༢༠༢༤ལོའི་རྒྱལ་ཡོངས་སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ།

登卓嘎
创建于05-19
阅读 3145
收藏TA

需扫码在手机上打开
文章后点击更新提醒

བྱིས་པའི་གོམ་སྟབས་སྲུང་ནས།

མཛེས་སྡུག་ལྡན་པའི་བྱིས་དུས་བསྐྲུན།

རྒྱ་ཆེའི་ཁྱིམ་བདག་རྣམས་པ།

            ཁམས་བཟང་། ལོ་རེའི་སྤྱི་ཟླ་༥པའི་ཚེས་༢༠ཉིན་ནས་སྤྱི་ཟླ་༦པའི་ཚེས་༢༠བར་སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་དུས་ཚོད་ཡིན།

 དེ་ཡང་《ལོ་3ནས་6བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཕྱོགས་སྟོན་》ཁྱབ་བསྒྲགས་བྱས་པའི་ལོ་བཅུ་གསུམ་ཡང་ཡིན། མ་ཟད་སློབ་ན་མ་སོན་གོང་གི་སློབ་གསོའི་ལས་བརྒལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་ནས། ཚན་རིག་དང་

མཐུན་པའི་སློབ་གསོར་སྐུལ་འདེད་བཅས་འཕེལ་རྒྱས་ཆེན་པོ་བྱུང་བའི་ལོ་བཅུ་

གསུམ་འཁོར་བ་དེ་ཡང་ཡིན། དེ་རྗེས་ང་ཚོས་མཉམ་དུ་རྒྱལ་ཡོངས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་བཅུ་གསུམ་པའི་ནང་དོན་ཞིབ་ཕྲ་ཤེས་རྟོགས་དང་། མཉམ་དུ་སློབ་ན་མ་སོན་གོང་གི་སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ། 

ཐུན་མོང་དུ་སློབ་ན་མ་སོན་གོང་གི་སློབ་གསོའི་ངང་ཚུལ་ལེགས་པོ་ཞིག་མཉམ་འགྲུབ་བྱེད་དོ།

༡ སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་རྒྱུས་མངའ།

བྱེད་སྒོའི་བརྗོད་བྱ།

བྱིས་པའི་གོམ་སྟབས་སྲུང་ནས། མཛེས་སྡུག་ལྡན་པའི་བྱིས་དུས་བསྐྲུན།

བྱེད་སྒོའི་དུས་ཚོད།

༢༠༢༤ལོའི་ཟླ་བ་༥པའི་ཚེས་༢༠ནས་ཟླ་བ་༦པའི་༢༠བར་ཡིན།

གང་འདྲ་ཞིག་ལ་སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བ་ཟེར་རམ།

       སློབ་གསོའི་འཆར་འགོད་རྩ་གནད་དང་《མིག་སྔའི་སློབ་ཞུགས་གོང་གི་

སློབ་གསོ་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་

འགའ་》(ཨང་[2010]41རྒྱལ་ཁབ་ཀྱིས་སྤེལ། 2010ལོའི་ཟླ་4ཚེས་

2ཉིན། ) ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་པའི་ཆེད་སྤྱི་ཚོགས་ཁོར་

ཡུག་བཟང་པོ་ཞིག་བསྐྲུན་དགོས། སློབ་ན་མ་སོན་གོང་གི་སློབ་གསོའི་ཚན་རིག་དར་

འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་པུའུ་ཡིས་2012ལོ་ནས་

བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི་སློབ་ན་མ་སོན་གོང་གི་སློབ་

གསོ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་གནང་བ་ཡིན། བྱེད་སྒོའི་

དུས་ཚོད་ལོ་རེའི་ཟླ་བ་༥པའི་ཚེས་༢༠ནས་༦པའི་ཚེས་༢༠ཉིན་ལ་གཏན་ཁེལ་

བཟོས་པ་ཡིན།

ད་ལོའི་སློབ་ན་མ་སོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་

དྲིལ་བསྒྲགས་ཀྱི་ནང་དོནགཙོ་བོ་ནི་

      དང་པོ། གལ་ཆེའི་ཁྲིམས་སྲོལ་དང་སྲིད་ཇུས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་

