ཞིང་ཆེན་ཨུ་ལྷན་དང་རྫོང་ཨུད་ཀྱི་བླང་བྱ་ལྟར་སསྟོད་ཚེ་ཞང་སྟག་སེང་སྡེ་བའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་1ཚེས་16ཉིན་སྟོད་ཚེ་ཞང་སྟག་སེང་སྡེ་བའིི་མགོ་ཁྲིད་དང་ཏང་ཙུའུ་རྣམས་ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཆེད་དོན་ཀྱི་འཚོ་བའི་ཚོགས་འདུ་དང་ཏང་ཡོན་ལ་ངང་དཔྱད་གླེང་བྱེད་པ་དང་། ཏང་ཡོན་གྱི་བསམ་བློར་སློབ་སྦྱོང་དང་།ཏང་གཤིས་ཤུགས་ཆེན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་གཏོད་པ་བཅས་ཀྱི་སྤྱིའི་བླང་བྱ་སྐོང་ཚོགས་བྱས་ཏེ་ཆུས་སྲིད་གཞུང་གི་ཏང་ཙུའུ་ཡི་ཚན་ཁག་དང་མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས་གནད་དོན་འཚོལ་ཞིབ་དང་། སྟོད་ཚེ་ཞང་གི་ཧང་ཧྲུའུ་ཅུས་དང་སྟག་སེང་སྡེ་བའ་ིཧྲུའུ་ཅུས་གཞོན་པ་དཔལ་བོ་སོགས་འགོ་ཁྲིད་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
སྟོད་ཚེ་ཞང་སྟག་སེང་སྡེ་བའི་་ཏང་ཡོན་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་ཆེད་དོན་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཚོགས་འདུ་མ་འཚོག་གོང་ཏང་ཙུའུ་ཁག་གི་ཁོངས་མིས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱས་པ། སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱས་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གནད་དོན་གསེད་དཀྲོལ་བྱས་པ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་པ། ཚན་ཁག་གི་ཞིབ་བསྡུར་སྐྱོན་བཤེར་དཔྱད་ཡིག་དང་མི་སྒེར་གྱི་གནད་བསྡུས་ནན་ཏན་ངང་འབྲི་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
གསུང་བཤད་ཕྱོགས་སྡོམ་བྱེད་སྐབས་སྡེ་བའི་་ཏང་ཙུའུ་ཡི་ཚན་ཁག་གི་ཁོངས་མི་ཚོས་ད་ཐེངས་ཀྱི་ཆེད་དོན་གྱི་འཚོ་བའི་ཚོགས་འདུའི་གོ་སྐབས་དང་བསྟུན་ནས་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སློབ་སྦྱོང་གཏིང་ཟབ་དང་། རང་རྟོགས་ངང་ཚད་གཞི་དང་བསྟུན་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མིག་དཔེ་དང་དཔེ་སྟོན་བྱེད་དགོས། “སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པའི”ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་། ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། “སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བའི”ཐད་མུ་མཐུད་ཤུགས་རྒྱག་པ། ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིག་གི་ནུས་པ། དངོས་འཐབ་ནུས་པ་བཅས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། “སློབ་སྦྱོང་ལ་བརྟེན་ནས་སྲོལ་བཟང་དར་སྤེལ་གཏོང་བའི་”ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་གི་བྱས་རྗེས་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་“གཞི་རིམ་དུ་སྐྱོད་པ་བཞི་”ལག་བསྟར་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ། མཁོ་དགོས་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་མཐའ་འཁྱོངས་བྱེད་དགོས། “སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་མ་གཏོང་བའི”ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་རྣམ་གྲངས་ཚོང་འགུགས་དང་། གླིང་ཁུལ་འཛུགས་སྐྲུན། ཚན་རྩལ་གསར་གཏོད། གྲོང་ཁྱེར་གསར་སྒྱུར། གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ལས་ཀའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།