འཇིག་རྟེན་རྨི་ལམ་རིང་མོ་ན་བརྒྱུད་པའི།
ཁྱོད་ཀྱི་ལུས་ཟུང་མྱུར་མོ།
ང་དང་ཁྱོད་ཀྱི་ཁ་ཐག་མི་རིང་ཞིང་།
ནར་སོན་པའི་ཁྲ་ཕྲུག་གཞོན་ནུ་དག
ཁ་ཐག་རིང་བའི་ཡུལ་གྲུ་ཞིག་ལ་ཁྱོད་དང་འགྲོགས་ནས་
འགྲོ་དགོས་པ།
བདེན་ནམ།
གལ་ཏེ།
མུན་ནག་གི་འཇིག་རྟེན་འདི་བརྒྱུད་ནས།
འོད་སྟོང་འབར་བའི་ཕ་ས་ཞིག་ནའང་།
ཁྱོད་ཀྱིས་ཐག་རིང་གི་སྒྲ་དེ་ལ་དུང་བའི།
ཁྲ་ཕྲུག་ཁྱུ་གཅིག་གིས།
དམ་འཛིན་བྱེད་བཞིན།
དུས་ཚོད།
ཤེས་རིག་གི་འོ་མ་དཀར་པོའི་བཞུར་རྒྱུན་ན་འཚོ་བའི་
ང་ཚོས་ཀྱང་།
མི་ཚེ་རླབས་རྒྱུན་ན་གནས་ཤིང་།
ཁྱོད་ཀྱི་ཡིད་ཆེས་ལ་མགོ་བོ་མ་སྒུར་ཞིང་།
སྙིང་སྟོབས་ཀྱི་མེ་ལྕེ་དགུང་དུ་འཕྱོ་བཞིན།
མདུན་དུ་བསྐྱོད་ཅིག
དུད་སར་ཚེ་དབང་ལྷ་དར་ནས།