དང་ས་གནས་ཀྱིས་སློབ་ན་མ་སོན་གོང་གི་སློབ་གསོའི་ཁྲིམས་སྲོལ་སྲིད་ཇུས་ལག་

བསྟར་བྱེད་པར་སྐུལ་འདེད་བཏང་ནས་ཏང་དང་སྲིད་གཞུང་གིས་ལོ་ན་རན་པའི་

བྱིས་པར་དྲང་སྙོམས་ཀྱི་སློབ་གསོ་དང་ལེན་བྱ་རྒྱུ།

      གཉིས་པ། གལ་ཆེའི་དོ་དམ་ལམ་ལུགས། རྒྱལ་ཁབ་དང་ས་གནས་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོའི་ལས་ཞུགས་དོ་དམ། དགེ་རྒན་བསྐོ་བཞག་ བུ་བཅོལ་

ཁང་གི་བདེ་འཇགས་སྲུང་སྐྱོང་། འཕྲོད་བསྟེན་བདེ་སྲུང་། བུ་བཙའི་སློབ་གསོ་

སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་དྲིལ་བསྒྲགས་བྱས་ཏེ། སློབ་ན་མ་སོན་གོང་གི་

སློབ་གསོ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་ན་མ་སོན་གོང་གི་

སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་བཏང་ནས་རྣམ་པ་གསར་པ་ཞིག་སྟོན་དགོས།

       གསུམ་པ།  ཚན་རིག་ལྡན་པའི་སློབ་གསོའི་འདུ་ཤེས། སྤྱི་ཚོགས་ཀྱི་སྤྱི་

དམངས་ཀྱིས་སློབ་ན་མ་སོན་གོང་གི་སློབ་གསོར་ངོས་འཛིན་བྱེད་སྟངས་ནོར་བ་དང་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་བུ་

བཙའི་འདུ་ཤེས་དང་ཤེས་བྱ་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བཏང་སྟེ། ཁྱིམ་བདག་ལ་རོགས་རམ་བྱས་ནས་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགལ་བའི་གནོད་སྐྱོན་ངོས་འཛིན་གང་ལེགས་སུ་བཏོང་དགོས།

༢ བྱིས་པའི་གོམ་སྟབས་སྲུང་ནས་མཛེས་སྡུག་

ལྡན་པའི་བྱིས་དུས་བསྐྲུན།

ང་ཚོས་ཕྲུ་གུ་ཚང་མ་བདེ་འཇགས་དང། བདེ་ཐང་། དགའ་སྤྲོའི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བའི་འགན་ལེན་བྱེད་དགོས། དེའི་ནང་ཁོང་ཚོར་བདེ་འཇགས་ཀྱི་སྒྲིག་བཀོད་དང་ཚད་ལྡན་གྱི་དགེ་རྒན། ཚན་རིག་དང་མཐུན་པའི་སློབ་གསོ་དང་བྱམས་སྐྱོང་སོགས་ཀྱི་བྱ་ཐབས་ཐད་མཁོ་འདོན་གནང་དགོས། ང་ཚོས་སློབ་གསོའི་

བརྒྱུད་རིམ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་གནོད་

པའི་བྱ་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བྱིས་པ་སློབ་ན་མ་སོན་གོང་གི་སློབ་གསོའི་དུས་རིམ་དུ་ཆེས་རྨང་གཞི་དང་ཆེས་དགོས་ངེས་ཀྱི་སྲུང་སྐྱོབ་དང་གསོ་

སྐྱོང་གནང་དགོས།

        ང་ཚོས་བྱིས་པ་མི་རེ་ངོ་རེར་དྲོ་སྐྱིད་དང་དགའ་སྤྲོས་ཁེངས་པ་བྱ་དགོས། ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཕྲུ་གུའི་ཡ་མཚན་གྱི་བསམ་པ་དང་འཚོལ་ཞིབ་བྱེད་འདོད་ཀྱི་བསམ་པར་སྐུལ་སློང་བྱས་ཏེ་ཁོ་ཚོས་རོལ་

