布加
收藏TA

需扫码在手机上打开
文章后点击更新提醒

མང་རྫོང་མི་རིགས་སློབ་འབྲིང་གི་སྐབས༣༨པའི་ལུས་རྩལ་འགྲན་ཚོགས།
贵南县民族中学第38届田径运动会

2024-06-06 阅读3168

༄༅།། ས་ལ་དྲོད་ཁོལ་རྒྱས་ཤིང་མེ་ཏོག་སྣ་བརྒྱ་བཞད་པའི་ཟླ་ལྔ་པའི་མང་རྫོང་། ཚང་ཚིང་གཡུ་ལོ་བཀྲ་ཞིང་སྐྱེས་སྟོབས་དཔལ་གྱིས་འབར་བའི་ཟླ་ལྔ་པའི་མང་རྫོང་། ཡིད་སེམས་སྣང་བ་འགུགས་པའི་མི་ཡུལ་གྱི་དག་ཞིང་ཁོ་ན་ཡིན། དེ་རིང་ཡང་ལོ་རེ་རེ་ཡི་རང་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་སྟེ་སྐབས་སོ་བརྒྱད་པ་སླེབས་བྱུང་།

本次运动会以文明、友谊、拼搏、向上宗旨,他们将以拼搏奋进,勇攀高峰的精神和参与第一、健康第一、团结第一的比赛风尚,充分展示民中人拼搏进取的精神风貌。迎着绚烂的万丈阳光,怀着热切的成功欲望,我们相聚在这青春的世界,相会在这活力的海洋,让眼泪流淌在心中,让汗水挥酒在赛场。让豪情燃烧,让生命放光。

གོང་རིམ་འགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས།上级领导和嘉宾

སློབ་གཙོ་བཀྲ་ཤིས་ཚེ་བརྟན་ལགས་ཀྱིས་དབུ་འབྱེད་གཏམ་བཤད་གནང་བཞིན་པ།

扎西才旦校长致开幕词

༅།། དེ་རིང་འདིར་བཞུགས་ཀྱི་འགོ་ཁྲིད་དང་།ཕྱོགས་ཡོངས་ཀྱི་སྐུ་མགྲོན། མཛའ་བཤེས་ལྡན་པའི་དགེ་རྒན་དང་ལས་བཟོ་བ།སྙིང་ཉེ་བའི་སློབ་གྲོགས་རྣམ་པ། དེ་རིང་།མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་སོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་འདི་ལྟར་གཟབ་རྒྱས་ངང་འཚོགས་པར།ངས་འདི་ནས་དགའ་ཞིང་གུས་པས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་ཡིན།

