བྲག་དཀར་རྫོང་བོད་སྨན་ཁང་།

创建于05-14
阅读 2402
收藏TA

需扫码在手机上打开
文章后点击更新提醒

སྨན་ལུམས་ཚན་ཁག་ནས་ཞག་སྡོད་བྱས་པའི་

ནད་པ་ཞིག་གི་སེམས་ཚོར།

      དེ་ཡང་སྨན་པའི་རྒྱུ་དྲུག་ལས་གཉིས་པ་བསམ་པ་དཀར་བའི་ངོ་བོ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་འབའ་ཞིག་སྒྲུབ་པའི་བསམ་པ་དཀར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་བྱའོ།།ཞེས་པ་བཞིན་བྲག་དཀར་རྫོང་བོད་སྨན་ཁང་གི་སྨན་པ་འདི་དག་གིས་ཆེ་ཆུང་དང་མཐོ་དམའ། གཙང་བཙོག་མེད་པར་འདྲ་མཉམ་གྱི་ལྟ་བའི་སྒོ་ནས་རང་ནུས་ཅི་ལྕོགས་ཀྱིས་ནད་བཅོས་བྱ་གང་ཐུབ་བྱེད་པ་དང་དབུལ་བོ་དང་ཉམ་ཆུང་། དབང་བོ་སྐྱོན་ཅན་ཚོར་ཁ་གཉེར་སྣ་གཉེར་བྱེད་པའི་གཤིས་སྤྱོད་ངན་པ་ཅན་ཡེ་ནས་མཐོང་རྒྱུ་མི་འདུག   ཚུལ་འདིས་ཚད་ལྡན་གྱི་སྨན་པ་ཞེས་པ་ནི་ཕ་ཡུལ་གྱི་བོད་སྨན་ཁང་གི་སྨན་པ་འདི་དག་ལ་ཟེར་བ་ཡིན་རྒྱུ་རེད་བསམ་པའི་ཚོར་བ་རྣོན་པོ་ཞིག་དང་ཡིད་ཆེས་གཙང་མ་ཞིག་གིས་བཀུག་འགྲོ 

     སྨན་པ་ནི་མིའི་རིགས་ཀྱི་མགོན་སྐྱབས་ཏེ་སྤྱི་ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལས་རིགས་ཤིག་ཡིན་པ་གཞིར་བྱས་ཏེ། རྫོང་བོད་སྨན་ཁང་གི་སྨན་པ་འདི་དག་གི་ལུས་ཀྱི་བྱ་སྟངས་དང་ངག་གི་བཤད་སྟངས་ལེགས་པས་སྨན་པ་ཞིག་ལ་འདང་དགོས་པའི་ཆ་རྐྱེན་99%འདང་འདུག་ཅེས་ཁ་ཁོག་གཉིས་ཀས་བཤད་ཕོད།

དཔེ་ཆུང་ངུ་ཙམ་ལ་ནད་པའི་རྐང་བ་དང་རྐུབ་སོགས་ལ་ལྟ་རེག་བྱེད་སྐབས་འཛེམ་པར་བྱ་བའམ་ཞེ་ལོག་པའི་རྣམ་འགྱུར་སྤུ་ཙམ་ཡང་མི་སྟོན་པར་ཏན་ཏན་ཏིག་ཏིག་གིས་ནད་བཅོས་བྱེད་པ་འདི་ལ་དོན་དངོས་ཀྱི་ཧ་ལས་ཤིང་ཧང་སངས་དགོས་པ་ཞིག་རེད།

     སྨན་པ་འདི་ཚོའི་ནད་པ་ལ་བཟུང་བའི་ལྟ་བ་དང་རྣམ་འགྱུར་ལས་ཀྱང་ སེམས་གཏིང་ནས་ང་ལ་ཕན་པ་ཐོབ་སྲིད་སྙམ་པའི་ཡིད་ཆེས་གཙང་མ་ཞིག་ངང་གིས་སྐྱེས་ཡོང་།

     སེམས་ཅན་ཐམས་ཅད་ལ་བདེ་འགྲོ་སྟེར་བའམ་མི་འདོད་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་མཁན་ངེས་པ་དོན་གྱི་ལྷ་རྗེ་བའི་འདུ་ར་བྲག་དཀར་རྫོང་བོད་སྨན་ཁང་།

    བོད་ཀྱི་གསོ་བ་རིག་པའི་དཔྱད་བཅོས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་པ་དང་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཅི་ནུས་གང་ཐུབ་ཀྱིས་སྐོང་བཞིན་པའི་མི་ཡུལ་གྱི་ལྷ་ལྡན་གྲོང་།

སྤྱི་ལོ་ཉིས་སྟོང་ཉེར་བཞི་ལོའི་སྤྱི་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན།

阅读 2402
文章由 美篇工作版 编辑制作
投诉