རྒྱལ་སྤྱིའི་བུད་མེད་དུས་ཆེན།

གསར་འགྱུར་མདོར་བསྡུས།

སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨི་ཡོན་ལྷན་ཁང་།     ༢༠༢༤ལོ་ཟླ་༣ཚེས་༨ཉིན།


    སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་དང་བསྟུན་ནས་ཁྱིམ་ཚང་གི་སློབ་གསོ་ནི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་འགག་གི་གྲས་ཤིག་ཡིན།    སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨི་ལྷན་གྱིས་ཁྱིམ་ཚང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་ནས་ཁྱིམ་ཚང་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་།ཁྱིམ་བདག་ཚོའི་སློབ་གསོའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ།   ཁྱིམ་ཚང་གི་སློབ་གསོ་དེ་ཨེ་ཙེའི་ནད་དང་འགོ་ནད་སོགས་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་པའི་ཁྲོད་ནུས་པ་གལ་ཆེན་ཐོན་གྱི་ཡོད།     དེའི་ཕྱིར་བུད་མེད་ཀྱིས་ཨེ་ཙི་ནད་དང་འགོས་ནད་སོགས་ནད་རིགས་སྣ་ཚོགས་ལ་རྒྱུས་ལོན་གང་ལེགས་བྱེད་དགོས་པ་མ་ཟད།དེ་རིང་བཤད་པ་ཚང་མ་སེམས་སུ་འཇོག་དགོས།   ཁྱིམ་ཚང་གི་སློབ་གསོ་ནི་ཤེས་བྱ་ཙམ་མ་ཡིན་པར་ཡང་དག་པའི་རིན་ཐང་ལྟ་བ་དང་བྱ་སྤྱོད་ཀྱི་ཚད་གཞི་ཡང་ཡོད།

   སྟོད་ཚེ་ཞང་སྟག་སེང་སྡེ་བས་རྫོང་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཚོགས་པ་ཡིན་ནོ།

    ཚོགས་འདུའི་ཐོག་གཅིག་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས།   རྫོང་ཡོངས་ཀྱི་   “ཚོགས་ཆེན་གཉིས་” ཀྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། 

  

   གཉིས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།       རྫོང་གི“ཚོགས་འདུ་གཉིས”ཀྱི་ཐོག་བཏོན་པའི་དམིཊ་ཚད་ལས་འགན་དང་ལས་ཀའི་བླང་བྱ་དང་ཞིབ་བསྡུར་བྱས་ནས་སྟག་སེང་སྡེ་བ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བསམ་ཕྱོགས་དང་།ལས་ཀའི་དམིཊ་ཚད།   དེ་བཞིན་ལས་ཀའི་གཙོ་གནད་བཅས་སྔར་བས་ཁ་གསལ་བཟོས་ནས་རྫོང་གི“ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་གྲུབ་འབྲས་དེ་ལས་སྤུས་མཐོ་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་སུ་ཏན་ཏིག་བསྒྱུར་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་།གྲོང་གསེབ་དར་རྒྱས།མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིགཐོན་ལས་འཕེལ་རྒྱས།

      གསུམ་ནས་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་གཏོང་དགོས།  སྟག་སེངསྡེ་བ་ཡོངས་ཀྱི་གོང་འོག་ཚང་མས“མིག་མངས་འགྲིག་སྐོར་གཅིག” གི་བསམ་བློ་བརྟན་པོ་བཙུགས་ནས་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་སྟེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། བསམ་ཕྱོགས་ཇུས་འགོད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་བསྒྱུར་ནས་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་སླད་ཕྱིན་གྱི་ལས་དོན་ཁག་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་གསུངས་པ་རེད།

སྟག་སེང་སྡེ་བའི་བུད་མེད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད།ཁོང་ཚོས་སྤྲོ་སྣང་ལྡན་ལ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་གི་ཡོད། ཟླ་༣ཚེས་༨ཉིན།སྟོད་ཚེ་ཞང་སྟག་སེང་སྡེ་བ་ཡིས“གསུམ་བརྒྱད་བུད་མེད་”དུས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད།

འདས་ཟིན་པའི་ལོ་གཅིག་ནང་གྲོང་ཚོར་ལེགས་སྐྱེས་ཧུར་ཐག་ཕུལ་མཁན་བུད་མེད་བློ་མཐུན་ལ་གཟེངས་བསྟོད་བྱས་པ་མ་ཟད།      ཁོང་ཚོར་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ལག་ཁྱེར་དང་ལག་རྟགས་ཀྱང་སྤྲད་པ་རེད།

གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་བཟང་གིས་མཚན་སྙན་ལ་གཅེས་སྤྲས་དང་། འབད་པ་ཡར་བརྩོན། བྱས་རྗེས་བསྐྱར་འཇོགབྱས་རྗེས་གསར་པ་འཇོག་པ་བཅས་བྱ་རྒྱུའི་རེ་བ་ཡོད། སྡེ་བ་དེ་་བུད་མེད་ཚོས་སྔོན་ཐོན་དཔེ་མཚོན་མིག་དཔེར་བྱས་ཏེ་སྔོན་ཐོན་རྩེ་གྲ་གཏོད་པ་དང་། སྟག་སེང་སྡེ་བ་དར་སྲོལ་གསར་པ་གཏོད་པ།   དུས་རབས་གསར་པའི་བུད་མེད་ཅིག་བྱེད་པ་བཅས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


  དེ་རྗེས་རིག་རྩལ་གྱི་གླུ་གར་འཁྲབ་སྟོན་རབ་དང་རིམ་པ་བྱས་པས་བྱེད་སྒོ་དེ་འཁྲུག་ཆ་དོད་ལ་སྤྲོ་སྣང་ལྡན་པ་ཞིག་བྱུང་ནས་རྒྱ་ཆེའི་གྲོང་གསེབ་ཀྱི་བུད་མེད་ཚོར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

 བྱེད་སྒོ་སྤེལ་བ་དེས་གྲོང་གསེབ་ཀྱི་བུད་མེད་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་དང་།གྲོང་གསེབ་ཀྱི་བུད་མེད་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ།གྲོང་གསེབ་ཀྱི་བུད་མེད་ཀྱི་རིག་གནས་དགོས་མཁོ་སྐོང་ཐུབ་པ་བཅས་བྱས་ཡོད་ལ།     གྲོང་གསེབ་ཀྱི་བུད་མེད་ཚོར་ཧུར་བརྩོན་ཡར་སྐྱེད་དང་སྤྱོད་བཟང་གིས་ཁེངས་པའི་གྲོང་གསེབ་ཀྱི་རིག་གནས་རྣམ་པ་གསར་པ་ཞིག་བཏོད་ཡོད།ད་ཐེངས་ཀྱི་“གསུམ་བརྒྱད་བུད་མེད་”དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མང་ཚོགས་༢༠༠ལྷག་ཞུགས་ཡོད།

文章由 美篇工作版 编辑制作
投诉