斗撒.才文
收藏TA

需扫码在手机上打开
文章后点击更新提醒

མ་ཡུམ་དུས་ཆེན་བསུ།

创建于05-12 阅读461

ཨ་མ་ནི་རང་གཞན་ཀུན་གྱི་དཀོན་མཆོག་ཡིན།

                                          —— རྫ་དུང་ཟླ

ཨ་མ་ཁྱེད་ནི་ཁྲི་གདུགས་གསེར་ཉི་འདྲ།།

དྲོད་འཇམ་ཉི་མའི་འོད་ཟེར་བདག་ལ་འཕྲོ།།

ཚེ་སྲོག་ལུས་ཀྱི་ས་བོན་ཁྱེད་ཀྱི་བཏབ།།

དྲིན་ཆེན་མ་རྣམས་སྐུ་ཚེ་བརྟན་པར་སྨོན།།

ཨ་མ་ཁྱེད་ནི་སྦྲང་ཆར་སིལ་མ་འདྲ།།

དྭངས་གཙང་ཆབ་རྒྱུད་ནུས་ཤུགས་ལུས་ལ་འཕྲད།།

ལང་ཚོ་སྨྱུ་གུའི་ལོ་འདབ་ཁྱེད་ཀྱི་སྦྱིན།།

དྲིན་ཆེན་མ་རྣམས་སྐུ་ཚེ་བརྟན་པར་སྨོན།།

ཨ་མ་ཁྱེད་ནི་བཅུ་ཕྲག་རིག་གཞུང་འདྲ།།

བསླབ་བྱ་སྙིང་པོ་བདུད་རྩི་སེམས་ལ་འཐིམ།།

ཤེས་རབ་མ་འོངས་ལམ་སྟོན་ཁྱེད་ཀྱི་མཛད།།

དྲིན་ཆེན་མ་རྣམས་སྐུ་ཚེ་བརྟན་པར་སྨོན།།

ཨ་མ་ཁྱེད་ནི་ནོར་འཛིན་ས་གཞི་འདྲ།།

བྱམས་དང་བརྩེ་བའི་དཔང་ལས་བདེ་སྐྱིད་ཐོབ།།

ཁྱིམ་གཞིས་ལོངས་སྤྱོད་རྒྱུ་ནོར་ཁྱེད་ཀྱི་བསྩལ།།

དྲིན་ཆེན་མ་རྣམས་སྐུ་ཚེ་བརྟན་པར་སྨོན།།

ཨ་མ་ཞེས་པའི་མགོན་དང་སྐྱབས་ཀྱི་གནས།།

སྐྱེ་འགྲོ་སྲོག་ལྡན་རང་རང་བཀོད་པའི་མ།།

དོན་དང་དངོས་པོ་གནས་ལུགས་བརྗོད་པ་ན།།

དངོས་གྲུབ་ཡོད་ཚད་གནང་མཁན་དཀོན་མཆོག་འདིའོ།།

阅读 461
文章由 美篇工作版 编辑制作
投诉