ཐོག་མར།ངས་རང་རེའི་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གི་ཚབ་བྱས་ཏེ།སྐབས་སོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱས་པའི་གོང་རིམ་འགོ་ཁྲིད་དང་ཕྱོགས་ཡོངས་སྐུ་མགྲོན་དང་དགེ་སློབ་རྣམས་ལ་སྙིང་ཉེ་བའི་མཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།རང་རེའི་སློབ་གྲྭ་འདི་ཐོག་མར་བཙུགས་ནས་ད་ལ་ཐུག་གི་བར་མི་ལོ་ཞེ་བརྒྱད་འདས།འདས་པའི་མི་ལོ་ཞེ་བརྒྱད་རིང་དུ་རང་རེའི་སློབ་གྲྭ་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་སློབ་གསོ་ཅུའུ་ཡི་ཡང་དག་གི་འགོ་འདྲེན་འོག དཀའ་སྤྱད་འབད་བརྩོན།དངོས་ཐོག་བདེན་བརྩོན།མཐུན་སྒྲིལ་དམ་ཟབ་ཀྱི་སྒོ་ནས།རང་རེའི་སློབ་གསོའི་དོ་དམ་དང་།དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན།སློབ་སྒྲུབ་ལེགས་བཅོས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།སྔར་ལས་ལྷག་པར་ཕྱིའི་སློབ་རའི་འཛུགས་སྐྲུན་གྱི་རྣམ་པ་དང་ནང་སློབ་ཁྲིད་སྒྲིག་ཆས་བཅས་ལ་མཐུན་རྐྱེན་སྣ་འཛོམས་ཅན་དུ་བསྐྲུན་ཡོད།མ་ཡུམ་སློབ་གྲྭའི་གསོན་ཤུགས་དང་རེ་བས་བལྟམས་པའི་མི་ལོ་ཞེ་བརྒྱད་རིང་དུ།རྒྱལ་ཡོངས་ས་གནས་སོ་སོ་ནས་གོ་གནས་གལ་ཆེན་ཟིན་པའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་གནང་ཡོད་དེ།དཔེར་ན་མིང་དུ་གྲགས་པའི་ཏང་སྲིད་འགོ་ཁྲིད་དང་།རྩོམ་པ་པོ་དང་སྒྱུ་རྩལ་པ།གྲུབ་འབྲས་མི་དམན་པ་བླངས་མྱོང་བའི་ཞིང་ཆེན་རིམ་པའི་ལུས་རྩལ་པའང་མང་པོ་བྱུང་མྱོང་ཡོད།དེ་བས།ད་རེས་སྐབས་སོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་འདིས།རང་སློབ་གྲྭའི་དགེ་སློབ་ཉིས་སྟོང་ལྷག་གི་མཛའ་བརྩེ་རེས་རོགས་དང་མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་གཟབ་རྒྱས་ངང་འཚོགས་ཐུབ་པ་མཚོན་ལ།ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལུས་རྩལ་སྟོབས་ལྡན་གྱི་སློབ་ར་ཅན་ཏུ་གཙིགས་མཐོང་བྱས་ཏེ།ལུས་པོའི་བདེ་ཐང་གོམས་གཤིས་ཅན་ཏུ་གཏོང་རྒྱུ་དང་ལུས་རྩལ་ནི་བདེ་ཐང་གི་རྩ་བ་དང་།སེམས་ཁམས་སྐྱིད་ལ་འགོད་པའི་སྔོན་འགྲོ་ཡིན་པ་རྟོགས་དགོས།གོང་རིམ་སྡེ་ཁག་གིས་ཀྱང་ལུས་རྩལ་སྦྱོང་བརྡར་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་རྩ་གནད་དུ་འཛིན་དགོས་པའི་སློབ་སྟོན་རབས་དང་རིམ་པ་གནང་གིན་ཡོད།ལུས་རྩལ་བྱ་བཞག་ནི་སྤུས་ཚད་སློབ་གསོའི་རྨང་གཞི་དང་ལུས་རྩལ་འགྲན་ཚོགས་བསྡུས་པ་ནི་ལུས་རྩལ་ཉམས་མྱོང་བརྗེ་རེས་བྱ་སའི་གོ་སྐབས་གལ་ཆེན་ཞིག་ཡིན།ད་རེས་སྐབས་སོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་འདིས་ཀྱང་།སློབ་རའི་ལུས་རྩལ་བྱ་བཞག་སྔར་ལས་གོང་འཕེལ་གཏོང་རྒྱུ་དང་།དགེ་སློབ་ཡོངས་ནས་ལུས་སྦྱོང་སྤུས་ཚད་དང་སྙིང་སྟོབས་འཕེལ་འགྱུར་ཕྱོགས་ལ་ནུས་པ་བླ་ལྷག་ཐོན་ཅིང་།“ལུས་རྩལ་སྦྱོང་བརྡར་བྱས་ཏེ།གཟུགས་གཞི་མཐོར་འདེགས་གཏོང་དགོས།”ཞེས་པའི་སློབ་གསོའི་སྐུལ་བརྡ་གཏོང་གིན་མཆིས།ད་རེས་ལུས་རྩལ་འགྲན་ཚོགས་འདི་བརྒྱུད་ནས།ང་ཚོས་ལུས་རྩལ་གྱི་བྱ་བ་སྔར་ལས་ལྷག་པའི་སྦྱོང་བརྡར་དང་ལག་ལེན་མཐར་ཕྱིན་སྒོས།གྲུབ་འབྲས་གསར་བ་དང་སློབ་གསོའི་ངོས་འཛིན་གསར་བ་ཡིད་ལ་དམ་པོ་འཆང་ནས།སློབ་མའི་ཕྱོགས་ཡོངས་ཀྱི་འཇོན་ཐང་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དགོས།གཞན་ད་དུང་རེ་བ་ཞིག་ཡོད་པ་ནི།འགྲན་ཞུགས་ལུས་རྩལ་པ་དང་ཤན་འབྱེད་པ། འགྲན་རའི་ཕྱོགས་ཡོངས་ཀྱི་འགན་ཁུར་མི་སྣ་ཡོངས་ཀྱིས།སྤྱིའི་རྩ་འཛུགས་དང་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་དཀའ་སྤྱད་འབད་བརྩོན་དང་།རྒྱུ་འབྲས་དྲང་བཞག དཔུང་པ་མཉམ་གཤིབ།“མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི”བླང་བྱ་ལྟར་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་ཡོང་རྒྱུ་དང་།སྐབས་སོ་བརྒྱད་པའི་ལུས་རྩལ་འགྲན་ཚོགས་འདིར་སྔར་ལས་ལྷག་པའི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པར་ཡིད་ཆེས་དང་རེ་བ་ཡོད།དགེ་གྲོགས་རྣམ་པ།སློབ་གྲོགས་རྣམ་པ།བདེ་ཐང་གི་ལུས་པོ་ནི་སློབ་སྦྱོང་དང་བྱ་བ་ཡོད་ཚད་ཀྱི་ཐོག་མའི་ཆ་རྐྱེན་དང་ཁག་ཐེག་ཡིན་པས།དགེ་སློབ་ལས་བཟོ་པ་ལྷན་རྒྱས་ནས་ཏང་གི་རྩ་འཛུགས་ལ་ཡིད་ཆེས་དང་ལག་ལེན་མཐར་ཕྱིན་བྱེད་པ།ཏང་གི་བདེ་ཐང་ལྡན་པའི་རྗེས་འབྲང་པ་རྣམ་དག་ཅིག་འཁྱོངས་པར་འབད་པ་གང་ལེགས་བྱེད་རྒྱུ་དང་།སྔར་ལས་ལྷག་པའི་ལུས་རྩལ་སྦྱོང་བརྡར་གོམས་གཤིས་ཅན་དང་སྲ་བརྟན་ཅན་དུ་འཕོ་འགྱུར་བྱུང་ནས།“ཆེས་མཐོ་བ།ཆེས་མྱུར་བ།ཆེས་སྟོབས་”དང་ལྡན་པའི་ཨའོ་ལིན་ལུས་རྩལ་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས།ད་རེས་མང་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་འགྲན་ཚོགས་སྐབས་སོ་བརྒྱད་པ་འདིར་གྲུབ་འབྲས་དང་རྒྱལ་ཁ།མཚར་སྡུག་ལྡན་པའི་འགྲན་ཚོགས་ཤིག་ལེགས་འགྲུབ་ཡོང་བར་ཡིད་ཆེས་དང་རེ་བ་ཡོད།མཇུག་མཐར་འདིར་བཞུགས་ཀྱི་འགྲན་ཞུགས་ལུས་རྩལ་པ་ལྷན་རྒྱས་ཀྱི་ལུས་བདེ་སེམས་སྐྱིད་ཡོང་བ་གཞི་བྱས།ལུས་རྩལ་རྣམ་གྲངས་རེ་རེ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་དང་རྒྱལ་ཁ་ལོན་པ་དང་མཉམ་དུ།ད་རེས་མང་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་འགྲན་ཚོགས་སྐབས་སོ་བརྒྱད་པ་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཡོང་བར་ཤོག ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།

