ཡིག་གཟུགས་ཀྱིས་བློ་སེམས་སྐྱོང་།  སྣག་སྣུམ་གྱིིས་སློབ་རར་ཁྱབ།

<石邓中藏文教研组>
创建于05-01
阅读 1814
收藏TA

需扫码在手机上打开
文章后点击更新提醒

   སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་བོད་གངས་ཅན་ལྗོངས་ཀྱི་སྤྱི་ནོར་ཡིག་གཟུགས་ཡིད་བཞིན་ནོར་བུའི་དུས་ཆེན་ཏེ། སྤྱི་ཟླ་བཞི་པ་ཞེས་པའི་བཞི་ནི་བོད་ཀྱི་ཡི་གེ་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡོད་པ་ལས་དབྱངས་བཞི་མཚོན་ཞིང་། སྤྱི་ཚེས་སུམ་ཅུ་ཞེས་པའི་སུམ་ཅུ་ནི་བོད་ཀྱི་གསལ་བྱེད་སུམ་ཅུ་མཚོན། ཉིན་འདིའི་ནང་ལ་རྒྱལ་ཡོངས་བོད་མི་བྲིས་མཁན་དག་གིས་རང་གི་སྨྱུག་རྩལ་དང་བསྟུན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མིག་གི་དགའ་སྟོན་གང་མང་ཞིག་ཕྱོགས་སོ་སོར་སྤེལ་བཞིན་ཡོད།  དེ་ནས་ངེད་སློབ་གྲྭའི་སྐབས་བརྒྱད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་བྱེད་སྒོ་སྤེལ། བོད་ཀྱི་ཡིག་གཟུགས་སྔར་ནས་བཟུང་སྟེ་མཐོང་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་བོད་ཀྱི་ཡི་གེ་ནི་ཧ་ཅང་བླ་ན་མེད་པ་ཞིག་དང་མི་རིགས་ཤིག་གི་ རྩ་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་ཚང་མས་ཡིག་གཟུགས་སྦྱོང་བརྡར་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ལ་མུ་མཐུད་ནས་སྔར་ལས་དར་རྒྱས་ཡོང་བའི་རེ་བ་སྨོན།

     

བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།།

མཚུངས་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།།

སཱ་ལའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།།

སློབ་དཔོན་ཐོན་མི་མཆོག་ལ་གུས་པས་འདུད།།

བྱེད་སྒོ་སྤེལ་བའི་ཉིན་དེར།  གནམ་གཤིས་བཟང་ལ་ཉི་མའི་འོད་ཟེར་ས་གཞིའི་གྲུ་ཟུར་རུ་འཕྲོས་ནས་ཡིག་གཟུགས་སྒྱུ་རྩལ་གྱི་གསོལ་སྟོན་དེར་དྲོ་སྐྱིད་དང་གཟི་བརྗིད་ལྡན་པར་བྱས། སློབ་མ་ཚོའི་ལུས་ལ་བོད་ལྭ་གྱོན་ཞིང་གདོང་ལ་ལང་ཚོའི་སྤྲོ་སེམས་ངང་ནས་འགྲན་བསྡུར་རུ་ཞུགས།

00:21

དགེ་རྒན་དཔལ་ཆེན་ཚེ་རིང་གི་བཅར་འདྲི་ལས་བོད་ཀྱི་ཡིག་གཟུགས་ལ་དགའ་ཞེན་དང་རྒྱབ་སྐྱོར་གནང་མཁན་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། 

      འགྲན་བསྡུར་དུ།  དཔྱད་འདེམས་དགེ་རྒན་དག་གི་སྤྱན་སྔར་བསྟར་མཐར་སློབ་མ་བཅུ་དྲུག་ལ་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་གྱི་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཅས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། བྲིས་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་འདི་འདྲ་ཞིག་སྤེལ་བས་སློབ་མའི་བྲིས་གཟུགས་ཀྱི་ཆུ་ཚད་མཐོར་འདེགས་བཏང་བ་དང་བྲིས་གཟུགས་ལ་དགའ་བའི་ནུས་པ་སྐྱེད་སྲིང་བྱེད་ཐུབ་ཡོད་པར་མ་ཟད། མེས་རྒྱལ་དང་མི་རིགས་ཀྱི་རིག་གནས་ལ་དུང་ཞེན་གྱི་འདུ་ཤེས་སྔར་ལས་ཟབ།

00:12

དགེ་རྒན་མགོན་པོ་རྡོ་རྗེའི་བཅར་འདྲི་ལས་བོད་ཀྱི་ཡིག་གཟུགས་འབྲི་ཤེས་པ་ཁོ་ན་ཙམ་མ་ཡིན་པར་སྒྱུ་རྩལ་དང་བརྩེ་དུང་མཚོན་བྱེད་ཀྱང་ཡིན་ཞེས་བཤད། བོད་ཀྱི་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚང་མས་རང་ཉིད་ཀྱི་འཆར་སྣང་རྙེད་ནས་སྨྱུག་སྣག་ཐོག་ནས་རང་ཉིད་ལ་དབང་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་འབྲི་རྒྱུའི་སྨོན་འདུན་ཡོད།

 

