སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ༢༠༢༤ལོར་ཟླ༦ཚེས༡༦
ཞི་ཅིན་ཕིན་གྱིས་སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཆེད། ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། རྒྱ་ཆེའི་འཚོལ་བསྡུ་བྱེད་མཁན་གྱིས་ཆུ་ལྗང་དང་རི་སྤང་པོ་ནི་གསེར་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་ནུས་ལྡན་བྱས་ནས་འབུ་རྐོ་འཚོལ་བསྡུ་བྱེད་རིང་འབུ་རྐོ་རི་བོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་དགོས། ༢༠༢༤ལོར་འབུ་རྐོ་འཚོལ་བསྡུ་བྱེད་པའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པས་མཇུག་འགྲིལ་ནས་ས་ཚིགས་ཕྱིར་འཐེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་གཙང་མ་གྲལ་འགྲིག་པའི་སྣོད་བཅུད་ཁོར་ཡུག་མུ་མཐུད་གཏོད་ཆེད་ཡིན་པ་རེད།༢༠༢༤ལོའི་ཟླ་༦ཚེས་༡༦ཉིན་སྟོད་ཚེ་ཞང་སྟག་སེང་སྡེ་དམངས་“ཨུ་ལྷན་གཉིས”དང་མང་ཚོགས་ཏང་ཡོན་གྱིས་དུས་ཡུན་ཉིན་གཉིས་ཀྱི་ས་ཚིགས་ཕྱིར་འཐེན་མ་བྱས་གོང་གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་སྤེལ་བ།
ད་ཐེངས་ཀྱི་བྱེད་སྒོ་དེས་རང་རེའི་སྡེ་བའི་སྐྱིད་སྣང་དོད་པ།གྲལ་བ།མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་བསྐྲུན་ནས་འབྲོག་པའི་ཏང་ཡོན་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ།སྡེ་དམངས་ཡོངས་ཀྱི་དུས་མཚམས་རྗེས་མའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།