入场仪式

རྒྱལ་དར་རུ་ཁག 国旗队

ཚོགས་དར།运动会会旗

དར་ཚོན་རུ་ཁག 彩旗队

གཞོན་ནུ་ཕོ་བྲང་གི་དགའ་ཕྱོགས་འཛིན་གྲྭ 

少年宫兴趣班

足球兴趣小组  

指导老师:尕桑当周

       在世界众多体育项目中,足球是一项广受欢迎的运动。四年一届的世界杯也以足球为主进行。因此,我校也根据学生的喜好开设了足球兴趣班。在尕桑当周老师的带领下,学习和实践足球知识和射门技术,多次在当地县、州获得荣誉。现在他们带着信心和希望,向着最大的舞台迈进。

   འཛམ་གླིང་གི་ལུས་རྩལ་སྣ་མང་སྡེ་ཚན་ནང་རྐང་གྲུག་གམ་རྐང་རྩལ་སྤོ་ལོ་ནི་ཀུན་གྱིས་རིས་མེད་དུ་དགའ་བོ་བྱེད་པའི་ལས་རྩལ་ཞིག་ཡིན་ཞིང་།ལོ་བཞིའི་འཛམ་གླིང་བུམ་པ་དེ་ཡང་རྐང་གྲུག་གཙོ་བོར་བྱས་ཏེ་སྤེལ་བཞིན་ཡོད།དེ་བས་རང་སློབ་གྲྭས་ཀྱང་སློབ་མ་རྣམས་ཀྱི་དགའ་མོས་ལྟར་རྐང་གྲུག་དགའ་མོས་འཛིན་གྲྭ་བཙུགས་ཡོད་ཅིང་།མཛུབ་སྟོན་དགེ་རྒན་སྐལ་བཟང་དོན་གྲུབ་ལགས་ཀྱི་སྣེ་ཁྲིད་འོག་རྐང་གྲུག་གི་ཤེས་བྱ་དང་འཕེན་རྩལ་སོགས་ལ་སློབ་སྦྱོང་དང་ལག་ལེན་བྱས་ཏེ་རྫོང་དང་ཁུལ་ནས་གཟེངས་རྟགས་གང་མང་ཐོབ་མྱོང་།དུས་ད་ལྟ་ཁོ་ཚོས་ཡིད་ཆེས་དང་རེ་བ་བསྣམས་ནས་གར་སྟེགས་ཆེ་ཤོས་ཤིག་ཏུ་བརྩོན་བཞིན་མཆིས།

舞蹈兴趣小组

指导老师:杨增卓玛、杨忠措

     སྨྲ་ཤེས་པ་ཙམ་ནས་གླུ་ལེན་ཤེས་ཞིང་།འགྲོ་ཤེས་པ་ཙམ་ནས་གར་འཁྲབ་ཤེས་ཞེས་པའི་དཔེ་བཞིན།ཞབས་བྲོ་དགའ་མོས་འཛིན་གྲྭས་དགེན་གཡང་འཛིན་སྒྲོལ་མ་དང་གཡུང་དྲུང་མཚོ་གཉིས་ཀྱི་སྣེ་ཁྲིད་འོག་གར་གྱི་སྟངས་སྟབས་མིག་ལ་འཕྲོག་པ།ཡིད་ལ་འཁྲེངས་པ་ཞིག་ས་ཆེན་པོའི་རྒྱན་དུ་བསྩོལ།ཁོ་ཚོས་མི་རིགས་རང་ཉིད་ལ་ཐུན་མོང་དུ་ཡོད་པའི་ལུས་ཀྱི་འགུལ་ཉམས་ཤིག་དང་། གནའ་བོའི་དྲི་མ་མ་ཡལ་བའི་སྲོལ་རྒྱུན་གྱི་དབྱངས་འགྲོས་དང་བསྟུན་ནས་ལང་ཚོའི་གཤོག་ཟུང་ངོམས། 

