囊谦东坝的简篇

囊谦东坝
创建于05-12
阅读 332
收藏TA

需扫码在手机上打开
文章后点击更新提醒

   སྡོམ་པ་ཞང་བཅའ་སྡོད་སློབ་ཆུང་གིས་ཁྱིམ་བདག་ཡོངས་ལ་དབྱར་རྩྭ་དགུན་འབུ་བརྐོ་དུས་སུ་ཐོག་གི་ཉེན་འགོག་ཤེས་བྱ་དྲིལ་བསྒྲགས།

མཁྱེན་དཔྱོད་ཡངས་པའི་སློབ་མའི་ཁྱིམ་བདག་རྣམ་པ་ལགས།

        དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་ནང་ཆར་བ་འབབ་བའི་ནམ་ཟླ་ཅུང་རྒྱུན་ལྡན་ཡིན་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་མཁན་གྱི་ཁྱིམ་བདག་རྣམས་པ་ཚེ་སྲོག་ལ་ཉེན་ཁ་དང་འཇིགས་སྣང་ཐེབས་བཞིན་ཡོད་ལ། ཐོག་གི་ཉེན་ཁར་གཡོལ་བའི་ཤེས་བྱ་འདི་དག་ང་ཚོས་ངེས་པར་དུ་ཡིད་དུ་འཛིན་དགོས་།གལ་ཏེ་གློག་ཞགས་འཁྱུག་པའི་སྐར་ཆ་འགའི་ནང་འབྲུག་སྒྲ་སྒྲོག་ཚེ། དེས་མི་འགྱངས་བར་ཆར་བ་དང་གློག་ཞགས་འཁྱུག་ཤིང་དྲག་ཆར་འབབ་རྒྱུ་ཡིན་པའི་སྔ་ལྟས་ཡིན་པས་གང་མགྱོགས་སྒོས་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་དགོས་པ་མ་ཟད། འདི་ལྟར་སྒྲུབ་དགོས་སྟེ།

༡ དྲག་ཆར་འབབ་དུས་ལག་ཁྱེར་ཁ་པར་རྩེད་མི་རུང་།ཅི་ཐུབ་སྒོས་གཞན་གྱིས་བཏང་ཡོང་བའི་ཁ་པར་ལེན་མི་རུང་ལ་ཕྱི་ལའང་གཏོང་མི་རུང་། རྒྱུ་མཚན་ནི་ཐོག་གཡོལ་སྒྲིག་ཆས་ཀྱིས་འཛུགས་སྐྲུན་སྒྲིག་བཀོད་མ་གཏོགས་སྐུད་མེད་གནམ་སྐུད་གང་ལའང་འགོག་ྲུསྲུང་བྱེད་མི་ཐུབ་པས། ནམ་ཟླ་དེ་འདྲའི་ཁྲོད་ཁ་པར་ལས་གླུ་ལ་ཉན་པའི་བྱ་སྤྱོད་དེའང་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཡིན་པ་རེད།

༢ འབྲུག་སྒྲ་གྲགས་ཞིང་གློག་ཞགས་འཁྱུག་པའི་དུས་མགོ་དང་སྐེ་འཇིང་།ལག་པའི་ཐོག་དུ་གྲོག་མ་འགོས་པ་ལྟ་བུའི་ཚོར་བ་བྱུང་བ་དང་མགོ་སྐྲ་གྱེན་དུ་གཟེངས་བའི་ཚོར་བ་སོགས་བྱུང་དུས་ཐོག་གི་སྔ་ལྟས་ཡིན་པས།གང་མགྱོགས་སྒོས་ཁ་སྦུབ་དུ་བསྡོད་དགོས་པ་མ་ཟད་ལྕགས་རིགས་ཀྱི་རྒྱན་ཆ་སོགས་ཡོད་ཚད་ལུས་སྟེང་ནས་འདོར་དགོས་ལ།དེས་ཐོག་གི་ཉེན་ཁ་ལས་གཡོལ་བར་ནུས་པ་ངེས་ཅན་ཐོན་ཐུབ།

༣ཐང་ཡངས་ས་ནས་ཆར་གདུགས་བཀོལ་མི་རུང་བ་མ་ཟད། དབྱར་རྩྭ་དགུན་འབུ་བརྐོ་བྱེད་ཀྱི་མཇོར་ཕྲག་དུ་འཁུར་མི་རུང་།

༤རི་མཐོན་ས་ནས་སྡོད་མི་རུང་མ་ཟད་ཆུ་ལམ་འདྲིས་མཚམས་དང་རི་ངོས་གཟར་མ་ནས་བསྡོད་མི་རུང་།

༥རྒྱུག་མི་རུང་བ་དང་ཁ་གདངས་མི་རུང་བར་གང་མགྱོགས་སྒོས་ཙོག་པུར་སྡོད་དགོས་ལ། དེ་བསྟུན་ལག་པ་གཉིས་ཀྱིས་པུས་མོར་བསྡམས་ནས་སྡོད་དགོས་ལ། མགོ་བོ་ཡང་མར་སྒུར་ནས་སྡོད་དགོས། རྒྱུ་མཚན་ནི་མགོ་ལ་མཚོན་ན་ལུས་པོ་ཡོངས་ནས་ཐོག་ཕོག་སླ་བའི་གནས་ཡིན་པ་རེད།

༦ཁ་ཕྱེས་ནས་བཞག་ཡོད་པའི་འབར་སླ་བའི་དངོས་རྫས་ལ་རེག་མི་རུང་།

༧འཕྲུལ་རྟ་དང་རྟ་ལ་ཞོན་མི་རུང་ལ།ཡིན་ཡང་རླངས་འཁོར་ལ་མཚོན་ན་ཐོག་གི་ཉེན་ཁར་གཡོལ་བྱེད་བཟང་ཤོས་ཡིན་པ་དང་།དེ་ནི་འགོག་སྲུང་གི་ནུས་པ་ཡོད་སྟབས་ཐོག་གིས་ཕོག་རུང་། མི་ལ་གནོད་སྐྱོན་ཐེབས་མི་སྲིད་པ་རེད།

༨གཅིག་པུར་ཆགས་པའི་སྡོད་ཁང་དང་སྡོང་ཆེན་གྱི་འོག་དུ་ཆར་ལ་གཡོལ་མི་རུང་།ཡིན་ཡང་ཐབས་ཟད་དུས་སྡོང་བོ་ཡལ་ག་དང་སྨིད་གསུམ་གྱི་བར་ཐག་ཡོད་དགོས་ལ།དེ་མིན་ཙོག་པུར་སྡོད་དགོས།

༩ཆུ་ནང་དང་གཙང་འགྲམ་དུ་སྡོད་མི་རུང་།

༡༠དྲག་ཆར་འབབ་དུས་རྐང་རྗེན་དུ་འགྲོ་བ་དང་ཡང་ན་ཆར་བར་གཡོལ་ཚེ་ཐོག་གི་ཉེན་ཁ་ཐེབས་སྲིད་པས་། རྩེད་མོར་དགའ་བའི་བྱིས་དག་གིས་གང་མགྱོགས་སྒོས་ལྷམ་གྱོན་དགོས་ལ།ཡང་ན་རྐང་མཐིལ་དུ་འགྱིག་རྫས་སོགས་འཇོག་དགོས།

阅读 332
文章由 美篇工作版 编辑制作
投诉