གུས་པར་འོས་པའི་ཁྱིམ་བདག་ལགས།
སྐུ་ཁམས་བཟང་།
尊敬的家长朋友:
您好!
དབྱར་དུས་སུ་གནམ་གཤིས་བཟང་ལ་ཉི་མ་རིང་བ་དང་། གཟའ་མཇུག་དང་གནང་བའི་སྐབས་སུ་བྱིས་པ་ཚོར་རང་དབང་གི་དུས་ཚོད་ཇེ་མང་དུ་སོང་བ་དང་བཏུན་ནས་ཕྱི་རོལ་བྱེད་སྒོའི་ཁྱབ་ཁོངས་ཇེ་ཆེར་སོང་ཡོད་པས། ཡང་གཅིག་བཤད་ན་དབྱར་དུས་འདིར་ཁྱིམ་བདག་རྣམས་ལ་ཁོམ་ལོང་མེད་པ་དང་བདེ་འཇགས་ལྟ་སྐུལ་དོ་དམ་ཞན་པའི་དུས་སྐབས་ཀྱང་ཡིན།གནམ་གཤིས་རིམ་བཞིན་ཇེ་དྲོར་སོང་བས་རི་ཐང་དུ་ཆུ་རྐྱལ་བ་དང་། ཆུ་འགྲམ་དུ་རྩེད་འཇོར་རོལ་བ་སོགས་ལས་དོན་རྐྱེན་དེ་བྱུང་སླ་བའི་དུས་ཡིན་པས།དོན་རྐྱེན་དེ་རིགས་འབྱུང་བར་སྔོན་འགོག་བྱེད་ཆེད་དམིགས་སུ་བཀར་ནས་བྱིས་པའི་བདེ་འཇགས་སློབ་གསོ་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་ངང་བསྒྲུབ་དགོས་པའི་དྲན་སྐུལ་བྱས་པ་ཡིན།
春暖花开之际的周末,孩子自由时间增多、活动范围增大,也是家长安全监管薄弱的时期。随着夏季到来,天气逐渐转热,因野外游泳、嬉水、水边游玩等引发的溺水事故将进入高发期。无数沉痛的教训提醒我们,溺水事故是造成孩子意外死亡的第一杀手!
为有效防范此类事件发生,特提醒您高度重视防溺水工作,切实履行好孩子安全教育和监管的职责。



孩子做到“七不”



1 . རང་དགར་ཆུ་ནང་དུ་རྐྱལ་མི་ཆོག།
2 . རང་དགར་མི་གཞན་དང་མཉམ་དུ་ཆུ་རྐྱལ་རྒྱག་མི་ཆོག།
3 . ཁྱིམ་བདག་གིས་སྣེ་ཁྲིད་མེད་པའི་གནས་ཚུལ་འོག་ཏུ་ཆུ་རྐྱལ་མི་བྱེད་པ།
4 . ཆ་རྒྱུས་མེད་པའི་ཆུ་འགྲམ་སུ་མི་འགྲོ་བ།
5 . བདེ་འཇགས་སྒྲིག་བཀོད་མེད་པ་དང་མྱུར་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་ཆུ་རྐྱལ་རྩེད་འཇོར་མི་གཡེང་བ།
6 . ལུ་གུ་དང་བེའུ་སོགས་ཆུ་ནང་དུ་ནུབ་ཀྱང་རང་དགར་གྱིས་ཆུ་ནང་དུ་ལྡིང་ནས་སྐྱོབས་མི་རུང་།
7 . ཕྱི་རོལ་དུ་རྩེད་མོ་རྩེད་སྐབས་ཆུ་ཕྲན་དང་། ཆུ་མཛོད་སོགས་ཉེན་ཁ་ཆེ་བའི་ཆུ་ཁོངས་སུ་ཆུ་རྐྱལ་དང་ཆུ་རྩེད་བྱེད་མི་རུང་།
1. 不准私自下水游泳;
2. 不准擅自与他人结伴游泳;
3. 不在无家长带领的情况下游泳;
4. 不到不熟悉的水域游泳;
5. 不到无安全设施、无救护人员的水域游泳;
6. 不擅自下水施救;
7. 不在上下学的途中下溪、河、圳、沟、水库等危险水域游泳、游玩、嬉水。



孩子做到“两会”



1 . ཉེན་ཁའི་གནས་ཚུལ་ཤེས་ཚེ་ཕན་ཚུན་ལ་དྲན་སྐུལ་དང་བཀག་སྡོམ་བྱེད་པ་མ་ཟད་ཕ་མ་སོགས་ལ་ཡར་ཞུ་བྱེད་དགོས།
2 . གཞི་རྩའི་རང་སྐྱོབ་དང་རང་སྲུང་བྱེད་ཐབས་ཤེས་དགོས།
1. 发现险情会相互提醒、劝阻并报告;
2. 会基本的自救、自护方法。



家长做到“四知道”