素描兴趣班

指导老师:索南项加 

素描艺术,是一场梦幻的旅程,它能唤醒内心深处的创造力和美好。画笔与梦想交织,色彩与激情碰撞,通过丰富有趣的教学方法与手段,进行综合性与探究性学习,注重学生基本技能培养。不仅丰富了校园生活,激发学生的艺术兴趣,开阔学生的视野。同时磨炼学生耐心,培养学生的立体感和空间感,锻炼他们的观察能力和造型能力,树立正确的文化价值观,涵养人文精神。素描社团活动的开展,发展了学生个性和特长,磨炼了他们的耐心,提高了审美能力,让同学们在接受教育的过程中锻炼了思维能力与观察能力。每一次活动的开展,都让同学们有着不同的收获。今后的社团活动将继续激发和维持学生学习的兴趣,让学生在快乐中学习素描,让他们绽放自己的光芒!

模拟法庭兴趣班

指导老师:朝本多杰

他们的面容光彩照人,那双眼睛里闪烁着对法律威力的崇敬和对真理的追求的光辉。这不是一支普通的队伍进场。这是法律威力的彰显,是智慧和真理之精华于一身的躯体。在他们心中,每一部法典都是一盏明灯,每一场辩论都是一次寻求真理的漫长旅程。

འདི་ནི་ཁྲིམས་ལུགས་ཀྱི་ཟིལ་ཤུགས་ཕྱིར་མངོན་པ་དང་།བློ་གྲོས་དང་བདེན་དོན་གྱི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པའི་ཕུང་བོ་ཡིན།ཁོ་རང་ཚོའི་སེམས་སུ་ཁྲིམས་གཞུང་རེ་རེ་ནི་བདེན་དོན་གསལ་འབྱེད་ཀྱི་ལམ་སྟོན་སྒྲོན་སྟེགས་རེ་རེ་ཡིན་ལ།རྩོད་གླེང་རེ་རེ་ནི་བདེན་དོན་འཚོལ་ཞིབ་ཀྱི་འགྲུལ་བཞུད་རིང་མོ་རེ་རེ་ཡིན།

00:08

简笔画兴趣班

指导老师:才让扎西

简笔画社团以提高学生造型能力和思维能力为宗旨,使学生树立整体意识,大胆的把握物体的轮廓,添画的形式进行装饰。一幅绘画作品胜过千言万语,一切的绘画涂鸦,都是孩子们丰富想象力的成果。大家因为喜欢画画相聚在一起,孩子们都有一个梦想,拿着自己的画笔遨游在艺术的天地,用童心感受斑斓世界,用彩笔描绘身边的生活故事,描绘心中对未来美好世界的畅想。简笔画小组意在培养学生的学画兴趣和爱好,提高学生用简单线条表现事物的能力。在小组活动中,以简单的线条,绚烂的色彩,营造一个可以进入绘画与想象世界的奇幻空间,从而促进学生对事物的感受力,开发学生的想象力创造力和表现力,培育学生的审美情趣和思维能力,增强主动实践的自信心。

语文朗读兴趣班

指导教师:陈秀花 马慧

经典诵读是中华民族文化的精髓。经典诵读,主要以诵读《三字经》《弟子规》古诗词为主。通过诵经典、讲经典、唱经典、赛经典等形式多样的经典诵读活动,全面提升了学生的综合素质。用语言传递情感,用声音表达思想。中华经典诵读小组,为学生提供了充分展示自我的机会。旨在拓展学生的朗诵,演讲水平,提高学生的人文素养,丰富校园的文化活动形式。通过诵读中华优秀传统文化,将优秀品质植入到每个孩子的心田,走进经典,诵读经典,字字入心,声声入情,既陶冶情操,又增强学生对美的鉴赏力。

