ཁྱོད་ལ་སྒུག་པའི་ན་ཟུག།
ཁྲ་ལའི་རི་རྩེའི་དར་ལྕོག།
དྲན་པའི་མིག་ཆུ་ནག་པོ།།
ཁྲ་ཆུའི་རྒྱུན་ལ་འདྲེས་སོང་།།
རྒྱ་སེ་མེ་ཏོག་རློན་པོ།།
ཆུང་འདྲེས་ཞལ་ངོ་འདྲ་ལེ།།
ང་དང་ཁྱོད་ཀྱི་དུངས་བ།།
ཇ་དང་འོ་མ་འདྲ་ལེ།།
ལྷད་མེད་སེམས་གཏམ་གཉོམ་པོ། །
ཁྱོད་ཀྱིས་བརྗེད་ན་ཆོག་ཀྱང་། །
བཅོས་མིན་མིག་ཆུ་དྭངས་མོར། །
ཞེ་འདང་འདྲེས་པ་མ་བརྗེད། །
ཆུང་འདྲེས་ངེད་གཉིས་བརྩེ་བ། །
སྲ་བའི་བྲག་རི་ཡིན་ན། །
མི་ཁའི་རླུང་དམར་རྒོད་ཀྱང་། །
འཇིག་འགྲོ་བསམ་པ་མི་འདུག །
ཉི་འོད་འཇམ་པོའི་ཉི་ཐིགས།།
ཤིང་ལོའི་སྟེང་ལ་འཁོར་ཡོད།།
ཆུང་འདྲེས་བྱམས་པའི་འཛུམ་ཆུང་།།
ཡ་ཆུང་སེམས་སུ་འཁོར་ཡོད།།
རུ་སྡེ་ཁྲ་མོ་ཞིག་ན།།
བརྩེ་སེམས་འོ་ཆུ་འདྲེས་སའི།།
སྙིང་གཏམ་བྲོ་ཁ་སློང་སའི།།
སྙིང་གི་ཚེ་ཡ་གཅིག་ཡོད།།
ཚེ་གྲོགས་སྙིང་གི་བུ་མོར།།
ཚེ་ལ་བར་ཆད་མེད་ན།།
ལས་ཀྱི་དར་སྐུད་དམར་པོ།།
མི་ལྷོད་དམ་དུ་བརྒྱབ་ཆོག །
དམ་ཚིག་ཤེལ་གྱི་མེ་ལོང་།།
རང་རང་སེམས་ན་གསལ་ཡོད།།
རང་སེམས་སྲུང་བའི་བུ་མོ།།
གཏན་གྱི་འདུན་མར་བསུས་ཆོག །