གསར་འགྱུར་མདོར་བསྡུས།
སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨི་ཡོན་ལྷན་ཁང། ༢༠༢༤ལོ་ཟླ་༣ཚེས་༡ཉིན།
སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨི་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པདཔལ་བོ་སྣེ་ཁྲིད་དེ། སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཀྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྟོད་ཚེ་ཞང་སྟག་སེང་རུ་ཁག་བཞི་པར་འཁྱག་པ་དཀོས་པ་་ལས་དོན་སྤེལ་གྱི་ཡོད། གནམ་གཤིས་གྲང་ངར་ཆེ་རུང་། ཚང་མས་སྤྲོ་སེམས་རབ་ཏུ་འཕེལ། ཚང་མས་གྲང་ངར་ལ་མི་སྐྲག་པ་དང་། མ་གྲོས་གཅིག་མཐུན་ངང་གཞོགས་འདེགས་བྱེད་པ། མ་སྐུལ་དང་ལེན་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་ངང་གངས་ཁྲོད་ཀྱི་གཙང་སྦྲ་བྱེད་པའི་བརྒྱུད་རིམ་ནང་བཏོན་ཡོད། མ་གཞི་དྲོད་ཚད་ཧ་ཅང་དམའ་པོ་ཡོད་མོད། འོན་ཀྱང་ཚང་མས་ངལ་རྩོལ་བྱེད་པའི‘སྤྲོ་སེམས་དང་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པས་དགུན་དུས་དེ་དྲོ་སྐྱིད་ཤིག་ཏུ་གྱུར་ཡོད།
ད་ཐེངས་འཁྱག་དཀོས་པའི་ལས་དོན་སྤེལ་ནས་སྟོད་ཚེ་ཞང་སྟག་སེང་སྡེ་བའི་ལས་དོན་མི་སྣ་དང་ཏང་ཡོན་གྱིས“མི་དམངས་ལ་ཞབས་འདེགས་ཞུ་བའི” དམིགས་ཡུལ་གང་ལེགས་མངོན་པ་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྡེ་བ་ཁོར་ཡུག་བཏོད་དེ་སྡེ་དམངས་བདེ་འཇགས་ངང་ཕྱིར་བསྐྱོད་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།