剪纸兴趣班

指导教师:索南本

བི་ཤཱ་ཀརྨའི་ཕྱག་རྩལ་ལས་དངོས་གྲུབ་ཐོབ་ཅིང་།འཇིག་རྟེན་བྱེད་པོའི་སྒྱུ་འཕྲུལ་ལས་རྣམ་དཔྱོད་སྨིན་པའི་ཤོག་དྲས་དགའ་མོས་འཛིན་གྲྭས་མཛུབ་སྟོན་དགེ་རྒན་བསོད་ནམས་འབུམ་གྱི་གསུང་བཀོད་བཞིན་བློ་ཡུལ་ལས་འདས་པའི་དྲས་རིས་སྒྱུ་རྩལ་ལ་སློབ་སྦྱོང་དང་ལག་ལེན་བྱས་ཏེ།ངོ་མཚར་རྨད་དུ་བྱུང་བ།འདྲེན་བྱེད་ཟུང་གི་དགའ་སྟོན་དུ་སྨིན་པའི་མཛེས་ཤིང་སྡུག་པའི་བརྩམས་ཆོས་མང་བོ་མི་བུ་རེ་རེའི་ཡིད་ཀྱི་དངས་བ་འདྲེན་བྱེད་དུ་ངོམས་བཞིན་འདུག

英语朗读兴趣班

指导老师:更姐

真正好学的人是知道生命真正的意义与天地的广大无限,重复大声地读英语,能读出自信、打开心胸、笃定坚持!!!“我们每一天的英语诵读,一定是一种沉淀,一定是下一刻的更好的遇见。相信英文读经会为读经教育插上了隐形的翅膀,打通孩子们对西方文化智慧链接管道。英语诵读小组通过经历丰富有趣的小组活动,运用朗诵的形式,巧妙结合英语的听说读写能力,进一步激发学生学习英语的兴趣,有效提高学生口语表达能力,培养英语朗读的良好习惯。在基于教材课文的阅读量上,拓宽阅读范围,营造学英语、说英语、用英语的学习氛围,品味英语语言之美,展示学生风采。

民歌、民俗曲调兴趣班

指导老师:加措太  卓玛本

དེ་ཡང་གནའ་མི་སྨུག་པོ་དུང་གི་སོ་སྒོ་ཅན་དག་གི་ངག་ལས་འཁྲུངས་པའི་དབྱངས་རྟ་རེ་རེ་ནི་དུས་རབས་གསར་བའི་རྩ་ཆེའི་རིན་བྲལ་གྱི་ནོར་བུ་ཡིན་ཞིང་།མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ལ་ཕྱིར་རྟོགས་བྱེད་པའི་མེ་ལོང་ཡིན་པས་ན། སྲོལ་རྒྱུན་དབྱངས་རྟ་དགའ་མོས་འཛིན་གྲྭས་མཛུབ་སྟོན་དགེ་རྒན་སྒྲོལ་མ་འབུམ་གྱི་ཐུགས་བཀོད་བཞིན་སྲོལ་རྒྱུན་གྱི་དབྱངས་རྟ་དང་ངག་རྟ་སྣ་ཚོགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱེད་པའི་སྤོབས་པ་ནི་ཇི་འདྲའི་བླ་ན་མཐོ་བ་ཞིག་རེད་ཨང་།

机器人兴趣班 

指导老师:诺日加

机器人编程,是一项激发孩子创新潜能的活动。在这个充满科技感的时代,孩子们需要掌握的不再仅仅是书本知识。通过生动有趣的实践操作,让孩子们了解机器人的基础知识,掌握计算机应用技能,从而培养孩子们的逻辑思维能力和创新想象力。能够培养孩子们的团队合作能力,也能让他们在实践中不断成长。同时,机器人课程还能帮助孩子们建立自信心,让他们在创造与探索中实现自我价值,为学生提供了动手实践,探索创新的平台,通过小组丰富多彩形式各异的活动中,培养孩子们的创新思维和动手实践能力,加强科普教育,丰富学生的校园文化生活,在实践活动中培养兴趣,开阔视野,锻炼能力,发展特长,收获成长和自信。

