.泽库县东格尔幼儿园.
收藏TA

需扫码在手机上打开
文章后点击更新提醒

དུང་དཀར་བྱིས་སྐྱོང་ཁང་གི་སློབ་རའི་བརྙས་བཅོས་འགོག་སྲུང་སྐོར་གྱི་བདེ་འཇགས་ཁྱབ་བསྒྲགས་སློབ་གསོ།

创建于03-25 阅读259

  ཉེ་ལམ་ལོ་ཆུང་བྱིས་པར་སློབ་གྲྭའི་ནང་བརྙས་བཅོས་ཕོག་པའི་སྣང་ཚུལ་ཡང་ཡང་ཐོན་གྱིན་ཡོད་པ་དེས་ང་ཚོར་ཉེན་བརྡ་བཏང་བས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད། བྱིས་པའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་ཁོ་ཚོར་ཛ་དྲག་ཆེ་བའི་དུས་སུ་རང་ཉིད་སྲུང་སྐྱོང་དང་རང་ཉིད་འགོག་སྲུང་ཇི་ལྟར་བྱེད་དགོས་པ་ཤེས་སུ་འཇུག་པ་དང་དུས་མཚུངས་སུ་སྤྱི་ཚོགས་དང་སློབ་གྲྭ། ཁྱིམ་བདག་བཅས་ཀྱིས་བྱིས་པའི་བརྙས་བཅོས་སྔོན་འགོག་གི་བདེ་འཇགས་སློབ་གསོར་དོ་སྣང་ཆེན་པོ་བྱས་ནས་བྱིས་པའི་མི་ལུས་བདེ་འཇགས་དང་བདེ་ཐང་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་དྲན་སྐུལ་ཡང་བྱས་ཡོད། བརྙས་བཅོས་སྔོན་འགོག་བྱེད་པར་སློབ་གྲྭ་དང་ཁྱིམ་ཚང་གིས་ཐུན་མོང་ཐོག་སློབ་གསོ་བཏང་སྟེ་བྱིས་པར་རང་སྲུང་གི་འདུ་ཤེས་འཛུགས་པ་དང་རང་སྲུང་གི་ནུས་པ་གསོ་སྐྱོང་བྱེད་སྟངས་བསླབས་ནས་སྣང་ཚུལ་དེ་རིགས་ཐོན་རྒྱུ་གཏན་འགོག་བྱེད་དགོས།


  བྱིས་པ་ནི་མེ་ཏོག་དང་འདྲ་བར་མཛེས་སྡུག་ལྡན་ལ་ཉམས་ཞན་ཡང་ཡིན་པས་ང་ཚོས་བྱིས་པའི་འཇིག་རྟེན་ལ་དགའ་སྤྲོ་དང་བདེ་སྐྱིད་ལྡན་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་དུས་ཚོད་24ལ་བྱིས་པའི་འགྲམ་ནས་སྲུང་སྐྱོབ་བྱེད་མི་ཐུབ་པས་བྱིས་པར་རང་ཉིད་ལ་སྲུང་སྐྱོབ་བྱེད་ཤེས་སུ་འཇུག་རྒྱུ་ནི་ཧ་ཅང་གནད་འགག་ཡིན། ཁྱིམ་བདག་ཚོས་བྱིས་པར་བདེ་འཇགས་སློབ་གསོ་ཡག་པོ་བརྒྱབ་ནས་སློབ་གྲྭའི་ནང་གི་བརྙས་བཅོས་སྔོན་འགོག་དང་རང་ཉིད་ལ་སྲུང་སྐྱོང་བྱེད་དུ་བཅུག་སྟེ་དཔའ་ངར་ཆེན་པོས་"མིན་"ཞེས་ཤོད་དུ་འཇུག་དགོས།

