གསར་འགྱུར་མདོར་བསྡུས།
སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ༢༠༢༤ལོར་ཟླ་༦ཚེས་༢༩

嘎达杰
创建于07-02
阅读 249
收藏TA

需扫码在手机上打开
文章后点击更新提醒

༢༠༢༤ལོའི་ཟླ་༦ཚེས་༢༩ཉིན་སྟོད་ཚེ་ཞང་སྟག་སེང་སྡེ་དམངས་འབུ་རྐོ་འཚོལ་བསྡུ་ལས་དོན་ཕྱོགས་སྡོམ་ཚོགས་ཆེན་ཐོག་ཚོགས་འདུའི་ཐོག་༢༠༢༤ལོའི་སྟག་སེང་འབུ་རྐོ་འཚོལ་བསྡུ་ལས་དོན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་།ལྷག་པའི་གནད་དོན་དང་མི་འདང་ས་ལ་དབྱེ་ཞིབ་བྱས་ནས་གྲུབ་འབྲས་དང་བྱེད་སྟངས་ཕུལ་བྱུང་བཙོ་སྦྱང་བྱས་པ་མ་ཟད།རྗེས་མཐུད་ཀྱི་མཇུག་སྒྲིལ་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། གྲོས་ཚོགས་ལ་སྟག་སེང་སྡེ་དམངས་གིས་ཏང་ཀྲུའུ་པུའུ་ཧྲུའུ་ཅུས་དང་།སྡེ་དམངས་ཨུ་ལྷན་གཉིས་། ཏང་ཡོན་བཅས་ཞུགས་ཡོད།

ཚོགས་འདུའི་ཐོག་བསྟན་དོན།༢༠༢༤ལོར་འབུ་རྐོ་འཚོལ་བསྡུ་བྱེད་པའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་དང་།སྟག་སེང་སྡེ་བའི་འཚོལ་བསྡུ་དོ་དམ་ཞབས་ཞུའི་ས་ཚིགས་ཀྱིས་རྫོང་ཨུད་དང་།རྫོང་སྲིད་གཞུང་།ཤང་ཨུད་།  ཤང་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་བརྟན་པོ་འོག་སྟག་སེང་སྡེ་དམངས་གིས་༢༠༢༤ལོའི་འབུ་རྐོ་འཚོལ་བསྡུ་དོ་དམ་ཞབས་ཞུའི་ས་ཚིགས་ཀྱིས་ཐུན་མོང་ཐོག་མཉམ་ལས་དང་ཧུར་ཐག་བྱས་ནས་སྟག་སེང་སྡེ་དམངས་༢༠༢༤ལོའི་འབུ་རྐོ་འཚོལ་བསྡུ་དོ་དམ་ལས་དོན་ཁག་བརྟན་བརླིང་ངང་བསྒྲུབས་ཏེ་རྫ་སྟོད་རྫོང་དང་འབྲི་སྟོད་རྫོང་གཉིས་དང་དེ་བཞིན་སྤུན་ཟླའི་སྡེ་ཁག་མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།ལས་ཀའི་གྲུབ་འབྲས་ལས་སླ་མོ་ཞིག་ཐོབ་མེད་པས་གཅེས་སྤྲས་བྱེད་དགོས་ཞེས་བཤད།

ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུད་ཐག་དམ་པོར་བཏང་ནས་རྩྭ་འབུ་འཚོལ་བསྡུ་དོ་དམ་ལས་དོན་གྱི་མཐའ་མའི་དུས་ཚོད་བཅུ་གཅིག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་འབུ་རྐོ་འཚོལ་བསྡུ་དོ་དམ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

阅读 249
文章由 美篇工作版 编辑制作
投诉