石板画、水彩画兴趣小组

指导教师:格改措 

小组活动以石板画和水彩画为主,引导学生欣赏观察临摹,使用不同材质进行作品创作,以石板画独特的艺术性,趣味性,工艺性和复制性,激发学生参与实践的兴趣,提升审美能力和认真做事的品格。培养学生的兴趣、爱好,并增加学生的课外知识。通过绘画社团的活动,使学生进一步了解绘画的基本知识,绘画特长得到更好的发展,培养学生的观察能力和创新思维能力,提高学生的审美观。一块块普通的石板,一张张白纸在孩子们的手中展现神奇的画面。同时,通过系统的训练和实践,提升学生绘画技巧,增强团队合作精神,鼓励学生使用不同材质进行作品创作,以美育人,培养学生感受美、理解美、鉴赏美和创造美的能力。

00:11

篮球兴趣班

指导老师:旦增

སྟོབས་དང་རྩལ་གྱི་ཁོ་ལག་ཡོངས་སུ་རྫོགས་པའི་ན་གཞོན་སྟེ། གཟེབ་གྲུག་དགའ་མོས་འཛིན་གྲྭས་མཛུབ་སྟོན་དགེ་རྒན་བསྟན་འཛིན་ལགས་ཀྱི་ཁྲིད་སྟོན་འོག་གཟེབ་གྲུག་གི་འཕེན་རྩལ་ལ་སློབ་སྦྱོང་དང་ལག་ལེན་བྱས་ཏེ་ཤ་ཁྲག་གདོས་བཅས་ཀྱི་ལུས་སྟོབས་ངོ་མཚར་རྨད་དུ་བྱུང་བ་དག་མངོན་པར་བཏོད་ཅིང་།ལང་ཚོའི་མཛེས་སྡུག་ལ་ཡིད་ཆེས་ཀྱི་རྒྱན་ཆ་བཏགས་ནས་དགེ་སློབ་ཡོངས་དང་ཐུན་མོང་གི་གཟི་བརྗིད་ཀྱི་ཆེད་དུ་རྒྱལ་ཁའི་རྟགས་མ་ལ་བརྩོན་བཞིན་འདུག 

དགེ་བཟོ་བ་ལྷན་རྒྱས་ཚོགས་རར་བསྐྱོད་པ།教职工队伍入场

     ཁོ་ཚོས་སྐལ་ལྡན་གྱི་སློབ་བུ་རེ་རེ་རིག་པའི་ནུ་ཞོས་གསོས་ཤིང་།བརྩེ་བའི་སེམས་ཀྱིས་བསྐྱངས་ཏེ།ང་ཚོ་མཚོ་ལྷོ་ཁུལ་གྱི་སྔོན་སོང་གི་བྱ་བཞག་ཡོད་ཚད་ལ་ལ་རྒྱ་དང་གཟི་བྱིན་གྱི་དཔལ་ཡོན་བསྣན་པ་མ་ཟད།མ་འོངས་འབྱུང་འགྱུར་གྱི་སློབ་གསོའི་ལས་དོན་ཏེ།མི་རིགས་དར་རྒུད་དང་ཕ་ཡུལ་འཛུགས་སྐྲུན་གྱི་རླབས་ཆེ་བའི་བྱ་བཞག་ཡོད་ཚད་ཕྲག་ཏུ་འཁུར་ཡོད།རེད་ཡ།དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་གྱི་ཇུས་འགོད་པ་དང་།དཔལ་ཡོན་སྟོང་གི་འབྱུང་གནས་ཡིན།ཁོ་ཚོ་མེད་ན་མིའི་རིགས་ཀྱི་རླབས་ཆེ་བའི་གསར་གཏོད་པ་དང་།ཚན་རིག་པ་།བསམ་བློ་བ་དང་སློབ་གསོ་བ་སོགས་རླབས་ཆེ་བའི་སྐྱེས་ཆེན་དེ་དག་ཇི་ལྟར་འབྱུང་།   

