༄༅།།དབྱར་གནང་སྐབས་ཀྱི་བདེ་འཇགས་སློབ་གསོ། 暑假期间的安全教育

乐美事
创建于07-03
阅读 840
收藏TA

需扫码在手机上打开
文章后点击更新提醒

སྙིང་ཉེ་བའི་གཅེས་ཕྲུག་ཚོ།   ཁྱེད་ཅག་བདེ་མོ། 

དབྱར་ཟླ་དྲུག་པའི་མཛེས་སྡུག་གི་དཔལ་ཡོན་རྣམ་པར་བཀྲ་བའི་དུས་དང་བསྟུན་ནས་ང་ཚོ་དབྱར་གྱི་གུང་གསེང་ལ་སླེབས་བྱུང་།   

亲爱的家长朋友们:   

      为保证孩子度过一个安全、健康、文明、愉快的假期,防范各类安全事故的发生,我们希望得到家长的支持与配合,一起做好暑假对孩子的安全教育和管理。请家长们认真阅读以下内容,引导孩子能进行安全防范和自我保护,让我们共同呵护孩子的安全和健康。          

ངེད་བྱིས་སྐྱོང་ཁང་གིས་གཅེས་ཕྲུག་ཚོའི་དབྱར་གྱི་འཚོ་བ་སྤྲོ་སྐྱིད་ཡོང་བ་དང་།  བདེ་ཐང་གི་འཚོ་བ་སྐྱིད་པོ་ཞིག་ཡོང་ཐུབ་པའི་རྒྱུན་ཤེས་འགའ་གསལ་བསྒྲགས་བྱེད། དབྱར་ཐོན་ན་ང་ཚོས་གཙོ་བོ་ཆུའི་འཇིགས་པ་ལ་མཉམ་འཇོག་བྱ་དགོས། ཆུའི་འཇིགས་པ་ཟེར་བ་ནི་ཆུས་རང་གི་ཚེ་སྲོག་དང་བདེ་ཐང་ལ་གནོད་འཚེ་བཏང་བ་ལ་ཟེར་ཞིང་། ཆུ་ཁ་དང་། གྲོག་རོང་། མཚོ་དང་མཚེའུ་འགྲམ། འཁྱིལ་ཆུ་དང་དོང་ཆུ། འདམ་རྫབ་ཆེ་ས་བཅས་ནི་ཆུའི་འཇིགས་པ་ཆེ་སའི་གནས་ཡིན། 

   一、防溺水安全教育  炎炎夏日是溺水事故的高发期。家长们一定要加强对孩子的暑期安全教育,尽到监护责任,增强孩子的防溺安全意识,避免意外事故发生。

         དབྱར་གནས་སྐབས་ཀྱི་བདེ་འཇགས་སློབ་གསོ།

             暑假期间的安全教育


དབྱར་ཁ་ཉི་མ་དྲོ་ཞིང་ཚ་བ་ཆེ་བས། ཁྱོད་ཚོ་ཁྱིམ་མི་དང་དགེ་རྒན་གྱིས་མི་ཤེས་ས་ནས་གོང་གི་གནས་དེ་དག་ལ་ཆུ་རྩེད་བྱེད་དུ་འགྲོ་བ་དང་། ཆུའི་ཟབ་ཚད་དང་མྱུར་ཚད་སོགས་མ་ཤེས་པར་ཆུར་རྐྱལ་བ་དང་བརྒལ་བ། ཡང་ན། བྱེ་འདམ་དང་ན་འདམ་ནང་དུ་རྩེད་མོ་རྩེ་བ་བཅས་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡིན་པར་མ་ཟད། དབྱར་ཁའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས། སྔ་དྲོ་གནམ་ཐང་ཞིང་ཉི་མ་དྲོ་ནའང་གློ་བུར་དུ་སྤྲིན་འཁྲིགས་ནས་དྲག་ཆར་འབབ་སྲིད་པས་གྲོག་རོང་སྐམ་པོའི་ནང་དུའང་ཆུ་ལོག་ཆེན་པོ་བརྒྱུགས་ནས་ཁྱོད་ཀྱི་ཚེ་སྲོག་ལ་བར་ཆད་བཟོ་ཡང་སྲིད།  

一、防溺水安全教育  炎炎夏日是溺水事故的高发期。家长们一定要加强对孩子的暑期安全教育,尽到监护责任,增强孩子的防溺安全意识,避免意外事故发生。

(一)、要教育孩子“六不一会”   