རྩེད་སོགས་ཀྱི་ཁྲོད་ནས་སློབ་སྦྱོང་དང་དགའ་སྤྲོའི་ངང་འཚར་ལོངས་ཐུབ་པ་གནང་དགོས། ང་ཚོའི་རེ་བར་ཕྲུ་གུ་ཚང་མས་སློབ་ན་མ་སོན་གོང་གི་སློབ་གསོའི་དུས་རིམ་དུ་མཛེས་སྡུག་ལྡན་ཞིང་བརྗེད་དཀའ་བའི་དྲན་ཤེས་བཞག་ནས་ཁོ་ཚོའི་མ་འོངས་

པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་གནང་དགོས།

༣ གོམ་པ་མཉམ་སྤོས་དང་ཐུན་མོང་ཐོག་

འཚར་ལོངས།

ཁྱིམ་བདག་ནི་བྱིས་པ་འཚར་ལོངས་ཀྱི་བགྲོད་ལམ་ཐོག་གི་ལམ་སྟོན་པ་ཨང་དང་པོ་ཡིན་པས། ཁྱེད་ཀྱི་ངག་ཐོག་ནས་སློབ་ཁྲིད་དང་དཔུང་པ་མཉམ་གཤིབ་ངང་སྣེ་ཁྲིད་བཅས་བྱ་རྒྱུ་ནི་བྱིས་པ་འཚར་ལོངས་ཡོང་བར་གལ་འགངས་ཤིན་ཏུ་ཆེ། 

སློབ་ན་མ་སོན་གོང་གི་དུས་རིམ་ནང་ང་ཚོས་ཕྲུ་གུ་ཕྱོགས་ཡོངས་ནས་འཕེལ་

རྒྱས་འགྲོ་རྒྱུར་དོ་ཁུར་གནང་དགོས་ལ་དེ་བས་ཁོ་ཚོར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཁྱེད་ཀྱིས་གཤམ་གསལ་གྱི་ཕྱོགས་འགའ་དག་དོ་སྣང་གནང་རོགས། མཉམ་དུ་བྱིས་པ་ཚོར་བདེ་ཐང་དང་སྤྲོ་སྣང་འཆམ་མཐུན་ངང་འཚར་ལོངས་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་དགོས།

ཕྲུ་གུའི་སེམས་ཁམས་བདེ་ཐང་ལ་སེམས་ཁུར་གནང་དགོས། 

        བྱིས་པའི་སེམས་ཁམས་བདེ་ཐང་ནི་ཁོ་ཚོ་འཚར་ལོངས་འབྱུང་བའི་བརྒྱུད་

རིམ་ཁྲོད་ཀྱི་གལ་ཆེའི་རམ་འདེམས་ཤིག་ཡིན། ཁྱེད་ཀྱིས་ཕྲུ་གུའི་བརྩེ་དུང་ལ་མཐོང་ཆེན། ཁོང་ཚོའི་སེམས་གཏིང་གི་སྐད་ཆར་ཉན་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པ། དུས་མཚུངས་སུ་ཕྲུ་གུ་དང་སྐད་ཆའི་བཤད་སྟངས་ལ་དོ་སྣང་བྱས་ཏེ་ཁོ་

ཚོའི་རང་གཤིས་དང་འདོད་བློར་བརྩི་འཇོག་བྱས་ཏེ་སོ་སོར་ཡིད་ཆེས་དང་བསམ་གཞིགས་ཀྱི་ནུས་པ་གསོ་སྐྱོང་གནང་དགོས།

ཕྲུ་གུའི་གཟུགས་གཞིའི་བདེ་ཐང་ལ་མཐོང་ཆེན་གནང་དགོས།

ཁྱེད་ཀྱིས་བྱིས་པའི་བཟའ་བཏུང་གི་ཐད་ལ་དོ་ཁུར་དང་ལུགས་མཐུན་འཚོ་བཅུད་གྱིས་སྡེབ་སྒྲིག་གནང་སྟེ་ཁོ་ཚོར་འཚོ་བཅུད་འདང་ངེས་ཐུབ་པ་འགན་ལེན། 

