་ཁྱེད་ཅག་ལ་ཡིག་ཐོག་ནས་གསལ་བསྒྲགས་བྱས་པ་ཡིན། འུ་ཅག་ཐུན་མོང་གིས་མཁར་བྱང་བྱིས་སྐྱོང་ཁང་གི་བྱིས་པའི་བདེ་འཇགས་དོ་དམ་གྱི་བྱ་བར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།

དང་པོ། དབྱར་གནང་སྐབས་ཀྱི་བྱིས་པའི་འཚོ་བ་སྤྲོ་སྣང་ཅན་དུ་གཏོང་དགོས་པའི་སྐོར།   

༡.འཛིན་གྲྭའི་དགེ་རྒན་གྱི་གཏན་འཁེལ་བྱས་པའི་དབྱར་གནང་གི་འགན་ཁུར་ཡོངས་འགྲུབ་བྱ་དགོས།

༢.བྱིས་པའི་ཉིན་གཅིག་གི་འཚོ་བ་དང་གོམས་གཤིས། སློབ་སྦྱོང་གི་དུས་ཚོད་བཀོད་སྒྲིག་ལེགས་པོ་བྱ་དགོས།

༣.དབྱར་གནང་གི་དུས་ཚོད་དམ་འཛིན་སྒོས་བྱིས་པ་ཚོར་ཕ་མར་སྲི་ཞུ་སྒྲུབ་པ་དང་རོང་འབྲོག་གི་འཚོ་བར་རྒྱུས་ལོན་བྱེད་དུ་འཇུག་དགོས།

༤.དཔལ་ཡོན་ཅན་དང་།   གུས་ལུགས་ཡོད་པ།  སྤྱོད་བཟང་ལྡན་པ།   གཞུང་དྲང་ལྡན་པ།  ཁ་དན་ཚིག་ལ་གནས་པ། རྒན་ལ་བཀུར་བ།   ཆུང་ལ་བྱམས་པའི་ཡ་རབས་ཀྱི་གོམས་སྲོལ་ལྡན་པའི་བྱིས་པ་ཞིག་སྐྱེད་སྲིང་བྱ་དགོས། 

༥.རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་ཆོག་པ་དང་།    ཕ་མས་སྣེ་ཁྲིད་དེ་ཁྱིམ་ཚང་གི་འཚོ་བར་རོལ་མྱོང་བྱེད་དུ་འཇུག་དགོས།

༦.ནངས་དགོང་གི་དུས་ཚོད་བེད་སྤྱད་དེ་བྱིས་པ་ཚོར་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་། འཚོ་བར་འཕྲོད་བསྟེན་ལེགས་པོ་ཞིག་ཆགས་པར་གོམས་སུ་འཇུག་དགོས།

གཉིས་པ། བྱིས་པའི་དབྱར་གནང་སྐབས་ཀྱི་བདེ་འཇགས་སློབ་གསོའི་སྐོར།

༡.འགྲིམ་འགྲུལ་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་།  བྱིས་པ་དང་མཉམ་དུ་རང་རྟོགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལ་བརྩི་སྲུང་བྱས་ཏེ། འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་གི་བྱ་བ་རྒྱུན་འཁྱོངས་བྱ་དགོས།

༢.མེ་འགོག་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་པ། དུས་རྒྱུན་འཚོ་བའི་ཁྲོད་བྱིས་པར་ཉེན་ཁ་ཆེ་བའི་གློག་ཆས་དང་། མེ། ཆུ་ཁོལ།  འགད་སླ་བའི་དངོས་པོ་ལ་མི་རེག་པར་དྲན་སྐུལ་བྱེད་པ་དང་། རང་ཉིད་གཅིག་པོ་ཡིན་སྐབས་ཁྱིམ་གྱི་གློག་ཆས་སོགས་བཀོལ་བར་འགོག་སྲུང་ནན་མོ་བྱ་དགོས།

༣.བྱིས་པའི་བཟའ་བཏུང་གི་སྐོར་ལ་སློབ་གསོ་གཏོང་དགོས་པ་དང་།  མི་སྒེར་གྱི་གཙང་སྦྲ་དང་ཟས་རིགས་ཀྱི་འཕྲོད་བསྟེན།    སྐོམ་ཆུ་སོགས་ཞོར་ཟས་ཀྱི་རིགས་བཟའ་མི་རུང་བར་སྐུལ་མ་གཏོང་དགོས།

