དགེ་རྒན་ལ་བསྟོད་པ།
རྫ་དུང་ཟླ
རིག་པ་གོམས་པར་བྱེད་པའི་རྒན་ལ། །
ཤེས་བྱ་རིག་པའི་རྣམ་དཔྱོད་ལྡན་ཡོད། །
དཀའ་སྡུག་རླབས་རྩེར་སྤོབས་པས་འགྲེང་ཡོད། །
སློབ་བུ་སྐྱོང་བའི་བྱེད་པོ་མཆོག་ཡིན། །
བྱམས་བརྩེ་དྲོན་མོའི་ཉིན་བྱེད་ཤར་ནས། །
ལེགས་བཤད་སྦྲང་ཆར་ཟམ་ཟིམ་འཇོ་བྱུང་། །
བློ་དམན་བདག་ཡིད་ཞིང་ས་བྲན་ནས། །
སྣ་ཚོགས་ཤེས་བྱའི་མྱུ་གུ་འབུས་སོང་། །
འབྱམས་ཀླས་མཁའ་ལ་འགྲན་པའི་ཐུགས་ངོར། །
ཐམས་ཅད་ཤེས་བྱ་རྒྱུ་སྐར་ལྟར་བཀྲ། །
བྱམས་དང་བརྩེ་བའི་ཐུགས་རྒྱུད་ཡངས་མོ། །
ཉི་འོད་ཇི་བཞིན་ས་གཞིར་ཁྱབ་སོང་། །
དུས་རབས་སྲས་མོ་ཁབ་ཏུ་བཞེས་ཏེ། །
བློ་དམན་བདག་སོགས་བུ་བཞིན་བསྐྱངས་ཤིང་། །
ཤེས་བྱའི་རྒྱགས་བྲོ་རུམ་ལ་བཅུག་ནས། །
ཚན་རྩལ་རིག་པའི་ལམ་དུ་མངགས་བྱུང་། །
ལྷུག་རྩོམ་འཕྱོར་གོས་ལུས་ལ་སྤྲས་ཡོད། །
སྙན་རྩོམ་རིན་ཆེན་མགུལ་ལ་སྒྲོན་ཡོད། །
དབྱིན་ཡིག་སྤྱན་ཤེལ་གདོང་ལ་མནབས་ཡོད། །
ཁྲ་འདབས་ན་མཉམ་ཡིད་སྨོན་ཤོར་སོང་། །
འཕགས་བོད་སྔོན་བྱུང་ལོ་པཎ་རྣམས་ཀྱི། །
གཞུང་ཆེན་པོ་ཏི་རྒྱ་མཚོའི་ཀློང་ལ། །
བརྩོན་པའི་གྲུ་གཟིངས་རྟག་ཏུ་འཇུག་པས། །
ཤེས་རིག་ནོར་བུའི་གླིང་ལ་སླེབས་སོང་། །
《献给您的诗》
您是民族教育的摇篮
孕育出民族生命的色彩
您是大雪纷飞中的火种
燃起清校师生沸腾的血液
是生命无畏于严寒的精神
是信仰永高于生命的师德
您泛黑沧桑的脸颊中
是对教育的期盼和操劳
繁星璀璨的高原
总听到狂风肆虐的悲凉
而这悲凉怎抵过您独生一人的背影
与晨曦一起驻足在这片雪地
与黄昏一起屹立在这片故土
是桑博扎把抒写文明的笔给了您
是一辈辈牧民把希望寄托与您
是您用希翼满载梦想的果实
让一个个学子飞过了查拉山
最后,高原终将被江河覆盖
繁星终将被太阳吹散
孩子终将成为这个民族的支柱
而您永远是查拉山顶最耀眼的光芒
民族教育的先驱者
牧区教育的守望者
——仓央·江永