གསར་འགྱུར་མདོར་བསྡུས།
སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང།༢༠༢༤ལོར་ཟླ་༦ཚེས་༢༨

创建于07-01
阅读 259

       ཟླ་༦ཚེས་༢༨ཉིན་སྟོད་ཚེ་ཞང་སྟག་སེང་སྡེ་བའི་ཆེད་དོན་ཚོགས་འདུ་འཚོགས་ནས།ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་སྟག་སེང་ཏང་ཀྲུའུ་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ལྷན་གཉིས།མང་ཚོགས་བཅས་་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་དེ་ཐོག་ནས་ཞི་ཅིན་ཕིང་སྲོག་ཤིང་དུ་འཛིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར་དང་བརྩེ་སེམས་ཆེན་པོ་བྱེད་པ་གང་ལེགས་མཚོན་ཡོད།  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་མཚོ་སྔོན་གྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་འཐབ་ཇུས་གནས་ངེས་དང་།ལས་འགན་དང་ལས་འགན་རྒྱས་བཤད་གཏིང་ཟབ་བྱས་པ་དང་།  ལྷག་པར་དུ་མཚོ་བོད་ས་མཐོ་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལས་འགན་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད་པས་ཆབ་སྲིད་ཀྱི་རང་བཞིན་དང་།མཛུབ་ཁྲིད་རང་བཞིན།དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་ང་ཚོས་མིག་སྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཁ་གསལ་བཏོན་ཡོད།

ཚོགས་འདུའི་ཐོནཞི་ཅིན་ཕིང་གིཛས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་མཁས་པ་ཆེ་བའི”ཁ་སྐད་ནན་པོ་བློ་ལ་བརྟན་པོར་ངེས་ནས་བསམ་བློ་དང་བྱ་སྤྱོད་གཏམ་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་དང་བྱ་སྤྱོད་ཞིབ་ཕྲའི་ཐོག་དོན་འཁྱོལ་ཏན་ཏིག་བྱས་ཏེ་གཏམ་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་ནས་ཞི་ཅིན་ཕིན་ཀྱིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་།ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ།དྲིལ་བསྒྲགས་ཡག་པོ་བྱེད་པ་བཅས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་གསུང་བཤད་ཀྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་རྟོགས་ཟབ་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།“མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་”གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་པའི་ཐད་འབད་བརྩོན་བྱས་ཏེ།མང་ཚོགས་ཀྱིས་བསམ་འཆར་དྲག་པོ་བཏོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ།མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཐོབ་པའི་ཚོར་བ་དང་།བདེ་སྐྱིད་ཚོར་བ།བདེ་འཇགས་ཚོར་བ།བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་རང་འཁྲིའི་ལས་ཀ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་པོ་དང་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་།ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་དང་།སྐྱེ་ཁམས་སྲུང་སྐྱོང་།སྦགས་བཙོག་འགོག་བཅོས་སོགས་ཀྱི་ལས་ཀ་ཁག་ཏན་ཏིག་བསྒྲུབས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་ཏེ་རང་རེའི་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

阅读 259
文章由 美篇工作版 编辑制作
投诉