  སློབ་རའི་བརྙས་བཅོས་ཞེས་པ་ནི་སློབ་གྲོགས་བར་གྱི་ཕྱོགས་གཅིག(ཁེར་རྐྱང་ངམ་ཚོགས་པ)གིས་ཡན་ལག་དང་སྐད་ཆ།་དྲ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བརྙས་བཅོས་དང་བརྙས་བཅོས་ཐེངས་གཅིག་གམ་ཐེངས་མང་བྱས་ཏེ་ཕྱོགས་གཞན་ཞིག(ཁེར་རྐྱང་ངམ་ཚོགས་པ)གི་ལུས་ཁམས་ལ་གནོད་འཚེ་དང་། རྒྱུ་ནོར་ལ་གྱོང་གུན་ཕོག་པའམ་བསམ་པར་གནོད་འཚེ་ཕོག་པ་སོགས་ཀྱི་དོན་རྐྱེན་ལ་ཟེར།

སློབ་རའི་བརྙས་བཅོས་ཀྱི་བྱ་སྤྱོད་གཙོ་བོ།

1. དྲག་ཤུགས་ཀྱི་བྱ་སྤྱོད།

དཔེར་ན། རྡོག་ཐོ་རྒྱག་པ་དང་གཅར་རྡུང་བྱེད་པ།

 2. སྐད་ཆའི་བརྙས་བཅོས།

དཔེར་ན། མི་ལ་མཚང་མིང་དང་ཟུར་ཟ། གཤེ་གཤེ་གཏོང་བ།

3. སེམས་ཁམས་ཀྱི་བརྙས་བཅོས།

དཔེར་ན། སྣེ་ཁྲིད་ནས་མི་གཞན་ཁེར་རྐྱང་དུ་འཇོག་པ་དང་གྲོགས་པོ་ཆུང་ཆུང་ཁོ་དང་མཉམ་དུ་རྩེ་རུ་མི་འཇུག་པ།

  རང་ཉིད་ལ་སྲུང་སྐྱོབ་བྱེད་སྟངས།

    བྱིས་སྐྱོང་ཁང་དུ་གྲོགས་པོའི་བར་དུ་མཛའ་མཐུན་མཉམ་གནས་བྱེད་དགོས། གཞན་གྱིས་རང་ཉིད་ལ་བརྙས་བཅོས་བྱེད་སྐབས་ངེས་པར་དུ་དཔའ་ངར་ཆེན་པོས་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་པ་དང་མཛའ་མཐུན་མེད་པའི་བྱ་སྤྱོད་ལ་དཔའ་ངར་ཆེན་པོས"མིན"་ཞེས་ཤོད་དགོས། དགོས་ངེས་ཀྱི་སྐབས་སུ་དུས་ཐོག་ཏུ་དགེ་རྒན་དང་ཁྱིམ་བདག་ལ་རང་ཉིད་ཀྱི་བསམ་ཚུལ་བཤད་ནས་ཁོ་ཚོའི་རོགས་རམ་འཚོལ་དགོས། ཁྱོད་ཀྱི་གྲོགས་པོར་བརྙས་བཅོས་བྱེད་པའི་སྐབས་སུ།ཁྱོད་ཀྱིས་ཀྱང་སྐད་མཐོན་པོས་རང་ཉིད་ཀྱི་ཚོར་བ་བཤད་དགོས་ལ་རང་ཉིད་ཀྱི་བློ་གྲོས་ཀྱིས་རང་ཉིད་དང་གྲོགས་པོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

  ང་ཚོས་རྒྱ་ཆེའི་ཁྱིམ་བདག་དང་བྱིས་པ་ཚོར་སློབ་གྲྭའི་བརྙས་བཅོས་ལ་གཏན་

འགོག་བྱེད་པའི་བྱེད་ཐབས་ཤེས་རྟོགས་བྱས་ཏེ་རང་ཉིད་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་འབོད་སྐུལ་བྱས་པ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་བྱིས་པ་རྣམས་ལ་བདེ་འཇགས་དང་སྤྲོ་སྣང་ལྡན་ལ་དོན་སྙིང་ལྡན་པའི་བྱིས་དུས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

阅读 259
文章由 美篇工作版 编辑制作
投诉