སློབ་གྲྭའི་འགོ་ཁྲིད་ཚོས་དངོས་སུ་བྱ་དགའ་ཐོབ་པའི་སློབ་མ་ཚོར་བྱ་དགའི་དགའ་རྟགས་སྤྲད་དེ་ཁོང་ཚོར་མུ་མཐུད་དུ་ཡིག་གཟུགས་ལ་འབད་བརྩོན་བྱས་དགོས་ཚུལ་ཀྱི་སྐུལ་སློང་དང་སློབ་གསོ་གཏོང་།

00:11

དགེ་རྒན་བཀྲ་ཤིས་ཀྱིས་བཅར་འདྲི་ལས་དེ་རིང་ནི་དམིགས་བསལ་གྱི་ཉིན་མོ་ཡིན་པས། ང་ཚོ་ཚང་མས་བོད་ཀྱི་ཤུལ་བཞག་རིག་གནས་དེར་གཅེས་འཛིན་དང་རྒྱུན་འཛིན་བྱས་ནས་བོད་ཀྱི་ཡིག་གཟུགས་འཛམ་གླིང་ས་ཕྱོགས་ཀུན་ཏུ་སྔར་བས་མཛེས་སྡུག་དང་གཟི་བརྗིད་མངོན་རྒྱུའི་རེ་བ་ཡོད་ཅེས་བརྗོད།

སློབ་གཙོ་ཐང་མིང་གིས་ཤིས་ཚིག་ལས།

གུས་པ་འོས་པའི་སྐུ་མགྲོན་དང་།སྙིང་ཉེ་བའི་དགེ་སློབ་རྣམ་པ་དགོང་མོ་བདེ་ལེགས། དེ་རིང་ང་ཚོ་སྐལ་བ་བཟང་པའི་དགོང་མོ་འདིར་རུ་འཛོམས་ནས་རྒྱལ་ཡོངས་ཀྱི་བོད་ཀྱི་ཡིག་གཟུགས་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་པར་རྟེན་འབྲེལ་ཞུ་བ། དང་ཐོག་ངས་སློབ་གྲྭའི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཀྱི་སློབ་མ་དང་བོད་སྐད་ཡིག་དགེ་རྒན་ཀུན་ལ་སྙིང་ཐག་པ་ནས་དཀའ་དྲིན་དང་རྟེན་འབྲེལ་ཞུ། བོད་ཀྱི་ཡིག་གཟུགས་བྱ་གཞག་ལ་འབད་བརྩོན་བྱེད་མཁན་དགེ་སློབ་ཚོར་བླ་ན་མེད་པའི་གུས་འདུད་ཞུ། 

བོད་ཀྱི་ཡིག་གཟུགས་ནི་ང་ཚོའི་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་པའི་ངོས་ནས་བརྗོད་ན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རི་མོ་དང་རིག་གནས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། དེའི་མི་རིགས་ཀྱི་སྟོབས་ཤུགས་མཚོན་ལ་མི་རིགས་ཀྱི་བཞིན་ཡོད། དེ་རིང་དམིགས་བསལ་གྱི་ཉིན་མོ་འདིར་ང་ཚོས་བོད་ཀྱི་ཡིག་གཟུགས་གལ་ཆེའི་རང་བཞིན་ནན་བཤད་བྱས་ཏེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། མཇུག་ཏུ་ངས་སླར་ཡང་རང་རེའི་སློབ་གྲྭའི་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་མཛད་སྒོ་ལེགས་འགྲུབ་ཡོང་བའི་རེ་བ་དང་ལྷན་དུ་དགེ་སློབ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། 

00:07

སློབ་མས་བཅར་འདྲི་ལས་དགེ་རྒན་ཚོས་སྔ་ཕྱི་བར་གསུམ་དུ་ང་ཚོར་འཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ང་ཚོར་བོད་ཀྱི་ཡིག་གཟུགས་དང་འབྲེལ་བ་ཡོད་ཤེས་བྱ་མང་པོ་བསླབས་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ཞེས་གསུངས་པ་རེད། བོད་ཀྱི་ཡིག་གཟུགས་ཉིན་མོ་འདིར་ངེད་དགེ་སློབ་རྣམས་སྐུ་ལུས་བདེ་ཐང་དང་བྱ་བ་བདེ་བླག་ངང་ཡོང་བའི་སྨོན་འདུན་ཞུ།

ད་ཐེངས་སློབ་མའི་ཡིག་གཟུགས་འགྲན་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཁྲོད་དུ་ སློབ་བུ་ཡོངས་ལ་གྲུབ་འབྲས་གཡུར་ཟ་འཐོབ་པའི་རེ་བ་དང་། ད་དུང་རང་རེའི་སློབ་གྲྭའི་དགེ་སློབ་ཚོར་འཐོབ་དཀའ་བའི་སྒྱུ་རྩལ་གྱི་གསོལ་སྟོན་ཞིག་མཁོ་འདོན་བྱས་པ་མ་ཟད། ད་དུང་སློབ་མ་ཚོས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དགའ་ཞེན་དང་རིག་གནས་དར་སྤེལ་གཏོང་བའི་ཕུགས་འདུན་དགོས།

00:05

སློབ་མའི་བཅར་འདྲི་ལས་ཚང་མ་སྔ་དྲོ་བདེ་ལེགས། དེ་རིང་ངེད་སློབ་གྲྭས་སྐབས་བརྒྱད་་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བར་རྟེན་འབྲེལ་ཞུ།

阅读 1814
文章由 美篇工作版 编辑制作
投诉