1.不私自下水游泳。    

2.不擅自与同伴结伴游泳。     

3.不在无家长或监护人带领的情况下游泳。     

4.不到无安全设施水域游泳。   

5.不到不熟悉的水域游泳。    

6.不盲目下水施救。     

7.一会:学会基本的应急自救、求助、报警方法。

 དེའི་ཕྱིར། ཆུའི་འཇིགས་པ་ཆེ་སའི་གནས་དེ་དག་ལ་ཡུལ་མི་དང་དགེ་རྒན་སོགས་མི་ཆེ་བ་དག་གི་འགྲོ་རོགས་མེད་ན་བྱིས་པ་ཚོ་གཏན་ནས་འགྲོ་མི་རུང་།དབྱར་ཁ་ཉི་མ་དྲོ་ཞིང་ཚ་བ་ཆེ་བས། ཁྱོད་ཚོ་ཁྱིམ་མི་དང་དགེ་རྒན་གྱིས་མི་ཤེས་ས་ནས་གོང་གི་གནས་དེ་དག་ལ་ཆུ་རྩེད་བྱེད་དུ་འགྲོ་བ་དང་། ཆུའི་ཟབ་ཚད་དང་མྱུར་ཚད་སོགས་མ་ཤེས་པར་ཆུར་རྐྱལ་བ་དང་བརྒལ་བ་སོགས་བྱེད་མི་རུང་།

ཡང་ན། བྱེ་འདམ་དང་ན་འདམ་ནང་དུ་རྩེད་མོ་རྩེ་བ་བཅས་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡིན་པར་མ་ཟད། དབྱར་ཁའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས། སྔ་དྲོ་གནམ་ཐང་ཞིང་ཉི་མ་དྲོ་ནའང་གློ་བུར་དུ་སྤྲིན་འཁྲིགས་ནས་དྲག་ཆར་འབབ་སྲིད་པས་གྲོག་རོང་སྐམ་པོའི་ནང་དུའང་ཆུ་ལོག་ཆེན་པོ་བརྒྱུགས་ནས་ཁྱོད་ཀྱི་ཚེ་སྲོག་ལ་བར་ཆད་བཟོ་ཡང་སྲིད། དེའི་ཕྱིར། ཆུའི་འཇིགས་པ་ཆེ་སའི་གནས་དེ་དག་ལ་ཡུལ་མི་དང་དགེ་རྒན་སོགས་མི་ཆེ་བ་དག་གི་འགྲོ་རོགས་མེད་ན་བྱིས་པ་ཚོ་གཏན་ནས་འགྲོ་མི་རུང་།

དེ་བས་ཐབས་གཞན་ཞིག་ཡོད་པ་ནི། གཅིག འུར་བརྒྱབ་སྟེ་ཉེ་འགྲམ་གྱི་མི་གཞན་ལ་བརྡ་རྒྱག་དགོས། གཉིས། ཁ་པར་ཡོད་ན། 110དང་120ཡང་ན་རང་གི་ཕ་མ་སོགས་ལ་ཁ་པར་བཏང་ནས་བརྡ་རྒྱག་དགོས། གསུམ། ཕ་རོལ་པོ་ཡོད་སའི་གནས་ལ་བལྟ་ཡག་བྱས་ཏེ་གནས་གསལ་བོར་ངེས་ཟིན་པ་བྱ་དགོས། བཞི། ཉེ་འཁོར་ནས་ཐག་པ་དང་དབྱུ་གུ། སྡོང་བོའི་ཡལ་ག ལྒང་ལི། སྣོད་སྟོང་སོགས་ཅི་རིགས་ཡོད་ན་ཕ་རོལ་པོའི་ཕྱོགས་ལ་གཡུག་ནས་རོགས་འདེགས་བྱ་རྒྱུ་ལས་ཐད་ཀར་སོང་ནས་གལ་འཇུ་བྱ་མི་རུང་། གཅེས་ཕྲུག་ཚོ། ཁྱེད་ཚོས་གོང་གི་རྒྱུན་ཤེས་འདི་དག་ཡིད་ལ་ཟུངས་ཤིག

(二)、要做到孩子“四知道”  

1.知道孩子去了哪里。

 2.知道孩子去干什么。 

 3.知道孩子和谁一起。 

4.知道孩子什么时候回来。

གྲོགས་པོ་ཆུང་ཆུང་ཚོ་གཤམ་གྱི་བདེ་འཇགས་ཤེས་བྱའི་རི་མོ་དག་ལ་གསལ་བོར་བལྟ་རོགས།

མཇུག་མཐར།   ངེད་ཁྲབ་ཆེན་བྱིས་སྐྱོང་ཁང་གི་དགེ་བཟོ་བ་ཡོངས་ཀྱིས་གྲོགས་པོ་ཆུང་ཆུང་ཚོས་དབྱར་ཁའི་གུང་གསེང་སྐྱིད་པོ་ཞིག་རོལ་ཐུབ་པའི་སྨོན་འདུན་ཞུ་བ་དང་།   སློབ་སྐབས་རྗེས་མར་སླར་མཇལ་ཡོང་།

阅读 840
文章由 美篇工作版 编辑制作
投诉