སྟོད་ཚེ་ཞང་སྟག་སེང་སྡེ་དམངས་ཨུ་ཡོན་ལྷུན་ཁང། ༢༠༢༤ལོའི་ཟླ་༢ཚེས་༥
སྡེ་དམངས་་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། སྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་་ཧྲུའུ་ཅི་སོག་རི་ཚེ་རིང་ནོར་བུ་དང་སྡེ་དམངས་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚཊ་བྱས་ནས་འཕྲལ་སྡོམ་ལས་དོན་གྱི་སྔོན་ཇུས་མགྱོགས་མྱུར་སྤེལ་ཞིང་། སྟོད་ཚེ་ཞང་སྟག་སེང་སྡེ་བ་གངས་སྐྱོན་གནས་ཚུལ་གྱི་སྒམ་འཁར་གོང་མ་དང་། སྒམ་མཁར་འོག་མ། གཉན་ཡག་ལ་ཁ། འབྲི་སྟོད་དང་རྫ་སྟོད་འབྲེལ་མཚམས་ཀྱི་རི་ཨ་སྟོང་། ཐར་ལམ་བུར་དར་ཆགས་པ་བཅས་ལ་གོ་རིམ་ལྡན་པའི་ངང་ནས་“སྡེ་དམངས་་ཀྱིས་གཟན་རྩྭ་སྐྱེལ་བ་དང་གངས་སེལ་ཤར་གཏོང་ཐུབ་པའི”བྱ་སྤྱོད་ཏན་ཏིག་སྤེལ་བ་རེད།
སྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོག་རི་ཚེ་རིང་ནོར་བུ་ཡིས་སྣེ་ཁྲིད་འོག་གྲང་ངར་ལ་མ་འཛེམ་པ་མི་སྣ་དང་རླངས་འཁོར་གྱི་བདེ་འཇགས་ལ་ལས་འཛོལ་མི་ཐོན་པའི་འགན་ལེན་བྱ་ཆེད། སྟོད་ཚེ་ཞང་སྟག་སེང་སྡེ་བའི་ཁ་གཏད་གཅོག་ཐབས་རབ་དང་རིམ་པ་སྤྱད་དེ་དུས་ཐོག་ཏུ་སྡེ་དམངས་འགྲོ་སྐྱོད་ཐད་ཐ་ཚིག་བསྒྲགས་ཡོད།
སྟོད་ཚེ་ཞངསྟག་སེང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གཟན་རྩྭ་གྲབས་གསོག་གི་ལས་དོན་ཧུར་ཐག་བསྒྲུབས་ནས་ཕྱུགས་རིགས་ལ་བཟའ་འབྲུ་གྲ་སྒྲིག་བྱས་ཏེ་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་དང་ཆབས་ཅིག་བདེ་འཇགས་ཀྱི་བྱ་ཐབས་སྤྱད་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ལ་ཕྱུགས་རིགས་ཀྱི་གཟན་རྩྭ་གྲབས་གསོག་བྱ་རྒྱུའི་དྲིལ་བསྒྲགས་དང་མཛུབ་ཁྲིད་ཤུགས་ཆེན་བྱས་ཡོད།