1 . བྱིས་པ་ཕྱི་ལ་འགྲོ་སྐབས་གྲོགས་པོ་སུ་ཡིན་པ་ཤེས་དགོས།2 . བྱིས་པ་ཕྱི་ལ་འགྲོ་སྐབས་བྱ་འགུལ་གྱི་ནང་དོན་ཤེས་དགོས།
3 . བྱིས་པ་ཕྱི་ལ་འགྲོ་བའི་དམིགས་ཡུལ་ཤེས་དགོས།
4 . བྱིས་པ་ཁྱིམ་དུ་ལོག་པའི་དུས་ཚོད་ཤེས་དགོས།
1. 知道孩子外出的同伴;
2. 知道孩子外出活动内容;
3. 知道孩子外出目标去向;
4. 知道孩子外出归家时间。



孩子游泳“两必须”



1 . ངེས་པར་དུ་ཁྱིམ་བདག་གི་སྣེ་ཁྲིད་འོག་ཆུ་ལ་རྐྱལ་དགོས།2 . ངེས་པར་དུ་འགོག་སྲུང་སྒྲིག་བཀོད་དང་རོགས་སྐྱོབ་མི་སྣའི་དངོས་གཞིའི་ཆ་རྐྱེན་འཛོམས་སར་ཆུ་ལ་རྐྱལ་དགོས།
1. 必须要在家长的带领下游泳;
2. 必须要到有防护设施和救援人员的正规的游泳场所游泳。



孩子“四牢记”



བྱིས་པ་ཚོས་ངེས་པར་དུ་སེམས་ལ་འཛིན་དགོས་པ་ནི།ཚ་བ་ཅི་འདྲ་ཆེ་རུང་ཕྱི་རོལ་གྱི་རྫིང་བུའི་ནང་དུ་མ་སོང་ན་བཟང་།རྫིང་བུ་འཁྱིལ་ཡོད་སའི་ཡུལ་ལྗོངས་ཅི་འདྲ་མཛེས་ཀྱང་ཆུ་ནང་དུ་མ་སོང་ན་བཟང་།གནམ་གཤིས་ཅི་འདྲ་ཚ་བས་ཆུ་རྫིང་དུ་སོང་ནས་དྲོད་མར་འབབ་པ།ཡུལ་ལྗོངས་མཛེས་པས་ཆུ་ནང་དུ་སོང་ནས་མྱོང་ཚོར་བྱེད་མི་ཐུབ།ཆུ་འཁྱིལ་ཅི་འདྲའི་དྭངས་ཤིང་
གཙང་ན་ཡང་། ཆུ་ནང་དུ་མ་ལྡིང་ན་བཟང་།
天气再热,不到河塘去降温;
风景再美,不到水中去感受;
水性再好,没有保障别下水;
别人再劝,不用生命去逞能。



安全游泳“六常识”



1 . ཆུ་ནང་དུ་མ་ལྡིང་གོང་ལ་ཆུ་རྐྱལ་ཁང་གི་གནས་ཚུལ་ལ་རྒྱུས་མངའ་ཡོད་དགོས།
2 . འགུལ་སྐྱོད་དྲག་པོ་བྱས་པའི་རྗེས་སུ་ངལ་མ་གསོས་བར་ཆུ་ནང་དུ་རྐྱལ་མི་རུང་།
3 .ཆམ་པ་སོགས་ལུས་ཕུང་མི་བདེ་བའི་སྐབས་སུ་ཆུ་ལ་རྐྱལ་མི་རུང་།
4 . ཆུ་ལ་རྐྱལ་བའི་སྐབས་སུ་གལ་ཏེ་གློ་བུར་དུ་ལུས་པོ་མི་བདེ་བ་བྱུང་ཚེ་མྱུར་དུ་ངལ་གསོ་དང་ཡང་ན་མྱུར་སྐྱོབ་བྱེད་དགོས།5 . ཆུ་ལ་རྐྱལ་སྐབས་རྐང་ལག་ལ་རྩ་འཐེན་སོགས་བྱུང་ཚེ།དངངས་སྐྲག་གཏན་ནས་སྐྱེས་མི་རུང་། ཤུགས་ཀྱིས་འཕུར་མཉེད་བྱེད་པ་བྱེད་པ་དང་དུས་མཚུངས་སུ་སྐད་ཆེན་པོས་ཉེ་འཁོར་གྱི་མི་དག་འབོད་དགོས།
6 . མི་གཞན་ཆུ་ནང་དུ་ལྷུང་བའི་སྐབས་སུ་སྐད་ཆེན་པོས་ཉེ་འཁོར་གྱི་མི་འབོད་ཞོར་མྱུར་སྐྱོབ་བྱེད་པའམ་ཡང་ན 110 དང 120 མྱུར་སྐྱོབ་ཁ་པར་གཏོང་དགོས་པ་ལས་རང་དགར་གྱིས་ཆུ་ནང་དུ་ལྡིང་མི་རུང་།
1. 下水前,熟悉游泳馆情况,进行必要的热身。
2. 剧烈运动后不要立即跳进水中游泳。
3. 身体患病时不能游泳。
4. 在游泳中,如果突然觉得身体不舒服,应立即上岸休息或呼救。
5. 在游泳中,若脚部抽筋,千万不要惊慌,可以用力按摩、拉伸抽筋部位,同时大声呼叫。
6. 发现有人溺水时,应当大声呼救或拨打110、120急救电话,切不可盲目下水施救。



དཔལ་ཁ་གྲོང་རྡལ་སྔོན་འགྲོ་སློབ་གསོའི་
དོ་དམ་གཞུང་ལས་ཁང་།
河卡镇学前教育管理办公室
2024年6月18日