དུས་མཚུངས་སུ་ཕྲུ་གུ་རྣམས་འོས་འཚམ་གྱི་ལུས་རྩལ་སྦྱོང་བརྡར་བྱེད་དུ་བཅུག་

ནས་གཟུགས་གཞིའི་སྤུས་ཚད་གོང་ཐོར་གཏོང་དགོས།

ཕྲུ་གུའི་འབྲེལ་འདྲིས་བྱེད་སྟངས་གསོ་སྐྱོང་བྱ་དགོས།

བུ་བཅོལ་ཁང་ནི་བྱིས་པ་སྤྱི་ཚོགས་ཐོག་ཞུགས་པའི་གོམ་སྟབས་དང་པོ་ཡིན་ལ། ཁོང་ཚོས་མཛའ་བརྩེ་འཛུགས་པ་དང་མཉམ་ལས་བྱེད་ཤེས་པའི་གལ་ཆེའི་

གནས་སྟངས་ཤིག་ཀྱང་ཡིན། ཁྱེད་ཀྱིས་ཕྲུ་གུ་དང་གྲོགས་པོ་མཛའ་མཐུན་མཉམ་

གནས་བྱེད་པར་སྐུལ་མ་བཏང་ནས་མི་གཞན་ལ་མཉམ་སྤྱོད་དང་བརྩི་འཇོག་བྱེད་

ཤེས་པ་གནང་རོགས། ཐུན་མོང་གི་བྱེད་སྒོ་བརྒྱུད་ཕྲུ་གུའི་མཉམ་ལས་སྙིང་སྟོབས་

དང་ཚོགས་པའི་མཉམ་ལས་ནུས་པ་ཆེ་རུ་གཏོང་དགོས།

ཕྲུ་གུའི་དགའ་ཕྱོགས་ལ་དོ་ཁུར་བྱེད་དགོས།

ཕྲུ་གུ་ཚང་མར་རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་ཡོད་པས། ཁྱེད་ཀྱིས་ཕྲུ་གུའི་བསམ་ཚུལ་ལ་བརྩི་འཇོག་གནང་ནས་ཁོང་ཚོར་སྣ་མང་ཅན་གྱི་སློབ་སྦྱོང་

ཐོན་ཁུངས་དང་བྱེད་སྒོའི་སྟེགས་བུ་མཁོ་འདོན་གནང་རོགས། ཕྲུ་གུའི་དགའ་ཕྱོགས་དང་དགའ་ཕྱོགས་སྐྱེད་སྲིང་བྱེད་པར་བརྟེན་ནས་ཁོ་ཚོའི་གསར་གཏོད་བྱེད་པའི་ནུས་པ་དང་བསམ་པའི་འཆར་སྒོར་སྐུལ་སློང་བྱས་ནས་ཁོ་ཚོའི་མ་འོངས་པའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

རྒྱ་ཆེའི་ཁྱིམ་བདག་ལྷན་རྒྱས། ཁྱེད་རང་གི་ཡིད་ཆེས་དང་རྒྱབ་སྐྱོར་གནང་པ་དེས་ང་ཚོའི་ལས་ཀར་སྒུལ་ཤུགས་ཆེན་པོ་གནང་པ་རེད། ང་ཚོས་ཁྱེད་རྣམས་ཚོ་དང་ལག་མདང་མཉམ་དུ་སྦྲེལ་ནས་ཕྲུ་གུར་མཛེས་སྡུག་ལྡན་པའི་ཁོར་ཡུག་གསར་པ་ཞིག་བསྐྲུན་པ་དང་ ང་ཚོ་མཉམ་དུ་ཕྲུ་གུའི་གོམ་སྟབས་དང་པོར་བདེ་སྐྱིད་ལྡན་པའི་བྱིས་དུས་

ཤིག་ཡོང་རྒྱུར་འབད་བརྩོན་གནང་ངོ་།།

རྩོམ་སྒྲིག་  བསྟན་འཛིན་སྒྲོལ་དཀར།

ཡིག་སྒྱུར་  ཚེ་རིང་དབང་མོ།

ཞིབ་བཤེར་   བཀྲ་ཤིས་ལྷ་སྒྲོན་  ཕན་མེ་ལིན།

阅读 3145
文章由 美篇工作版 编辑制作
投诉