སློབ་དཔྱོད་ཀྱི་མཛེས་སྡུག་གིས་མཉམ་དུ་སློབ་ཁྲིད་ཀྱི་རྨི་ལམ་བསྐྲུན།

@阿索&
创建于04-03
阅读 1393
收藏TA

需扫码在手机上打开
文章后点击更新提醒

རང་རེའི་སློབ་གྲྭའི་བོད་སྐད་ཡིག་ཚན་ཁག་གི་དགེ་རྒན་ཡོངས་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་དང་དགེ་རྒན་གྱིས་སློབ་དེབ་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་བཏང་ནས་སློབ་ཁྲིད་ཀྱི་འདུ་ཤེས་གསར་པ་དོན་ཐོག་ཏུ་འཁྱོལ་བ་བྱ་ཆེད་ཟླ༤བའི་ཚེས༣ཉིན་གྱི་ཞོགས་པར།དགེན་ཐུབ་བསྟན་སྒྲོལ་མ་ལགས་ཀྱིས་ལོ་རིམ་དང་པོར་བོད་སྐད་ཡིག་གི་ཡོངས་བསྒྲགས་སློབ་ཁྲིད་ཀྱི་ཞིབ་བསྡུར་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་ཡོངས་བསྒྲགས་སློབ་ཚན༼ནར་སོན་རྗེས༽ཞེས་པའི་སློབ་ཁྲིད་ཀྱི་གོ་རིམ་ཞིབ་ཚགས་ལྡན་ལ།གཙོ་གནད་དང་དཀའ་གནད་འབུར་དུ་ཐོན་པ་མ་ཟད།ཐུན་མོང་མ་ཡིན་པའི་སློབ་ཁྲིད་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད།

སློབ་ཐུན་གྲོལ་རྗེས།ངེད་ཚན་ཁག་གི་དགེ་རྒན་ཡོངས་ཀྱིས་དགེན་ཐུབ་བསྟན་སྒྲོལ་མ་ལགས་ཀྱི་སློབ་ཁྲིད་ལ་གཟབ་ནན་གྱིས་སྒོ་ནས་དཔྱད་བརྗོད་གནང་།ཡོངས་བསྒྲགས་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་དེས་དགེ་རྒན་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཉམས་མྱོང་བསྡུ་ལེན་ལ་ཕན་འབྲས་ཆེན་པོ་ཐོབ།

阅读 1393
文章由 美篇工作版 编辑制作
投诉