ཀྱེ་ཀྱེ་གསོན་དང་བདག་གི་ཁྲ་ཕྲུག་ཚོ། །
ལོ་ཟླ་ཆུ་རྒྱུན་བཞུར་བའི་བསྐྱོད་མཚམས་ནས། །
མཐོ་རངས་བྱ་ཕོའི་ངར་སྐད་སི་ལི་ལི། །
དུས་རབས་གསར་པའི་གོམས་སྒྲ་འདུ་ཤེས་ཁྲོད། །
ཚན་རིག་གཞུང་གི་རྩ་བ་ཤེས་པར་མཛོད། །
ད་ེནི་མི་འདུག་སྡོམ་མདའི་ཁྲ་ཕྲུག་རྣམས། །
གངས་ལྗོངས་ཤེས་རིག་འབུམ་གྱི་ཕ་ས་ན། །
སློབ་དཔོན་ཐོན་མིས་བཞག་པའི་སྐད་ཡིག་དེ། །
མ་ཉམས་གོང་འཕེལ་གཏོང་དགོས་ཁྲ་ཕྲུག་ཚོ། །
ཕ་སྐད་གཙང་མ་མ་བརྗེད་ཕ་བཟང་བུ། །
མ་ཡིག་དག་མ་མ་བོར་བྲག་སྲིན་རྒྱུད། །
ཕ་སྐད་བཤད་ནས་ཕ་ཤུལ་བུ་ཡིས་འཛིན།
མ་ཡིག་སྦྱོང་ནས་མ་འོངས་མདུན་ལམ་འཚོལ། །
རྫ་དུང་ཟླ་ནས།