“星火”课堂(第二期)

牧康查龙•星火吉庆
创建于03-08
阅读 820
收藏TA

需扫码在手机上打开
文章后点击更新提醒

  

རྒྱལ་ཁབ་ཀྱི་ཚད་གཞི《ཁྲག་དང་གཅིན་གཤེར་ཁྲོད་ཀྱི་ཁྲུན་ཁ་པ།    (乙醇)    ཁྲུན་ཀ་པ།     (甲醇)     ག་ཁྲུན་དངོས་མ།    (正丙醇)      ཐོན་ག་པ།    (丙酮)     ག་ཁྲུན་ཐ་དད    (异丙醇)    དང་ང་ཁྲུན་དངོས    (正丁醇)    བཅས་ལ་ཞིབ་བཤེར་བྱེད་པ》    (    GB/T 42430-2023)    དེ་ཟླ3པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཞིབ་བཤེར་གྱི་ཚད་གཞི་གསར་པ་ནི་ཁྲག་ནང་གི་ཁྲུན་ཁ་པའི་འདུས་ཚད་ལ་ཞིབ་བཤེར་བྱེད་པ་དཔེར་ན། ཆང་འཐུང་ནས་རླངས་འཁོར་བསྐོར་བ་ནི0.20mg/mLཡིན་པ་དང་། ཁ་ལོ་བའི་ཁྲག་ནང་གི་ཁྲུན་ཁ་པའི་འདུས་ཚད་ནི0.80mg/mLལས་མཐོ་བའམ་དེ་དང་མཚུངས་ན་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བའི་ཁོངས་སུ་གཏོགས། ཞིབ་བཤེར་གྱི་ཁྱབ་ཁོངས་ནི0.1mg/mL~3 mg/mLཡིན།

འཕྲལ་སྒྲུབ་དོ་དམ་པུས《ཐོན་སྐྱེད་བདེ་འཇགས་དོན་རྐྱེན་གྱི་དངུལ་ཆད་འགེལ་རྒྱུའི་གཏན་འབེབས》    པར་འགྲེམས་བྱས་ནས་ཟླ3པའི་ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 《གཏན་འབེབས》ནང་། དོན་རྐྱེན་གྱི་ཆད་གཅོད་དབང་ཆ་འཐུས་ཚང་དུ་བཏང་ནས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ་དོན་རྐྱེན་ཕལ་པ་དང་། དོན་རྐྱེན་ཅུང་ཚབས་ཆེན་རིགས་ཐོན་པ། དོན་རྐྱེན་ཚབས་ཆེན་ཐོན་པ། དོན་རྐྱེན་ཆེས་ཚབས་ཆེན་རིགས་ཐོན་པ་བཅས་ཀྱི་དངུལ་ཆད་ཀྱི་དངུལ་གྲངས་དེ་ལུགས་མཐུན་ངང་སྐས་རིམ་གསུམ་ལ་དབྱེ་བ་དང་། “སྙན་སེང་ཞུ་འགྱངས་དང་། ཆད་ལུས། རྫུན་ཞུ། གསང་ཐབས་བཅས་བྱེད་པའི”དོན་རྐྱེན་གྱི་དབྱེ་མཚམས་གསལ་པོ་བཟོ་རྒྱུ་ཡིན་པ་རེད།

阅读 820
文章由 美篇工作版 编辑制作
投诉