00:29
00:30

རིག་རྩལ་འཁྲབ་སྟོན།文艺表演

主持人:雷彩虹   达保

དཔྱད་འདེམས་པ།评委老师

节目单

   ཨ་ཀཱ་མི། 阿嘎人

 “ཨ་ཀཱ་མི”ཞེས་པ་ནི་ངལ་རྩོལ་བྱེད་སྒོ་དམིགས་བསལ་ཞིག་ལ་ཞུགས་པའི་བོད་རིགས་མི་ཚོགས་ལ་ཟེར། བོད་རིགས་རིག་གནས་ཁྲོད“ཨ་ཀཱ”ནི་ངལ་རྩོལ་གྱི་ལག་ཆ་ཞིག་ཡིན་ཞིང་།བཟོ་སྐྲུན་བྱེད་སྐབས་ས་རྡོ་རྡུང་བར་སྤྱོད་ཀྱི་ཡོད། ལག་ཆ་དེ་རིགས་ནི་སྒོར་དབྱིབས་ལེབ་མོ་ཞིག་དང་ཤིང་དབྱུག་རིང་པོ་ཞིག་གིས་གྲུབ་པ་དང་།ས་རྡོའི་མཉམ་བསྲེས་རྫས་སྲ་བརྟན་དུ་གཏོང་བ་དང་།ཁང་པའི་ཁང་ཀླད་དང་ས་ངོས་སྐྲུན་པར་སྤྱོད་ཀྱི་ཡོད། “ཨ་ཀཱ”བེད་སྤྱད་ནས་ངལ་རྩོལ་བྱེད་སྐབས་བོད་རིགས་ཀྱིས་གླུ་སྒྲ་དང་ཞབས་བྲོ་དང་འགྲོགས་ནས་ངལ་རྩོལ་བྱེད་སྒོ་དེར་སྒྱུ་རྩལ་ཅན་གྱི་ཁྱད་ཆོས་ལྡན་པར་བྱས། 

      "阿嘎人"通常指的是参与一种特定劳动活动的藏族人群。在藏族文化中,"阿嘎"是一种劳动工具,用于建筑时的土石夯打。这种工具由一块扁圆形的石块和一根长木棒组成,用来将土石混合物夯实,用于建造房屋的屋顶和地面。在使用"阿嘎"进行劳动时,藏族人会伴随着歌声和舞蹈,使得这项劳动活动具有了艺术化的特点。

06:53

གཡང་མདའ་བསུ་བ།迎接神箭

04:37

མཆོད་དབྱངས།  韵福

00:57

《དུས་རབས་ཀྱི་སྟངས་སྟབས། 时代的步伐》

07:01

《ཨ་རྩེད།阿泽》

04:02

མེ་སྟག 火花

03:56

《འབྲུག་རྒྱལ་མོ།不丹女王》

00:52

ལུས་རྩལ་པའི་གཟི་ཉམས།运动员风采

ཐག་འཐེན་འགྲན་བསྡུར།拔河比赛

00:14
00:10
00:09

径赛

00:13
00:11
00:10
00:08
00:26
00:06
00:12
00:09

དགེ་བཟོ་བའི་འགྲན་བསྡུར།教职工比赛

00:12

田赛

འགྱིག་རིལ།实心球

00:11

ཙོག་ལྡིང་།立定跳远

མཆོང་ལྡིང་།跳远

མེ་ཕུང་སྐོར་བྲོ།篝火晚会

师生共舞

01:07

初一年级组

01:06

初二年级组

04:55

初三年级组

02:47

后勤组

02:14

བྱ་དགའ་སྩོལ་བ་དང་མཇུག་བསྡུ་བའི་མཛད་སྒོ 颁奖及闭幕仪式

扎西才旦校长主持颁奖及闭幕仪式

获奖参赛选手

贵南县民族中学

2024年6月

阅读 3168
文章由 美篇工作版 编辑制作
投诉