༤.བྱིས་པའི་བཟའ་བཏུང་དང་།    རོལ་རྩེད།   གནམ་གཤིས་ཀྱི་དྲོད་གྲང་ལ་བསྟེན་ནས་གྱོན་ཆས་བརྗེ་སྤོར་བྱེད་པའི་མཐུན་རྐྱེན་གང་ལེགས་བསྐྲུན་པ་དང།        ཆམ་ནད་སྔོན་འགོག་གི་འགྲོ་འདུག་སྤྱོད་ལམ་ལ་དོ་སྣང་བྱ་དགོས།        

༥.བྱིས་པར་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་པ་དང་། བྱིས་པ་གཅིག་པུ་མཚོ་དང་རྫིང་བུ།  ཆུ་ཆེན།  བྱེ་འདམ།  ན་འདམ་བཅས་སུ་གང་འདོད་དུ་རྩེ་རུ་འགྲོ་མི་ཆོག

༦.ད་ལོའི་དབྱར་ཁའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས།  སྔ་དྲོ་གནམ་ཐང་ཞིང་ཉི་མ་དྲོ་ནའང་གློ་བུར་དུ་སྤྲིན་འཁྲིགས་ནས་དྲག་ཆར་དང་ཆར་ཆུ་འབབ་སྲིད་པས་ཚེ་སྲོག་ལ་བར་ཆད་བཟོ་སྲིད་པས་ཉམས་འཇོག་བྱ་

དགོས། 

གསུམ་པ།བྱིས་པའི་སློབ་སྦྱོང་དང་ངལ་གསོའི་དུས་ཚོད་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པའི་སྐོར།

༡.བྱིས་པ་ནི་རྒྱལ་ཁབ་ཀྱི་རེ་བ་ཡིན་ལ་དེང་རབས་ཤེས་ཡོན་གྱི་རྒྱུད་འཛིན་མཁན་ཡང་ཡིན། དེ་ཕྱིར་ང་ཚོས་བྱིས་པའི་འཚོ་བ་དང་སློབ་སྦྱོང་ལ་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས།

༢.སྔོན་འགྲོ་སློབ་གསོའི་3--6 བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཕྱོགས་སྟོན་གྱི་དགོངས་དོན་ལྟར་ཆོས་ཉིད་རང་བཞིན་གྱི་སློབ་གསོའི་སྒྲིག་གཞི་གཞིར་བཟུང་སྟེ།   བསླབས་ཟིན་པའི་བྱ་འགུལ་སྣ་ཚོགས་ཀྱི་ནང་དོན་འཚོ་བའི་ཡུལ་དངོས་ནས་འཚོལ་ཞིབ་དང་རྒྱ་བསྐྱེད་པར་སྣེ་ཁྲིད་བྱ་དགོས། 

༣.དབྱར་གནང་སྐབས་སུ་ཕ་མས་ཁྱིམ་ཚང་སློབ་གསོའི་ཁྲོད་བྱིས་པར་དཔེ་ཀློག་བྱེད་པར་སྣེ་ཁྲིད་བྱ་དགོས། 

༤.བྱིས་པའི་ན་ཚོད་དང་རིག་སྟོབས་ལ་བསམ་གཞིག་མི་གཏོང་བར་ཚད་བརྒལ་རང་བཞིན་གྱི་འགན་ཁུར་མི་སྤྲོད་པར་སྤྲོ་སྣང་སློབ་གསོའི་ཁ་དབུགས་བཟང་བོ་ཞིག་ཆགས་པར་སྣེ་ཁྲིད་བྱ་དགོས།   

མཇུག་མཐར།     ཁྱེད་ཅག་ཁྱིམ་མི་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བ། བྱིས་པ་ཚོས་དབྱར་གྱི་གུང་གསེང་སྐྱིད་པོ་ཞིག་ཡོང་བར་རེ་འདུན་སྙིང་ནས་ཞུ་བ་ལགས།

                  

               འབྲོང་འཐུས་ཞིང་ཁྲབ་ཆེན་བྱིས་སྐྱོང་ཁང་ནས། 

                         ༢༠༢༤ལོའི་ཟླ་༧པའི་ཚེས༦ཉིན།

阅读 1013
文章由 美篇工作版 编辑制作
投诉