སློབ་ཁྲིད་ལ་བརྟེན་ནས་མཉམ་དུ་མདུན་བསྐྱོད་བྱེད།

ཐུབ་སྒྲོན།
创建于03-19
阅读 1792
收藏TA

需扫码在手机上打开
文章后点击更新提醒

ཟླ་3ཚེས་19ཉིན་དབུ་སྟོད་མ་ཤང་ལྟེ་བའི་སློབ་གྲྭའི་བོད་ཡིག་ཚན་ཁག་གིས་བོད་ཡིག་དགེ་རྒན་ཡོངས་སྒྲིག་འཛུགས་བྱས་ནས་བོད་ཡིག་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་རེད། 

ཐེངས་འདིའི་བྱ་འགུལ་ཁྲོད་དུ་དགེ་རྒན་ཐུབ་བསྟན་སྒྲོལ་མའི་ལོ་རིམ་དང་པོར་བོད་ཡིག་གི་༼རིགས་མཐུན་ཐ་སྙད༢༽དཔེ་སྟོན་སློབ་ཁྲིད་བྱས། 

སློབ་ཚན་གྲོལ་རྗེས་བོད་ཡིག་ཚན་ཁག་གིས་དགེ་རྒན་ཚང་མར་རང་ངོས་ཀྱི་སློབ་ཁྲིད་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ད་ཐེངས་ཀྱི་དཔེ་སྟོན་སློབ་ཚན་གྱི་གནས་ཚུལ་ལ་དཔྱད་བསྡུར་བྱས་པ་དང་དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱས་ནས་གནད་དོན་དང་མི་འདང་སར་བསམ་གཞིག་བྱས་པ་དང་འབྲེལ་སློབ་གྲྭ་ཁག་གི་དོན་དངོས་སློབ་ཁྲིད་དང་ཟུང་འབྲེལ་བྱས་ཏེ་བཀོལ་སྤྱོད་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་བོད་ཡིག་སློབ་ཞིབ་ཀྱི་ནང་དོན་རྒྱ་ཆེར་བཏང་བ་རེད། 

བོད་ཡིག་ཚན་ཁག་གི་སློབ་ཁྲིད་ཞིབ་འཇུག་བྱེད་སྒོ་སྤེལ་བ་དེས་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་པ་དང་བོད་ཡིག་དགེ་རྒན་ཚོས་བསམ་གཞིགས་དང་བློ་གྲོས་ཀྱི་གདོང་གཏུག་ཁྲོད་སློབ་ཁྲིད་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་དཔེ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

བོད་ཡིག་དགེ་རྒན་གྱིས་སློབ་ཁྲིད་ཞིབ་འཇུག་གི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་ཁྲིད་བྱེད་པའི་ཉམས་མྱོང་བསགས་པ་དང་འབྲེལ་ཡོད་ཀྱི་སློབ་གསོའི་རིགས་པའི་གཞུང་ལུགས་ཤེས་པས་ཕན་པ་ཆེན་པོར་ཐོབ་པ་རེད།

阅读 1792
文章由 美篇工作版 编辑制作
投诉