ང་ཚོས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།

婧愠允儿也就是那样 💎
创建于2024-04-30
阅读 327
收藏TA

需扫码在手机上打开
文章后点击更新提醒

    ཡིག་གཟུགས་དུས་ཆེན་གྱི་བྱ་འགུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ།  མིའི་རིགས་ཀྱི་བསམ་བློའི་རིག་གནས་འཛུགས་སྐྲུན་དང་གསར་གཏོད། མི་རིགས་ཕན་ཚུན་བར་སློབ་སྦྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

删除 删除

   ང་ཚོས་སྤྲོ་སེམས་ཁོལ་བའི་ངང་༢༠༢༤ལོའི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བ་དང་། རང་སློབ་གྲྭའི་དགེ་སློབ་ཚོའི་ཡིག་གཟུགས་ཀྱི་འབྲི་རྩལ་མཐོར་འདེགས་གཏོང་རྒྱུ་བཅས་དམིགས་ཡུལ་དུ་བཟུང་ནས་ཐེངས་འདིར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཕྱག་ལས་གནང་བཞིན་པའི་ཡིག་གཟུགས་ཆེད་མཁས་དགེ་རྒན་བཞི་ངེད་སློབ་གྲྭར་གདན་ཞུ་བྱས་ནས་ཁོ་ཚོའི་ཡིག་གཟུགས་བརྩམས་ཆོས་བརྒྱད་ཅུ་ལྷག་དང་རང་སློབ་གྲྭའི་སུག་བྲིས་ལེགས་པོའི་དགེ་རྒན་དང་སློབ་མ་སྐོར་ཞིག་གི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་། བྲིས་ལེགས་པའི་དགེ་སློབ་སུམ་ཅུ་ལྷག་ལ་བྱ་དགའ་གནང་རྗེས་དེ་དག་གིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་སྦྱོང་གི་དཔེ་སྟོན་བྱས་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་བསུ་བའི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

删除 删除
删除 删除

   དེ་ཡང་ཨ་ལ་ཤ་ངག་དབང་བསྟན་དར་གྱིས། རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།། ཞེས་གསུངས་པ་ནང་བཞིན། ང་ཚོ་དགེ་སློབ་ཡོངས་ཀྱིས་དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་ཡིག་གཟུགས་ལ་སྦྱོང་བ་དང་ཡིག་གཟུགས་ལེགས་པོ་ཞིག་འབྲི་བར་དང་དོད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

删除 删除
阅读 327
文章由 美篇工作版 编辑制作
投诉